Jump to content

ལྷ་མིག་གི་མངོན་ཤེས་

ཡོང་ཁུངས་Wikipedia

མངོན་ཤེས་དྲུག་གི་ནང་ཚན་ཞིག་སྟེ། རང་གི་བདག་རྐྱེན་དུ་གྱུར་བའི་ལྷའི་མིག་དབང་ལ་བརྟེན་ནས་སྐྱེས་ཤིང་འཇིག་རྟེན་ཁམས་ཀྱི་གཟུགས་ཕྲ་རགས་མངོན་སུམ་དུ་མཐོང་བ་ཞིག་གོ །དཔེར་ན་ཤི་ནས་གར་སྐྱེས་ཀྱི་གཟུགས་ལ་སོགས་པ་ཡུལ་དུས་ཀྱིས་བསྐལ་བའི་ལྐོག་གྱུར་གྱི་གཟུགས་ཀྱང་མཐོང་བ་ལྟ་བུའོ།


དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།