ལྷུང་བཟེད་ཀྱི་རུང་བ་ལྔ་
མཐོང་རིས་
རྒྱུའི་རུང་བ་ས་རྡོ་ལྕགས་གསུམ་གང་རུང་ལས་བྱས་པ། ཁ་དོག་གི་རུང་བ་བྱ་རོག་གི་མིག་ལྟར་ནག་པ། དབྱིབས་ཀྱི་རུང་བ་སྒོ་ང་ཕྱེད་བཅད་ལྟར་ཟླུམ་པ། ངོ་བོའི་རུང་བ་ལྷན་པ་ལྔ་ཡན་ཆད་མ་ཕོག་ཅིང་ལོངས་སྤྱོད་བཟོད་པ། ཆོ་གའི་སྒོ་ང་ནས་རུང་བ་བྱིན་གྱིས་བརླབས་པའོ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།