ལྷའི་བུའི་བདུད་
མཐོང་རིས་
བདུད་བཞིའི་ཡ་གྱལ་ཞིག་སྟེ། དབུད་དགའ་རབ་དབང་ཕྱུག་སོགས་འདོད་ཁམད་ཀྱི་ལྷའི་བུ་རྣམས་སྐྱེ་བོ་གཞན་རྣམས་རང་ལས་ལྷག་པར་མི་གྱུར་སྙམ་པའི་ཕྲག་དོག་དབང་གིས་ཟག་པ་ཟད་བྱེད་ཀྱི་ལམ་མངོན་དུ་བྱེད་པའི་གང་ཟག་ལ་འདོད་ཡོན་རྣམས་ལ་ཆགས་པར་བྱེད་པའི་མདའ་ལྔ་ལ་སོགས་པ་འཕངས་ཏེ་བར་ཆད་བྱེད་པའི་རིགས་ཤིག་གོ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།