ལོ་གྱོན་མའི་གཟུངས་
མཐོང་རིས་
རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི།།
ཆོ་འཕྲུལ་རྣམ་པར་དག་པའི་ཤ་ཝ་རི།།
ལྷ་མོ་གང་གིས་བསྒྲུབས་པའི་ནད་གདོན་བགེགས།།
ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་ལ
བསྙེན་པ་ནི།
ཨོཾ་བི་ཤ་ཙཱི་པརྞ་ཤ་ལྦ་རི་སརྦ་ཛྭ་ར་པྲ་ཤ་མ་ན་ཡེ་སྭཱ་ཧྭ།།
དགེ་བ་འདི་ཡིས་མྱུར་དུ་བདག ། ལོ་མ་གྱོན་མ་འགྲུབ་གྱུར་ནས།། འགྲོ་བ་གཅིག་ཀྱང་མ་ལུས་པ། ། དེ་ཡི་ས་ལ་འགོད་པར་ཤོག ། ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། ། བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། ། ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། ། ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། ། སེམས་ཅན་ནད་པ་ཇི་སྙེད་པ། ། མྱུར་དུ་ནད་ལས་ཐར་གྱུར་ཅིག ། འགྲོ་བའི་ནད་ནི་མ་ལུས་པ། ། རྟག་ཏུ་འབྱུང་བ་མེད་པར་ཤོག །