ལེགས་སྦྱར་ནི་འཛམ་གླིང་ཤར་ནུབ་རིག་གནས་ཀྱི་ཟམ་ལྟ་བུ་ཡིན

ཡོང་ཁུངས་Wikipedia

རྒྱ་གར་གྱི་ཕུ་ནཱ་སློབ་གྲྭ་ཆེན་མོའི་མཚན་འཛིན་གྱི་སློབ་དཔོན་དམ་པ་སཱ་རོ་ལྗཱ་བྷཱ་ཏི( Saroja Bhate)ལ་བཅར་འདྲི་བྱས་པ། སྒྲ་སྒྱུར་བ། བློ་བཟང་།

ལེགས་སྦྱར་སྐད་ཡིག་སྟེང་གི་རྩོམ་རིག་ནི་ཀློག་པ་པོ་ཀུན་གྱིས་ཡིད་དབང་འཕྲོག་ལ་མཛེས་ཤིང་ལྟ་ན་སྡུག་པ་ཅིག་ཡིན་ཅིང་།དེས་ནང་དུ་སྐད་བརྡ་རིག་པ་བ་དང་། ལོ་རྒྱུས་རིག་པ་བ། མིའི་རིགས་རིག་པ་བ་དང།སྒྱུ་རྩལ་རིག་པ་བ་ཆོས་ལུགས་རིག་པ་བ་སོགས་ཀྱི་རིག་གནས་ཀྱི་ཉིང་བཅུད་དང་སྙིང་སྟོབས་དགོངས་བཞེད་སོགས་འདུས་ཡོད། ཡང་ཅིག་བཤད་ན།ལེགས་སྦྱར་གྱི་ཡི་གེ་ནི་འཛམ་གླིང་ཤར་ནུབ་ཀྱི་རིག་གནས་གཉིས་བརྒྱུད་འབྲེལ་བྱེད་པའི་གདུང་མ་ལྟ་བུ་ཅིག་ཡིན་པས་འཛམ་གླིང་གི་སྣང་ཚུལ་ཅན་དུ་གྱུར་འདུག སཱ་རོ་ལྗཱ་བྷཱ་ཏི(Saroja Bhate)ཁོང་ནི་རྒྱ་གར་གྱི་ཕཱུ་ནཱ་སློབ་ཆེན་གྱི་ལེགས་སྦྱར་དང་པཱ་ལིའི་སྐད་གཉིས་ཀྱི་ཉམས་ཞིབ་པ་དང་ཆེད་མཁས་པ་ཞིག་ཡིན་ལ།ཁོང་གི་ལས་འགན་གཙོ་བོ་ནི་ཕཱུ་ནཱ་སློབ་ཆེན་གྱི་བྷན་དྷ་ཁཱ་ཤར་ཕྱོགས་ཞིབ་འཇུག་གླིང་གི་འགན་འཛིན་པ་ཡིན།འདི་ནི་ཉེ་དུས་སུ་པེ་ཅིང་ཕྱི་གླིང་བའི་སྐད་ཡིག་སློབ་གླིང་གི་གསར་འགོད་པས་ཁོ་ལ་བཅར་འདྲི་བྱས་པའི་ཟིན་ཐོ་ཡིན།

གསར་འགོད་པ།

ཁྱེད་ཀྱིས་དེང་རབས་རྒྱ་གར་བའི་རིག་གནས་དང་སློབ་གསོའི་གནས་ཚུལ་སྐོར་ལ་མཚམས་སྦྱོར་དང་བཅས་རྒྱ་གར་གྱི་གཙོར་རྒྱུགས་སམ་ཁྱབ་ཆེ་བའི་ལེགས་སྦྱར་རིག་གནས་ཞིབ་འཇུག་ལྟེ་གནས་དག་མཚམས་སྦྱོར་བཅས་བྱེད་པར་མཁྱེན།

