ལྷག་གནས་
མཐོང་རིས་
རབ་གནས་ཞེས་པ་དང་དོན་འདྲ་ཞིང་ལྷ་སྐུ་སོགས་དམ་ཚིག་སེམས་དཔའ་པ་ལ་ཡི་ཤེས་སེམས་དཔའ་སྤྱན་འདྲེན་པའི་ཕྱིར་དུ་དམ་ཚིག་སེམས་དཔའ་གནས་པའི་བགེགས་སོགས་བསྐྲད་དེ་ཁྲུལ་གསོལ་ཞིང། གསར་དུ་སྤྱན་འདྲེན་པའི་ཡི་ཤེས་སེམས་དཔའ་ལ་དབང་བསྐུར་ཏེ་དམ་ཚིག་སེམས་དཔའ་ལ་བསྟིམ་པ་ནི་རབ་གནས་ཀྱི་གཙོ་བོ་ཡིན།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།