ལྷན་ཅིག་ཏུ་འགྲོགས་པའི་འབྲས་བུ་
མཐོང་རིས་
སྐར་རྩིས་ཀྱི་གཞུང་ལས། རེས་གཟའ་བདུན་པོ་དེ་གཡོན་བསྐོར་དང། རྒྱུ་སྐར་ཉེད་བདུན་པོ་རླུང་འགྲོས་ཀྱིས་གཡས་བསྐོར་དུ་བགྲོད་པ་ལྷན་ཅིག་ཏུ་འཛོམས་པ་ན་འབྲས་བུ་བཟང་ངན་སྣ་ཚོགས་འབྱུང་བར་བཤད་ཅིང། དཔེར་ན། སྨན་རྩིས་ཁང་གིས་སྔ་ལོ་ལྕགས་བྱ་ལོའི་གནམ་དཔྱད་འབྲས་བཤད་མདོར་བསྡུས་བྲིས་པའི་ནང། གཟའ་བདུན་སོ་སོས་ལོ་གཅིག་རིང་འབྱུང་འགྲོས་དང་འཁྱོག་འགྲོས་ཀྱི་ཁྱད་པར་མ་བརྟེན་ནས་ཟླ་བ་སོ་སོར་ཆར་ཞོད་ཆེ་ཆུང་དང་རླུང་ཤུག། ཐན་པ། སེར་བ་སོགས་ཡོད་མེད་དང། ལོ་ཐོག་སྐྱེས་བཟང་ངན་སོགས་གསལ་བཤད་བྱས་པ་ལྟ་བུ་ཡིན།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།