བྷཱ་ཏི།

རྒྱ་གར་དུ་ལེགས་སྦྱར་ཞིབ་འཇུག་གི་རིགས་གཉིས་མཆིས་ཏེ།གཅིག་ནི་གནའ་བོའི་ལེགས་སྦྱར་རིག་གནས་སྐོར་གྱི་ཞིབ་འཇུག་དང་།གཅིག་ནི་དེང་རབས་ཀྱི་ལེགས་སྦྱར་ཞིབ་འཇུག་དེ་ཡིན་ཅིང་། ཕྱོགས་གཞན་ཅིག་ནས་བཤད་ན་གནའ་བོའི་སྲོལ་རྒྱུན་གྱི་སློབ་གྲྭ་དག་མུ་མཐུད་རྒྱུན་བསྐྱངས་ནས་བཙུགས་པའི་སློབ་གྲྭ་སཾསྐྲྀཏ་རང་སྐད་དུ་པཱ་ཐི་ཤཱ་ལཱ་སི(Pathshalas)ཟེར་བ་འདི་ཡིན།འདི་ནི་རྒྱ་གར་སྲིད་གཞུང་གི་རྩ་འཛུག་བྱས་ནས་བཙུགས་པའི་ལེགས་སྦྱར་སློབ་ཆེན་ཞིག་ཡིན།དེས་ཕྱིར་འདི་རུ་སྲོལ་རྒྱུན་གྱི་སྦྱང་ཐབས་མན་ངག་གིས་ལེགས་སྦྱར་བསྡུ་ལེན་བྱེད་ཀྱིན་འདུག ཡང་ཕྱོགས་གཞན་ཞིག་ནས་ལེགས་སྦྱར་དེ་དེང་རབས་ཅན་དུ་ཁ་ཕྱོགས་ནས་ལེགས་སྦྱར་ནི་སློབ་གླིང་དེ་ཀའི་སྐད་ཡིག་གཉིས་པར་ཆགས་ཡོད།འདི་ནི་དབྱིན་ཇི་བས་མི་སེར་སྤེལ་བའི་དུས་ནས་བཟུང་མི་ལོ་བརྒྱ་དང་ལྔ་བཅུ་ལྷག་འགོར་ཟིན།

རྒྱ་གར་གྱི་མི་ཡིས་ལོ་དྲུག་བདུན་ཞིག་ནས་བཟུང་ལེགས་སྦྱར་གྱི་རིག་དངོས་རྙིང་པ་དག་དང་འགྲོགས་འདྲེས་དང་ལེན་དང་ཤུལ་བཟུང་བྱས་ཡོད།དེང་དུས་ཀྱི་རྒྱ་གར་གྱི་ས་ཕྱོགས་གང་སའི་གྲོང་ཁྱེར་མང་པོར་ལེགས་སྦྱར་སཾསྐྲྀཏའི་སློབ་གྲྭ(Sanskrit Vidyapith)ཧ་ཅང་མང་བོ་འདུག ན་གཞོན་རྣམས་ཀྱིས་སློབ་གྲྭ་དེ་དག་ཏུ་ལེགས་སྦྱར་སྐད་ལ་སྦྱང་བརྩོན་དང་སྦྱོང་བརྡར་བྱེད་བཞིན་ཡོད།རྒྱ་གར་ནུབ་ཕྱོགས་ཀྱི་ལེགས་སྦྱར་གཙུག་ལག་སློབ་གྲྭ་ཨོ་ཏར་མངའ་སྡེ་(Uttar Pradesh)དང་བྷེ་ཧར་མངའ་སྡེ་(Bihar)འདི་གཉིས་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་བའི་སློབ་གྲྭ་གཉིས་ཡིན།ད་དུང་པོ་ཏི་ནཱ་གཙུག་ལག་སློབ་གྲྭ(Patna University)དེ་མིན་ད་དུངམགྷདྷིའི་སློབ་ཆེན་(MagadhUniversity)སོགས་སུ་ལེགས་སྦྱར་ཆེད་ཞིབ་དང་ཉམས་ཞིབ་སྡེ་ཁག་མང་པོ་གསར་འཛུགས་བྱས་ཡོད།དེས་ནང་གི་བྷུ་ནཱ་སློབ་ཆེན་གྱི་བྷན་དྷ་ཁཱ་ཤར་ཕྱོགས་ཉམས་ཞིབ་ཁང་དང་(Bhandarkar Oriental Research Institute,Pune)ཝརཎཱསི་རྣལ་འབྱོར་བའི་སློབ་ཆེན(Sanskrit Vidyapeeth Kashi,Varansi)(Banras Hindu University,Varansi)ཧིན་དྷུ་ཆོས་ལུགས་ཀྱི་སློབ་ཆེན་སོགས་མིང་གྲགས་ཆེ་བའི་སློབ་ཆེན་དག་དུ་ལེགས་སྦྱར་ཉམས་ཞིབ་དང་སྲོལ་རྒྱུན་གྱི་རྒྱུན་སྐྱོང་བཞིན་ཡོད། ཁོ་བོ་ཉེ་སྔོན་གྱི་རྒྱ་གར་སྲིད་འཛིན་ལ་མཇལ་འཕྲད་ཞུས་ནས་ལེགས་སྦྱར་རིག་གནས་སྐོར་ཁོང་དང་ལབ་གླེང་བྱས་ནས་ཁོང་གིས་ང་ལ་རྒྱ་གར་སྲིད་གཞུང་རང་ནས་ལེགས་སྦྱང་གཞུང་ལུགས་དང་སྐད་བརྡ་སོགས་བསྐྱར་འཛུགས་བྱེད་པར་ཁས་ལེན་བྱས་བྱུང་།

