Jump to content

ལོང་བ་

ཡོང་ཁུངས་Wikipedia

ལོང་བ་ནི་བོད་ཀྱི་ནང་པའི་གཞུང་ལུགས་ནང་གི་ཐ་སྙད་གལ་ཆེ་བ་ཞིག་ཡིན་ཏེ། མིག་གི་དབང་པོ་མེད་པའམ་མིག་གི་སྣང་བ་ལ་ཐོགས་པ་ཡོད་པའི་སེམས་ཅན་དང་། ཡེ་ཤེས་ཀྱི་མིག་མེད་པའི་དཔེ་གཏུགས་སུ་སྤྱད་པ་གཉིས་ཀའི་སྒོ་ནས་སྤྱོད་ཀྱི་ཡོད།

སྒྲ་བཤད།

[རྩོམ་སྒྲིག]

ལོང་བ་ཞེས་པ་ནི་མིག་དབང་གི་ནུས་བ་ཉམ་པའམ་གཟུགས་མཐོང་མི་ཐུབ་པ་ལ་གོ བ་ནི་བདག་སྒྲ་དེ་གང་ཟག་ལ་གོ་བ་ཡིན། ལུས་ཀྱི་དབང་པོའི་ནང་ནས་མིག་གི་དབང་པོའི་ནུས་ཉམས་སེམས་ཅན་ལ་ལོང་བ་ཞེས་ཁྱད་པར་དུ་འབོད་པ་ཡིན།

དཔེ་མཚོན།

[རྩོམ་སྒྲིག]

ཕྱག་དར་གྱི་ཕུང་པོ་ནས་ནོར་བུ་རྙེད་པའི་དཔེ། ལོང་བ་དང་འབྲེལ་བའི་དཔེ་མཚོན་གྲགས་ཅན་ཞིག་ཡོད་དེ། "ལོང་བས་ཕྱག་དར་གྱི་ཕུང་པོ་ལས་ཇི་ཞིག་ལྟར་རིན་ཆེན་རྙེད་པ་ལྟར་དེ་བཞིན་དུ་ཇི་ཞིག་ལྟར་སྟེས་ནས་ཏེ་སྟེས་དབང་གིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་བདག་ལས་སྐྱེས་པ་ནི་ངེས་པར་སངས་རྒྱས་ཀྱི་མཐུའོ།"[] ཞེས་གསུངས་འདུག། འདི་ནི་བྱང་ཆུབ་སེམས་རྙེད་པའི་དཀའ་ལས་བསྟན་པའི་དཔེར་དྲངས་པ་ཡིན།

རུས་སྦལ་དང་གཉའ་ཤིང་གི་དཔེ། དཔེ་མཚོན་གཞན་ཞིག་ལ། "རུས་སྦལ་ལོང་བ་གཅིག་ཡོད་ལ་རུས་སྦལ་ཡང་ལོ་བརྒྱ་བརྒྱ་ཞིང་མགྲིན་པ་འདེགས་པར་གྱུར་ན་དགེ་སློང་དག་ཇི་སྙམ་དུ་སེམས། རྒྱ་མཚོ་ཆེན་པོའི་གཉའ་ཤིང་གི་བུ་གར་རུས་སྦལ་གྱི་ མགྲིན་པ་ཆུད་པ་དེ་རྙེད་པར་སླ་བ་ཡིན་ནམ།"[] ཞེས་གསུངས་བ་ལྟར་རས་སྦལ་ལོང་བ་མིག་དབང་གི་ནུས་ཉམ་པས་གཉའ་ཤིང་གི་བུ་གར་མགྲིན་པ་ཆུད་དཀའ་བར་བསྟན། རྒྱུ་མཚན་རས་སྦལ་ལོང་བ་ཡིན་པའི་ཕྱིར།

སྤྱོད་ཚུལ།

[རྩོམ་སྒྲིག]

