Jump to content

ལྷ་སྲུང་དཔང་དུ་བྱས་ནས་མནའ་སྒོག་པ་

ཡོང་ཁུངས་Wikipedia

འདི་ནི་བརྫུན་ཤོད་མི་ཆོག་པའི་ཁྲིམས་ཡིན་ཏེ་ཡོངས་གྲགས་སུ་བསྙིན་ཧམ་མནའ་དག་གི་ཞལ་ལྕེ་ཟེར། ཁྲིམས་ཁང་ནང་ཞུ་གཏུགས་བྱེད་མཁན་ཕྱོགས་གཉིས་ནས་ཤོད་པའི་སྐད་ཆར་ཧམགབརྫུན་གཡོ་འགེབས་ཡོད་མེད་བརྟག་པའི་ཆེད་དུ་རང་སོ་སོའི་ལྷ་དང་སྲུང་མའི་མདུན་དུ་སོང་ནས་མནའ་སྐྱེལ་དུ་བཅུག་པ་ཞིག་ཡིན། དེ་ཡང་མནའ་སྐྱེལ་མཁན་གྱི་མནའ་མིའི་གྲས་སུ། ༡.གསེར་བྱ་ངང་པ་རྙི་ལ་མ་འཛིན་ཞེས་བླ་མ་དང་དགེ་བའི་བཤེས་གཉེན་གྱིས་མནའ་སྐྱེལ་མི་ཆོག་པས་མནའ་མིར་མི་བསྡུ་བ་དང། ༢.ཕོ་རོག་ནག་པོ་རྡོ་མ་རྒྱག་ཞེས་པ་མི་ངན་ཧམ་སེམས་ཅན་དང་དབུལ་ཞིང་ཕོངས་པ་རྣམས་ནོར་གྱི་དོན་དུ་མནའ་ཟ་བས་མནའ་མིར་མི་བསྡུ་བ་དང་། ༣.དུག་སྦྲུལ་ནག་པོ་ཐུར་ལ་མ་རྒྱུག་ཅེས་པ་སྔགས་པ་སྔགས་ཀྱི་ནུས་པ་ལ་བརྟེན་ནས་མནའ་ཟ་བའི་ཉེས་པ་སེལ་ཐུབ་པས་མནའ་མིར་མི་བསྡུ་བ་དང་། ༤.ཁྱི་མོ་ཚང་མ་ལ་དབྱུག་པ་མ་འཕྱར་ཞེས་པ་བུད་མེད་བུ་ཕྲུག་ཡོད་པ་རྣམས་ཀྱིས་རང་གི་བུ་ཕྲུག་གི་དོན་དུ་མནའ་ཟ་བས་མནའ་མིར་མི་བསྡུ་བ་དང་། ༥.གཡུ་ཆུང་དྲུག་དཀར་རྩར་ལ་མ་རྒྱུ་ཞེས་བྱིས་པ་ཆུང་ངུ་བསམ་ཤེས་མེད་པས་མནའ་མིར་མི་བསྡུ་བ་བཅས་ཡིན། མནའ་མིར་འོས་པའི་མི་ནི་གནས་ཚུལ་ཤེས་ཤིང་ཆ་འཇོག་འོས་པ། ལས་འབྲས་ལ་བརྩི་བ། འགག་རྩའི་དོན་གནད་ལ་སོ་སོའི་ཕྱོག་སདང་མཐུན་པ་ཞིག་དགོས་པ་དང། མནའ་སྐྱེལ་ཡོ་བྱད་སྣུམ་ཁོལ་མ། རྡེའུ་དཀར་ནག བཀྲབ་སླང་སོགས་དགོས་པ་དངོས་གཞི་མནའ་སྐྱེལ་སྐབས་ཀྱི་བྱེད་སྒོ་སོགས་ཞིབ་པར《བོད་ཀྱི་དུས་རབས་རིམ་བྱུང་གི་ཁྲིམས་ཡིག་ཕྱོགས་བསྡུས》དེབ་དང་པོའི་ནང་གསལ།


དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།