ལྷག་མེད་མྱང་འདས་
མཐོང་རིས་
དབུ་མ་རང་རྒྱུད་མན་ཆད་ཀྱིས་སྐུ་ཚེ་འདུ་བྱེད་བཏང་སྟེ། ཕུང་པོའི་ལྷག་མ་མེད་པར་མྱ་ངན་ལས་འདའ་བ་སྟེ། ཉོན་མོང་ཐམས་ཅད་སྤངས་ཤིང་ཚེ་འཕོས་པས་སྨིན་ཕུང་པོའི་རྒྱུན་ཆད་དེ་སྡུག་བསྔལ་ལམ་ཕུང་པོའི་ལྷག་མ་ཅུང་ཟད་ཀྱང་མ་ལུས་པར་མྱ་ངན་ལས་འདའ་བའོ། །བྱེ་བྲག་སྨྲ་བས་དགྲ་བཅོམ་པ་གྲོངས་ཕན་ཆད་རིག་པ་ཕྱི་མ་མཚམས་སྦྱོར་བར་འདོད་པས། སངས་རྒྱས་དང་དགྲ་བཅོམ་པ་རྣམས་ལྷག་མེད་དུ་མྱ་ངན་ལས་འདས་པའི་ཚེ་བུད་ཤིང་ཟད་པའི་མེ་བཞིན་དུ་བེམ་རིག་རྒྱུན་ཆད་པར་འདོད། དེས་ན་ལྷག་བཅས་མྱང་འདས་ཀྱི་ཚེ་མྱོན་མོངས་ཅན་གྱི་སྒྲིབ་པ་མ་ལུས་པར་སྤངས་པ་ཡོད། ལྷག་མེད་མྱང་འདས་ཀྱི་ཚེ་དེ་གཉེན་པོའི་སྟོབས་ཀྱིས་བཅོམ་པ་མ་ཡིན་ཀྱང། དེ་མེད་དེ། ལྷག་མེད་མྱང་འདས་ཀྱི་ཚེ་ཉོན་མོངས་དེ་རྣམས་ཀྱི་རྟེན་རིག་པ་རྒྱུན་ཆད་པ་ཡིན་པའི་ཕྱིར་རོ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།