དམིགས་བསལ་གྱི་སྤྱོད་ཚུལ། ལོང་བ་ཞེས་པ་དེ་ཆོས་ཀྱི་སྐབས་སུ་ཁྱད་པར་ཅན་གྱི་སྤྱོད་ཚུལ་འདྲ་མིན་དུ་བེད་སྤྱོད་གཏོང་གི་ཡོད། དཔེར་ན། "འགྲོ་བ་འདི་རྣམས་བླང་དོར་ལ་ལྟ་བའི་བློ་གྲོས་ཀྱི་མིག་མ་རིག་པའི་མུན་པས་ལྡོངས་པར་ཏེ་མིག་ལོང་བ་ལྟ་བུའི་གནས་སུ་མི་འགོད་ཅིང་མི་ཤེས་པའི་མུན་པ་བསལ་ནས་འཇུག་ལྡོག་གི་གནས་ཇི་ལྟ་བ་བ་བཞིན་དུ་གསལ་བར་བགྱི་"[]ཞེས་གསུངས་བ་ལྟར་འདིས་ནི་སེམས་ཅན་རྣམས་མ་རིག་པའི་སྒོ་ནས་ལོང་བ་ལྟ་བུར་འགྱུར་བ་མ་ཡིན་པར་ཤེས་རབ་ཀྱིས་གསལ་བར་མཐོང་དགོས་པ་བསྟན་ཡོད།

སྨོན་ལམ།

[རྩོམ་སྒྲིག]

ལོང་བ་ལ་ཕན་པའི་སྨོན་ལམ་ལ་ཡང་། "ལོང་བ་རྣམས་མིག་འབྱེ། འོན་པ་རྣམས་རྣ་བ་དག སྨྱོས་པ་རྣམས་དྲན་པ་རྙེད། གཉིད་ཀྱི་ལོག་པ་རྣམས་སད་དེ། ཐམས་ཅད་དགེ་བའི་བསམ་པ་རྫོགས་པར་འགྱུར་"[]ཞེས་གསུངས་བ་ལྟར་ལོང་བས་གཟུངས་མཐོང་བར་སྨོན་ལམ་བཏབ་པ།

སྨོན་ལམ་གཞན་ཡང་། "འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་མིག་ལོང་བའི་ལོ༷ང་བ༷་ཇི་སྙེད་ཡོད་པ་དང་དེའི་རྒྱུ་བསྒྲུབ་པ་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་ཐམས་ཅད་དང་བྲལ་ནས་"[]ཞེས་སྨོན་ལམ་བཏབ་པའང་ཡོད།

དཔེ་ཉིད་དུ་བེད་སྤྱོད།

[རྩོམ་སྒྲིག]

ལོང་བ་ནི་དཀའ་ལས་དང་ནུས་པ་མེད་པའི་དཔེ་ཉིད་དུ་ཡང་བེད་སྤྱོད་གཏོང་གི་ཡོད། "ལོང་བ་གཅིག་གིས་མ་མཐོང་བའི་ལམ་མང་པོ་རྣམས་ཀྱིས་ཀྱང་མཐོང་བར་ནུས་པ་མ་ཡིན་ནོ། །"[]ཞེས་འཁོད་འདུག།

བསྡུས་དོན།

[རྩོམ་སྒྲིག]

ལོང་བ་ཞེས་པ་ནི་མིག་མེད་པའམ་མཐོང་ནུས་པ་མེད་པའི་མི་ལ་ཟེར་བ་ཞིག་ཡིན། དཔྱད་གཞི་ཁག་ནས་བལྟས་ན། ལོང་བ་འདི་ཆོས་ཀྱི་སྐབས་སུ་དཔེ་མཚོན་དམ་དམིགས་བསལ་གྱི་སྨོན་ལམ་གྱི་ཡུལ་དུ་འགྱུར་ཞིང་། བྱེད་པ་པོ་དཀའ་ལས་ཅན་གྱི་དཔེ་ཉིད་དུ་ཡང་བེད་སྤྱོད་གཏོང་གི་ཡོད་པ་མཐོང་ཐུབ། ཁྱད་པར་དུ་བྱང་ཆུབ་སེམས་རྙེད་པའི་དཀའ་ལས་དང་མི་ལུས་ཐོབ་པའི་དཀའ་ལས་བསྟན་པའི་དཔེ་མཚོན་དུ་གཙོ་བོ་བེད་སྤྱོད་གཏོང་གི་ཡོད། འདི་ལས་བསྟན་པ་ནི་ལོང་བ་ལྟ་བུའི་ཐེ་ཚོམ་མེད་པའི་འགལ་རྐྱེན་གྱི་གནས་ཚུལ་འོག་ནས་ཀྱང་ངོ་མཚར་ཆེན་པོ་མྱོང་ཐུབ་ཅིང་། དགེ་བ་ལ་འབད་པར་བྱེད་དགོས་པའི་གལ་ཆེ་བ་སྟོན་པར་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། 59
  2. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། 55
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། 153-154
  4. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས། 732
  5. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། 696
  6. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 469
"https://bo.wikipedia.org/w/index.php?title=ལོང་བ་&oldid=153192"ལས་སླར་རྙེད་སོང།