Jump to content

ལོག་པ་བརྒྱད་

ཡོང་ཁུངས་Wikipedia

གཉིས་སུ་འགྱུར་ཏེ། ཕྱིའི་ལོག་པ་བཞི་དང་ནང་གི་ལོག་པ་བཞིའོ། །ཕྱིའི་ལོག་པ་བཞི་ནི་དད་པ་ཅན་གྱི་ཚོགས་བཅག་པ། དགེ་བ་ཅན་གྱི་ཐུགས་དཀྲུག་པ། དཀར་པོའི་ཆོས་ལ་མི་དད་ཅིང་སྨོད་པ། ནག་པོའི་ཆོས་ལ་དད་ཅིང་བསྟོད་པའོ། །ནང་གི་ལོག་པ་བཞི་ནི། བླ་མ་སྤངས་པ། གྲོགས་ལ་གདུང་སེམས་བཅད་པ། ཡི་དམ་གྱི་ལྷ་སྤངས་པ། དཀྱིལ་འཁོར་གཉེན་པོའི་བསྒྲུབ་པ་དངམཚམས་བཀྲལ་བའོ། །ཡང་རྡོ་རྗེ་ཐེག་པ་གསང་སྔགས་ལ་ལོག་ན་རྡོ་རྗེ་དམྱལ་བར་སྐྱེ། ལྟ་བ་ལོག་ན་ཡི་དྭགས་སུ་སྐྱེ། སྤྱོད་པ་ལོག་ན་བྱོལ་སོང་དུ་སྐྱེ། འཕྲིན་ལས་ལོག་ན་གཤིན་རྗེར་སྐྱེ། མཆོད་རྫས་ལོག་ན་དུད་འགྲོར་སྐྱེ། སྔགས་ལོག་ན་བར་ཆད་དུ་འགྲོ། བདེན་པ་ལོག་ན་རུ་དྲར་སྐྱེ་ཞེས་གསུངས་པ་ཡང་འདུག
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།