Jump to content

ལྷ་སྲས་ལྗང་ཚ་ལྷ་དབོན་

ཡོང་ཁུངས་Wikipedia

རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་དང་བཙུན་མོ་འཇང་བཟའ་ཁྲི་བཙུན་གཉིས་ཀྱི་སྲས་ཡིན། 《རྦ་བཞེད》ལས་སྲས་འདིའི་མནའ་མར་རྒྱ་བཟའ་ཅིན་ཁྲེན་ཀོང་ཇོ་བླངས་ཀྱང་རྒྱ་བཟའ་ལྷ་སར་མ་འབྱོར་གོང་དུ་སྲས་འདིས་རྟ་རྒྱུག་སྐབས་རྟས་གཡུགས་ཏེ་གྲོངས་ཞེས་གསལ། ལོ་རྒྱུས་འགའ་ཞིག་ཏུ་སྲས་འདིའི་མནའ་མར་གཉགས་རིགས་ཀྱི་བུ་མོ་མ་བླངས་པའི་ཞེ་ནད་ལ་བརྟེན་ནས་བོན་གྱི་སྔགས་པས་ཟེར་མདའ་འཕངས་པ་ཕོག་ཏར་རྟ་འདྲོགས་ནས་རྟ་ཐོག་ནས་ལྷུང་སྟེ་འདས་པར་བཤད།


དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།