Jump to content

ལྗད་ཟི་རོལ་མོ

ཡོང་ཁུངས་Wikipedia

ལྗད་ཟི་རོལ་མོ Jazz

རོལ་མོའི་འགྲོས་རྡེབ་ནི་སྤྱིར་བཏང་གི་ངེས་སྲོལ་ལྟར་ན་དྲག་པ་སྔོན་དང་ཞན་པ་ཕྱི་ན་ཡོད་དགོས་མོད་ཀྱི། ལྗད་ཟི་རོལ་མོ་ཞེས་པ་ནི་དྲག་ཞན་གོ་ལྡོག་ནས་རོལ་དབྱངས་ཉིད་སྤྱི་ཆ་ནས་ལྷོད་ཅིང་ལྷུག་པའི་གྲུབ་ཚུལ་དང་། གདངས་ཚད་དམིགས་བསལ་ཆེ་བ། གང་དགའི་རྡུང་དཀྲོལ་བྱེད་པ་བཅས་བྱས་ཆོག་པ་རེད།

ངོ་སྤྲོད།

[རྩོམ་སྒྲིག]

རོལ་མོའི་འགྲོས་རྡེབ་ནི་སྤྱིར་བཏང་གི་ངེས་སྲོལ་ལྟར་ན་དྲག་པ་སྔོན་དང་ཞན་པ་ཕྱི་ན་ཡོད་དགོས་མོད་ཀྱི། ལྗད་ཟི(Jazz)རོལ་མོ་ཞེས་པ་ནི་དྲག་ཞན་གོ་ལྡོག་ནས་རོལ་དབྱངས་ཉིད་སྤྱི་ཆ་ནས་ལྷོད་ཅིང་ལྷུག་པའི་གྲུབ་ཚུལ་དང་། གདངས་ཚད་དམིགས་བསལ་ཆེ་བ། གང་དགའི་རྡུང་དཀྲོལ་བྱེད་པ་བཅས་ཀྱི་ནང་དུ་གཅིག་གྱུར་བྱས་ཡོད་པ་རེད། ལྗད་ཟི་རོལ་མོ་ནི་དུས་རབས19པའི་དུས་མཇུག་དང་དུས་རབས20པའི་དུས་མགོར་ཨ་རིའི་ནེའུ་ཨོར་ལིའང་ས་ཆར་བྱུང་ཞིང་དར་བའི་ཀུན་ཁྱབ་རོལ་མོ་ཞིག་ཡིན་པ་དང་། མི་ནག་བྲན་གཡོག་གི་ཁྲོད་ནས་དར་བ་རེད། མི་ནག་ཚོས་ཨ་ཧྥེ་རི་ཁའི་རོལ་མོ་དང་ཡོ་རོབ་ཀྱི་རོལ་མོ་གཉིས་ཟུང་འབྲེལ་བྱས་ཏེ། རྣོ་སྦྲེང་དང་རྡུང་དཀྲོལ་རོལ་ཆས་ཀྱིས་གང་དགར་དཀྲོལ་ནས་དམིགས་བསལ་གྱི་སྲོལ་རྒྱུན་དང་ལྡན་པའི་རོལ་མོའི་རྣམ་པ་གྲུབ་པ་དང་། ཐོག་མའི་སྐབས་སུ་བྱུང་བ་ནི་ལ་ཀོ་ཐའེ་མུ་ལྗད་ཟི་ཟེར་བ་དེ་ཡིན། དེའི་དཔེ་མཚོན་ནི་ལ་ཀོ་ཐའེ་མུ་རོལ་མོ་བ་སི་ཀོ་ཐེ་མ . ཆའོ་ཕུ་ལིན་དང་ཁོང་གི་བརྩམས་ཆོས་གྲགས་ཅན《ཤིང་ལོ་མའི་ལ་ཀོ་ཐའེ་མུ》ཞེས་པ་དེ་ཡིན། པུའུ་ལུའུ་སི་ལྗད་ཟི་སྟེ་མིང· དབྱངས་ནི་མི་ནག་གི་སྐྱོ་གླུའི་ནང་གི་གདངས་ཕྱེད་ཀ་དམའ་བའིmiདངsiགཞི་བྱས་ཡོད་ལ། དེ་ནས་རིམ་གྱིས་ཨ་རིའི་ལྷོ་རྒྱུད་ཀྱི་རོལ་མོ་དང་ཟུང་འབྲེལ་བྱས་ཤིང་། རག་གི་འབུད་དཀྲོལ་རོལ་ཆས་ཉུང་ངུ་གང་དགར་དཀྲོལ་རྒྱུ་དེས་རྣོ་སྦྲེང་གི་ཚབ་བྱས་ཡོད་པ་རེད། སྐད་གྲགས་ཆེ་ཤོས་ཀྱི་པི་ལུའུ་སིའི་གླུ་མ་ནི་པའེ་སེ་སི་མེ་ཟི་བྱ་བ་ཡིན་ལ། ཁོང་མོས་བླངས་པའི《སནྡ་ལོ་ཡེ་སི་པི་ལུ་སི》ཞེས་པ་ཁྱབ་གདལ་ཆེན་པོ་བྱུང་བའི་པི་ལུ་སིའི་མཛད་ཆོས་ཡིན།

