Jump to content

ལོ་གང་མི་དཀར།

ཡོང་ཁུངས་Wikipedia

ལོ་གང་མི་དཀར་ནི་སྟོང་སྐོར་ཟླ་ཁོག་ཉ་ཁྲི་སྡེ་བས་ཕ་མེས་ནས་གསོལ་བའི་གཞི་བདག་ཅིག་ཡིན། སྡེ་བ་དེའི་རྒྱབ་རི་གདུགས་དང་འདྲ་བ་ཞིག་ཡོད་པ་དེའི་རྩེ་མོར་ཡོད། སྐུ་མདོག་དང་ཕྱག་མཚན་སོགས་ནི། སྟོང་སྐོར་ཟླ་བ་རྒྱལ་མཚན་གྱིས་མཛད་པའི་བསང་ཡིག་ལས། ལོ་གང་མི་དཀར་རྟ་དཀར་བསངས། ཞེས་དང་། སྟོང་སྐོར་ཞབས་དྲུང་སྐུ་ཕྲེང་བརྒྱད་པས་མཛད་པའི་ཉ་ཁྲི་གཞི་བདག་གི་བསང་ཡིག་ལས། དེ་ནས་ལྟ་གཉེན་ལོ་གང་མི་དཀར་ནི། །རྟ་མཆོག་ཁྲ་བོ་གསེར་གྱི་སྒ་ཆས་སྤྲས། །ཕྱག་གཡས་དར་མདུང་གཡོན་པས་གཏེར་སྒྲོམ་བསྣམས། །གཡས་སུ་ཀླུ་མོ་འོད་ལྡན་འབར་མ་ལ། །ཀླུ་ཕྲན་མང་པོའི་ཚོགས་ཀྱིས་བསྐོར་བ་དང་། །ལྷན་ཅིག་དགྱེས་པའི་གདན་ལ་གཞུགས་སུ་གསོལ། །ཞེས་སོགས་གསུངས། བསང་ཡིག་དེ་གཉིས་ནི་གངས་ཅན་རིག་བཅུད་པོད་ཕྲེང་ ༢༡༣ དང་། ༢༡༨ གཉིས་སུ་བཞུགས།

[རྩོམ་སྒྲིག]

སྟོང་འཁོར་རིག་མཛོད་རྩོམ་སྒྲིག་ཁང་ནས།

[རྩོམ་སྒྲིག]

ཡིག་ཆ་ཁུངས། རྩོམ་པ་པོ། སྟོང་འཁོར་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་ངག་དབང་མདོ་རྒྱུད་ཡོན་ཏན་རབ་རྒྱས། (1853-1895) མཚན་བྱང་། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་རིམ་བྱོན་ལས་ངག་དབང་མདོ་རྒྱུད་ཡོན་ཏན་རབ་རྒྱས་ཀྱི་གསུང་འབུམ། རྩོམ་སྒྲིག་པ། དཔེ་སྒྲིག་འགན་ཁུར་པ། སྟོང་འཁོར་དགོན་གྱི་གླིང་བསྲེ་ཚུལ་ཁྲིམས་བཟང་པོ། དཔར་སྐྲུན་གནས་ཚུལ། སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་། ཆེད་བསྒྲིགས། གངས་ཅན་རིག་བཅུད། པོད་ཕྲེང་ 218