Jump to content

ལྷ་འབབ་ཀྱི་གནས།

ཡོང་ཁུངས་Wikipedia

ལྷ་འབབ་ཀྱི་གནས།

སླར་བལ་རམ་པུར་ནས་ལག་ནའོ་དང་དེ་ནས་པ་ཁ་ན་བར་དང་དེ་ནས་མེ་ལེ་འགའ་ཙམ་སོང་ནས་སང་ཁ་ལ་ས་སླེབས། དེ་ནི་སྟོན་པས་ཡུམ་ལ་ཆོས་གསུངས་པའི་སླད་དུ་ལྷ་ཡུལ་དུ་དབྱར་གཅིག་བཞུགས་ཤིང་སླར་འཛམ་གླིང་དུ་བབས་པའི་གནས་ཡིན། དེར་སྔོན་བཙུན་པ་ཐང་ཟན་གྱིས་གཟིགས་པའི་མྱ་ངན་མེད་ཀྱི་རྡོ་རིང་གི་ཏོག་གླང་ཆེན་གྱི་གཟུགས་ཤིག་ས་མིག་ལྟ་བུར་ཡོད།

དེ་ལྟར་གོང་དུ་བཤད་པའི་གནས་འདི་དག་ནི་ཡོངས་སུ་གྲགས་པའི་གནས་ཆེན་རྣམས་ཀྱི་གཙོ་བོ་ཡིན་ཅིང་ཕན་ཚུན་དེ་ཙམ་གྱི་ཐག་རིང་ཀྱང་མིན་པས་ཅིས་ཀྱང་མཇལ་ཐུབ་པ་ལ་འབད་པར་བྱའོ། །