Jump to content

ལྷའི་ཆུ་ཡན་ལག་བརྒྱད་ལྡན་

ཡོང་ཁུངས་Wikipedia

《འདུལ་བ་ལུང》ལས་དྭངས་དང་བསིལ་དང་ཡང་དང་ཞིམ། །འཇམ་དང་དྲོ་དང་བསིལ་བ་བདེ། །འདི་དག་དྲི་མེད་ལྷ་ཡི་ཆུ། །ཡིད་འོང་ཡན་ལག་བརྒྱད་དུ་འདོད། །ཅེས་སོ། །མིའི་ཆུ་ཡན་ལག་བརྒྱད་ལྡན་ནི། 《དེ་ཉིད》ལས། གཙང་དང་འཇམ་དང་དག་པ་དང། །དྭངས་དང་བསིལ་དང་རྙོག་པ་མེད། །འཐུང་ན་ལྟོ་བ་མི་གནོད་དང། །མགྲིན་པ་ལ་ཡང་བྱམས་པ་སྟེ། །འདི་དག་ཡན་ལག་བརྒྱད་ལྡན་ཆུ། །ཞེས་པ་སྟེ། ༡.དྭངས། ༢.བསིལ། ༣.ཡང། ༤.ཞིམ། ༥.འཇམ། ༦.དྲོ། ༧.གཙང། ༨.བདེ་བཅས་སོ།


དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།