ལྷག་པའི་དམ་ཚིག་གསུམ་
དེ་ལ་གསུམ་སྟེ། རང་བཞིན་ལྟ་བའི་དམ་ཚིག་བཞི(ཨ་ནུ་ཡོ་ག་ལས) སྤྱོད་པ་རྒྱུན་གྱི་དམ་ཚིག་བཞི། གལ་མདོ་ངེས་པའི་དམ་ཚིག་བཞིའོ། །དང་པོ་རང་བཞིན་ལྟ་བའི་དམ་ཚིག་བཞི་ལ་སྟེ། ཁམས་གསུམ་བྱང་བསྒྱུར། དུས་གསུམ་རྩ་བསྒྱུར་ འཁོར་བ་གནས་བསྒྱུར། སྲིད་གསུམ་ཡོངས་སྒྲོལ་དུ་ལྟ་བའོ། །གཉིས་པ་སྤྱོད་པ་རྒྱུན་གྱི་དམ་ཚིག་བཞི་སྟེ། དགྲ་བཞི་སྤང་བ་ནི། ལེ་ལོའི་དགྲ། གཉིད་ཀྱི་དགྲ། མྱོས་གྱུར་གྱི་དགྲ། གསང་བའི་དགྲ་སྤང་བའོ། གསུམ་པ་གལ་མདོ་ངེས་པའི་དམ་ཚིག་ལ་བཅུ་གཉིས་ཏེ། དམ་ཉམས་པའི་མདོ་བཞི། མ་ཁྲེལ་བའི་ཚུལ་བཞི། མཐར་ཕྱིན་པའི་རྟགས་བཞི། དང་པོ་ནི། རྩལ ལག། ཟླས་མ། ཞལ་གྱིས་མ་ཉམས་པ་བཞིའོ། །གཉིས་པ་ནི། སློབ་དཔོན། མཆེད། ལྕམ། ཡིད་དམ་རང་སེམས་ཀྱིས་མ་ཁྲེལ་བཞིའོ། །གསུམ་པ་ནི། དམན་འདུ་ཞིང་མཐུ་རྩལ་ཆེ་བ་དང། བྱིན་རླབས་ཆེ་ཞིང་རིག་པ་ཆགས་པ་དང། ཡིད་འོང་སབྱུང་ཞིང་འདོད་པ་འགྲུབ་པ་དང། མང་པོས་བཀུར་ཞིང་གྲགས་པ་ཐོབ་པ་བཞིའོ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།