གསར་འགོད་པ།

འཛམ་གླིང་སྟེང་དུ་རིག་གནས་རྩ་ཆེན་གྱི་རྗེས་བཙལ་དགོས་ན་དང་ཐོག་གང་ལ་འབྲེལ་གཏུག་བྱེད་དགོས་པ་རེད།

བྷཱ་ཏི།

ལེགས་སྦྱར་ཟེར་བ་དེ་གནའ་བོའི་རྒྱ་གར་བའི་སྐད་ཡིག་རྐྱང་པ་ཙམ་མ་ཡིན་པར་དེ་ནི་ཤར་ཕྱོགས་པའི་རིག་གནས་ཀྱི་འཐུས་ཚབ་ཐུབ་པའི་རིག་གནས་ཤིག་རེད།དེར་བརྟེན་རྒྱ་གར་བའི་ལེགས་སྦྱར་རིག་གནས་འདི་ལ་ལོ་རྒྱུས་ཀྱི་ཆུ་རྒྱུན་ཧ་ཅང་རིང་བར་མ་ཟད་མིའི་རིགས་ཀྱི་དཔལ་ཡོན་ལོ་རྒྱུས་སྟེང་དུ་འཕེལ་རྒྱས་རྩེ་མོར་སོན་པའི་སྐད་བརྡ་ཞིག་དང་ཡ་གླིང་ལྷོ་མ་དང་ཤར་མ་སོགས་ཀྱི་རིག་གནས་ལ་ཤན་ཤུགས་ཏིལ་ལ་མར་གྱིས་ཁྱབ་པ་ནང་བཞིན་གྱི་གསོན་ཤུགས་ཆེ་བའི་རིག་གནས་རང་བཙན་པ་ཞིག་ཡིན་འདུག

