Jump to content

ལོ་ཙཱ་བ་རིན་ཆེན་བཟང་པོ་

ཡོང་ཁུངས་Wikipedia

བོད་ཀྱི་ལོ་རྒྱུས་ཐོག་བསྟན་པ་ཕྱི་དར་གྱི་དུས་སུ་བྱུང་བའི་གསང་སྔགས་གསར་མ་སྒྱུར་མཁན་གྱི་ལོ་ཙཱ་བ་མཚན་སྙན་གྲགས་ཤིན་ཏུ་་ཆེ་བ་ཞིག་ཡིན། རབ་བྱུང་དང་པོའི་གོང་གི་ལོ་དྲུག་ཅུ་རེ་དགུ་པ་ས་རྟ་(༩༥༨)ལོར་སྟོད་མངའ་རིས་ཀྱི་གུ་གེའི་ས་ཆར་འཁྲུངས། དགུང་ལོ་ཆུང་དུས་ནས་སློབ་སྦྱོང་ལ་བརྩོན་འགྲུས་ཆེ་བས། མངས་རིས་རྒྱལ་པོས་ཁོང་སོགས་མི་ཉི་ཤུ་རྩ་བདུན་ཁ་ཆེའི་ཡུལ་(ཀསྨིར)དུ་མངགས་པ་ལྟར་བྱོན་ཏེ། པཎྜི་ཏ་མཁས་པ་མང་པོ་བསྟེན་ནས་སྒྲ་རིག་པ་དང་། ཚད་མ། གསོ་བ་རིག་པ། མདོ་དང་། སྔགས་སོགས་ལ་སྦྱངསཡ་པ་མཐར་ཕྱིན་པ་མཛད་དེ་བོད་དུ་བྱོན། མངའ་རིས་གུ་གེའི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མཐུན་རྐྱེན་གནང་སྟེ་གསང་སྔགས་ཀྱི་གཞུང་མང་པོ་དང་། གསོ་བ་རིག་པའི་གཞུང《སྨན་དཔྱད་ཡན་ལག་བརྒྱད་པ》ལ་སོགས་པ་རྒྱ་གར་ཀྱི་སྨན་གཞུང་མང་པོར་བསྒྱུར། སློབ་མ་སྨན་པ་མཁས་པ་མི་དགུ་སོགས་བྱུང་སྟེ། བོད་ཀྱི་གསོ་བ་རིག་པའི་ཐོག་སླར་ཡང་གོང་འཕེལ་གསར་པ་ཞིག་གི་དུས་སུ་་སླེབས། ཁོང་གིས་གསང་སྔགས་གསར་མ་དང། རྒྱ་གར་གྱི་སྨན་གཞུང་མང་པོ་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་གནང་མཛད་པ་དེ་དག་བོད་ཀྱི་མཁས་པ་ཆེན་པོ་ཀུན་གྱིས་ཚད་མར་འཛིན་པ་ཞིག་ཡིན། དགུང་ལོ་དགུ་བཅུ་གོ་བརྒྱད་པ་རབ་བྱུང་དང་པོའི་ཤིང་ལུག(༡༠༥༥)ལོར་སྐུ་གཤེགས། ལོ་རྒྱུས་ཞིབ་པར་ཁོང་གི་དངོས་སློབ་ཁྲི་ཐང་པ་ཛྙ་ནས་མཛད་པའི་《ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར》དང་། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི《བཀའ་གདམས་ཆོས་འབྱུང་མཁས་པའི་ཡིད་འཕྲོག》ཤོག་གྲངས་༦༦ནས་༦༧བར་གསལ།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས། <br །། སྤྱིར་ལོ་རྩཱ་བ་རིན་ཆེན་བཟང་པོའི་སྐུ་ཚེ་དང་མཛད་པ་མཐའ་མ་སྐྱོང་ས་དེ་བལ་ཡུལ་གླེ་མིའི་ཡུལ་དབལ་རྩེའི་ཁུལ་དུ་ཡིན། སྤྱིར་ལོ་རྩཱ་བ་རིན་བཟང་པོའི་རྣམ་ཐར་ནང་སྐུ་གདུང་སྨར་གདུང་བཞུགས་པའི་ལོ་རྒྱུས་མ་གསལ། ལྷག་པར་རྣམ་ཐར་ནང་དུ་སྐུ་གདུང་སྤུར་ཞུས་ནས་རིང་བསྲེལ་རྡོག་གཅིག་བྱུང་བ་དེའང་ལྷ་ཡུལ་དུ་སྤྱན་དྲངས་པ་བཤད་ཡོད། དེ་ལས་ཁ་གསལ་བའི་དཔང་རྟགས་ནི་གླེ་མི་དབལ་རྩེའི་ཡུལ་དུ་ཁོང་གི་སྒྲུབ་གནས་ཡོད་པ་མ་ཟད། ཁོང་གིས་ལྷ་ཁང་རྒྱ་ཚར་བཞེངས་པའི་མཐའ་མ་དེའང་དབལ་རྩེའི་ཀུན་རིགས་རྣམ་སྣང་གི་ལྷ་ཁང་ཡིན་པ་ད་ལྟ་མངོན་སུམ་དུ་མཇལ་རྒྱུ་ཡོད་པ་དེ་ཡིན། དེ་དགོན་གྱི་མ་དེབ་རྙིང་པའི་ནང་དེ་ཚོའི་སྐོར་ཞིབ་ཕྲ་བཀོད་ཡོད། ལྷག་པར་ལོ་རྩཱ་བ་རིན་བཟང་པོའི་སྐུ་གདུང་སྤུར་ཞུ་ས་ནི་དགོན་དེའི་ཤར་ཕྱོགས་ཀྱི་ལྷ་གདེང་ཞེས་པའི་ལུང་པའི་ནང་གི་བྲག་གཡབ་འོག་གི་མཚམས་ཁང་དེ་ཡིན་པ་འཁོད་པ་མ་ཟད། ཁོ་གི་སྤུར་ཐལ་ལས་བཞེངས་པའི་སྐུ་འདྲའང་མ་མཐོ་གཞིར་བཟུང་ད་ལྟ་ངོས་འཛིན་ཐུབ་པ་ཡོད།

སླེ་མི་རིན་ཆེན