Jump to content

ལོར་ཁང་ལས་ཁུངས་

ཡོང་ཁུངས་Wikipedia

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཀྱི་ཚན་པ་ཞིག་སྟེ། རབ་བྱུང་བཅོ་ལྔ་པའི་ས་རྟ་(༡༩༡༨)ལོར་གསར་དུ་བཙུགས་ཤིང། ཚུགས་ཡུལ་ནི་ཕྱིས་ཀྱི་ས་གནས་སྲིད་གཞུང་གི་ཕྱི་རྒྱལ་ལས་ཁུངས་ཟེར་བའི་བྱང་ངོས་ཁང་པ་དེ་ཡིན་པ་དང། དོ་དམ་མི་སྣ་གུང་གཅིག་དང་མཁན་དྲུང་གཅིག་བསྐོ་སྲོལ་དང་ལས་བྱ་སེར་སྐྱ་བཞི་ཙམ་ཡོད། དེ་སྔ་སྲིད་གཞུང་གི་གྲོན་དངུལ་བཅུ་གསུམ་ཞོ་དྲུག་སོགས་ཀྱི་ཊམ་དཀར་ཁོ་ན་ལས་མེད་ཀྱང་། ཕྱིས་ཨར་ལས་འཛུགས་སྐྲུན་དང། སྨན་རྩིས་ཁང། དམར་སྒར་ཁག་སོགས་གཞུང་དངུལ་གཏོང་གྲོན་ཆེ་སྟབས་ཤོག་དངུལ་དང། ཟངས་ཊམ་གསར་དུ་པར་རྒྱག་བྱས་པ་དང། ཊམ་དཀར་ཡང་ཁ་རིས་དགའ་ལྡན་ཕོ་བྲང་འཁོད་པ་གསར་བཅོས་བྱས། བོད་ལོར་གྱི་གཡས་ཟུར་དུ་ལོར་ཁང་གི་ལས་ཐམ་གྲུ་ནར་ཞིག་ཕབ་ཐོག་དགོས་དངུལ་སྤྲོད་དགོས་པའི་ལས་ཁུངས་ཁག་ལ་བཀའ་ཤག་ནས་བཀའ་དམ་འབྱར་མའི་བཀའ་འཛིན་ཐོན་མཚམས་ལོར་ཁང་ལས་ཁུངས་ནས་དངུལ་འབབ་གྲངས་ཚད་སྤྲོད་དགོས་པ་བཅས་རེད། ཕྱིས་སུ་ལས་ཁུངས་འདི་གྲ་བཞི་དངུལ་པར་ཁང་དུ་བསྒྲིལ་ཏེ་ཁུ་བསྡུ་བྱས་སོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།