ལྗགས་སྨིན་གསོལ་མར་
མཐོང་རིས་
ལྗགས་སྨིན་གསོལ་མར།
[རྩོམ་སྒྲིག]དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ལྷ་སའི་ཞོལ་པ་ལས་ཁུངས་ནས་རྩེ(ཏཱ་ལའི་བླ་མ)གསོལ་ཐབ་ཏུ་ལྗགས་སྨིན་གསོལ་མར་ཞེས་ཉིན་ལྟར་མར་སོས་པ(དཀར་ལྡི་ཞེས་ཕལ་ཆེར་རྒྱ་མ་བདུན་བརྒྱད་ཙམ)འབུལ་དགོས་པ་དེ་ཚོ་ལྗགས་སྨིན་ཤེ་མ་ཞེས་པ་མར་གྲོ་གཟི་སྤག་དང་། རིན་ཆེན་གླིང་། ལྕང་གཤོངས། རུ་ཐོག་སོགས་སུ་འབྲོག་པ་ཡོད་སོ་སོས་ནམ་དུས་རེས་མོས་ཀྱིས་འབུལ་དགོས་རྣམས་གསོལ་མར་ཨའུ་ཞེས་མི་གཉིས་ཡོད་པར་ཞོལ་ཆིབས་ར་ལས་ཁུངས་ནས་བཞོན་རྟ་དང་། ལྗགས་སྨིན་གསོལ་མར་བླུག་སྒམ་འགེལ་རྟ་གཡེར་ཁ་དང་སྒ་ཆས་ཆ་ཚང་གཏོང་དགོས་པའི་ཐོག་ས་གནས་སོ་སོའི་ལྗགས་སྨིན་དཀར་ཁང་ནས་ཉིན་ལྟར་རེས་མོས་ཀྱིས་འབུལ་དགོས་པ་དེ་དག་ཞོལ་ལས་ཁུངས་ཀྱི་ནང་གཟན་གསོལ་མར་ཞལ་ངོས་རྩེ་གསོལ་ཐབ་ཏུ་འབུལ་བར་འགྲོ་སྲོལ་ཡོད།