ལོ་མཆོག་
མཐོང་རིས་
ལོ་མཆོག ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།
ལོ་ཙཱ་བ་འདི་ཉིད་མང་མཁར་ཁྲ་ཚང་དུ་སྐུ་འཁྲུངས། འཕགས་པ་རིན་པོ་ཆེ་ལས་རབ་ཏུ་བྱུང་། མཚན་མཆོག་ལྡན་ལེགས་པའི་བློ་གྲོས་དཔུང་རྒྱན་མཛེས་པའི་ཏོག་ཅེས་རང་ཉིད་ཀྱིས་འདོགས་པར་ཞུས་པ་བཞིན་བཏགས་ལ། ཕྱིས་ལོ་མཆོག་པ་ཞེས་གྲགས། ཤོང་ལོ་སྐུ་མཆེད་ལས་དབང་རྒྱུད་མན་ངག་གསན། ཀ་ཙན་ལོ་སོགས་པའི་རིག་གནས་མཐའ་དག་ལ་སྦྱངས་པ་མཐར་ཕྱིན་མཛད། བོད་ན་འགྱུར་རོ་འཚལ་གྱི་དབང་གདམས་ངག་བཀའ་བསྟན་བཅོས་ཕལ་མོ་ཆེའི་ལུང་མངས་བས་བོད་ཀྱི་དགེ་བའི་བཤེས་གཉེན་མང་པོའི་བླ་མར་གྱུར། འཁྲུངས་འདས་ལོ་ཚིགས་དང་མཛད་རྣམ་ཞིབ་པ་མ་རྙེད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།