ལྷ་སྲིན་སྡེ་བརྒྱད་
མཐོང་རིས་
གཤིན་རྗེ་གཤེད་ཀྱི་རྒྱུད་དུ་གཤིན་རྗེ། མ་མོ། གནོད་སྦྱིན། མི། ས་བདག བཙན་བདུད་ཅེས་བཤད་པ་དང། གཞན་དུ་ལྷ། ཀླུ། གནོད་སྦྱིན། དྲི་ཟ། ལྷ་མིན། ནམ་མཁའ་ལྡིང། མིའམ་ཅི། ལྟོ་འཕྱེ་ཆེན་པོཞེས་གྲགས། ཡང་ན། ༡.གཤིན་རྗེ། ༢.མ་མོ། ༣.བདུད། ༤.བཙན། ༥.རྒྱལ་པོ། ༦.ཀླུ། ༧.གནོད་སྦྱིན། ༨.གཟའ་བཅས་ལས་མྱུར་མགྱོགས་ཀྱི་ལྷ་སྲིན་སྡེ་བརྒྱད་རྣམས་སོ། །གཞན་ཡང། ༡.ཕྱིའི་ལྷ་སྲིན་སྡེ་བརགྱད། ༢.ནང་གི་ལྷ་སྲིན་སྡེ་བརྒྱད། ༣.གསང་བའི་ལྷ་སྲིན་སྡེ་བརྒྱད། ༤.སབས་པའི་ལྷ་སྲིན་སྡེ་བརྒྱད། ༥.བསྟན་པ་སྐྱོང་བའི་ལྷ་སྲིན་སྡེ་བརྒྱད། ༦. དྲག་པོ་སྔགས་ཀྱི་ལྷ་སྲིན་སྡེ་བརྒྱད། ༧.བརྟགས་ཤིང་ཆགས་པའི་ལྷ་སྲིན་སྡེ་བརྒྱད། ༨.ལས་མྱུར་མགྱོགས་ཀྱི་ལྷ་སྲིན་སྡེ་བརྒྱད་དེ་ཁག་བརགྱད་དུ་དབྱེ་སྲོལ་ཡང་ཡོད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།