ལྷན་ཅིག་སྐྱེས་མའི་མཁའ་འགྲོ་
མཐོང་རིས་
གསང་སྔགས་ཀྱི་གཞུང་ནས། མཁའ་འགྲོ་ལ་རིགས་གསུམ(ཞིང་སྐྱེས་ཀྱི་མཁའ་འགྲོ་མ། སྔགས་སྐྱེས་ཀྱི་མཁའ་འགྲོ་མ། ལྷན་སྐྱེས་ཀྱི་མཁའ་འགྲོ་མ་བཅས)དུ་ཕྱེ་བའི་ནང་ཚན་ལྷན་སྐྱེས་ཀྱི་མཁའ་འགྲོ་མ་སྟེ། གསངགསྔགས་ཀྱི་ལམ་ལ་བརྟེན་ནས་སངས་རྒྱས་ཟིནཔའི་བུད་མེད་ཀྱི་རིགས་ལ་ཟེར། འདི་ལ་དོགས་པ་གཅོད་དགོས་པའི་གནད་མང་དུ་ཡོད་ཀྱང་འདིར་ཟུར་ཙམ་ཡང་འགོད་པར་མ་ནུསསོ། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།