བྱུང་འཕེལ།

[རྩོམ་སྒྲིག]

དུས་རབས20པའི་ལོ་རབས20པར། ལྗད་ཟི་རོལ་མོ་ཉིད་ཨ་རིའི་ཀྲི་ཅ་ཀོ་ས་ཆར་ཚ་ལྷོག་ལྷོག་ཏུ་དར་བ་དང་། སྐབས་དེའི་ལྗད་ཟི་རོལ་མོ་ལས་ཁོ་སི་དང་དུང་ཆུང་སོགས་རྐྱང་དཀྲོལ་རོལ་ཆས་ཀྱི་འཁྱུག་སྒྲའི་དཀྲོལ་རྩལ་གཟེངས་སུ་བཏོན་ཡོད་པ་དང་། དེ་མིན་ད་དུང་བསྲེས་མ་ཅན་གྱི་རོལ་མོ་ཚོགས་པའི་དཀྲོལ་ལུགས་བྱུང་བ་རེད། དེས་ལྗད་ཟི་རོལ་མོའི་བསྐལ་བ་ཤར་བ་མཚོན་ཡོད། དེའི་རྗེས་ཀྱི་ལོ་ངོ་ཉི་ཤུ་སུམ་ཅུའི་རིང་ལ་ལྗད་ཟི་རོལ་མོ་ཉིད་འགྲོས་ཚིགས་མགྱོགས་ལ་རྫུས་སྐད་ཀྱིས་ལེན་པའི་པི་པོ་ཕུའི་ལུགས་དང་། སྙོམ་ལ་འཇགས་པའི་གྲང་བའི་ལྗད་ཟི་ཡི་ལུགས། གློག་གི་རོལ་ཆས་ཀྱིས་དཀྲོལ་བ་དང་འགྲོས་ཚིགས་ཉམས་དམས་སུ་བཏང་བའི་རང་མོས་ལྗད་ཟི་ཡི་ལུགས་སོགས་བྱུང་ཡོད། རོལ་མོའི་རྩོམ་པ་པོ་ཁོ་ཧྲི་ཝུན་གྱིས་མཛད་པའི་སྦུག་རྒྱུད་ལྗད་ཟི《འཆར་ཡན་གྱི་གདངས་དབྱངས་སྔོན་པོ》ཞེས་པས་དུང་ཆུང་དང་ཀེ་ཐ་དང་རྡུང་དཀྲོལ་རོལ་ཆས་སོགས་རོལ་ཆས་གཙོ་བོ་བྱེད་པའི་སྲོལ་རྒྱུན་གྱི་ལུགས་ཐོད་བརྒལ་བྱས་ཡོད་པས་ལྗད་ཟི་རོལ་མོ་ཉིད་འཛམ་གླིང་ལ་ཕྱོགས་པའི་སྔོན་གྲལ་དུ་སོང་ཡོད་པ་རེད།