ལྷས་ནང་ཆུ་མིག་བརྒྱ་དང་བརྒྱད་
མཐོང་རིས་
དགའ་ལྡན་གྱི་མདུན་རིའི་ཤར་ངོས་ལྷས་ནང་ཟེར་བར་ཆུ་མིག་བརྒྱ་དང་བརྒྱད་ཡོད་པ་དེ་ནི་ཙོང་ཁ་པའི་ཕྱག་ཕྲེང་བྱ་ཁ་ཏས་འཁྱེར་བ་མཐོར་བས་ཕྲེང་རྡོག་རེར་ཆུ་མིག་རེ་སྐྱེས་པ་དང། འཁྱགས་པ་བཀྲ་ཤིས་ཟེར་བ་ཟླ་བ་དྲུག་པའི་ནང་མ་གཏོགས་བཞུར་གྱི་མེད་པ་དེ་ནི་ཕྲེང་བའི་མདུད་འཛིན་རེད་ཅེས་ཟེར་སྲོལ་ཡོད་འདུག
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།