སྔོན་ཆད་ལེགས་སྦྱར་གཙུག་ལག་རིག་གནས་ཀྱིས་ཤར་ཕྱོགས་པའི་འཇིག་རྟེན་མཐའ་དག་ཡིད་དབང་འཕྲོག་མྱོང་ལ་རིམ་བཞིན་ཕྱི་ལོའི་དུས་རབས༡༦པ་ནས་བཟུང་ལེགས་སྦྱར་ཉམས་རྒུད་དུ་ཕྱིན་པའི་མགོ་བརྩམས་སོང་།ད་ལྟ་ནུབ་གླིང་གི་སྐད་ཡིག་ཆེད་རམས་པ་དག་གིས་ཟེར་བར་ལེགས་སྦྱར་གྱིས་ནི་འཛམ་གླིང་ཧྲིལ་བོའི་རྩ་ཆེའི་གསུང་རབ་དག་གི་རྒྱུན་བཟུང་ཡོད་ཅིང་གནའ་དཔེ་དག་གིས་རྗེས་ཤུལ་ཡང་ལེགས་སྦྱར་གཙུག་ལག་གི་སྐོར་ཡིན་པས་དེས་ནང་དུ་འཛམ་གླིང་སྟེང་མིང་གྲགས་རབ་ཏུ་འབར་ལ་ལོ་རྒྱུས་ཀྱི་འབབ་ཡུན་རིང་བའི་ཆོས་ལུགས་དང་།ལྷ་ཡི་རིག་པ། མཚན་ཉིད་རིག་པ་སོགས་སྣ་མང་ཕུན་སུམ་ཚོགས་པའི་གཙུག་ལག་རིག་གནས་གཏོས་ཆེན་དག་བཞུགས་ཡོད་པ་ཡིན་ཏེ། དཔེར་ན་གནའ་བོའི《མ་ཧཱ་བྷ་ར་ཏ》(《摩诃婆罗多》)དང་།《ཀཱ་ལི་ས་དཱ》(《沙恭达罗》)《སྙན་གཞུང་བམ་པོ་ལྔ་བ》(Pancatantra)དང་། དེར་མ་ཟད《ཆབ་སྲིད་བྱ་བའི་གླེང་གཞི》(《政事论》)(Arthashastra)《ཞབས་བྲོའི་གཞུང་ལུགས》(《舞论》)(Natyashastra)ལ་སོགས་པ་སྙན་ངག་དང་།རྩིས་རིག ཟློས་གར་དང་། གཏན་ཚིག་རིག་པ། མཚན་ཉིད་རིག་པ་སོགས་ཁྱད་ཆོས་འབུར་ཐོན་ཅན་གྱི་གཙུག་ལག་མང་དག་ཡོད། སྤྱིར་བཏང་ལེགས་སྦྱར་སྐད་དེ་འབྱུང་ཁུང་གི་ཐད་ལ་བཤད་ཚུལ་མང་དུ་སྣང་ཡང་འདི་ནི་ཨརྱའི་མི་རིགས་ཏེ་འཕགས་རིགས་ཀྱི་མཁས་པ་དག་གིས་གསར་བཟོ་བྱས་ལ། རྒྱ་གར་བའི་དཔལ་ཡོན་དུས་རབས་སུ་འདི་ཉིད་ཁྱབ་རྒྱ་ཤིན་ཏུ་ཆེ་ཞིང་།འདིས་ཡ་གླིང་ཤར་རྒྱུད་ནས་བཟུང་ཡོ་རོབ་ཤར་ནུབ་དང་ལྷོ་ཨ་ཧྥེ་རི་ཁཱ་དང་ནུབ་དང་བྱང་ཨ་མེ་རི་ཁཱ།ཧྥ་རན་སི་སོགས་མདོར་ན་ད་ལྟའི་འཛམ་གླིང་གི་གླིང་ལྔ་མཚོ་བཞི་ཀུན་ལ་ཁྱབ་པའི་སྐད་ཡིག་རང་བཙན་པ་ཞིག་ཡིན། འདི་ནི་ཕྱི་ལོའི་སྔོན་གྱི་ལོ་གཅིག་སྟོང་ལྷག་གི་སྔ་རོལ་ནས་དང་ཐོག་ཨརྱའི་མི་རིགས་བརྒྱུད་དེ་ཧིན་དྷུ་ཆུ་བོ་ནང་དུ་འདྲེས་ལ་མཐར་རྒྱ་གར་སྐམ་ས་ཆེན་མོར་ཁྱབ་པའི་དཔལ་ཡོན་གྱི་གཞི་རྩ་ཡོད་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན།འགའ་ཞིག་ན་རེ། ལེགས་སྦྱར་སྐད་ཀྱི་མ་ཡུམ་ནི巴利文(བོད་སྐད་དུ་ཡུལ་མི་རང་བཞིན་པའི་སྐད)སོགས་ཧིན་དྷུ་རྒྱ་མཚོའི་མཐའ་བ་བས་སྐད་ཡིག་སོགས་ལེགས་བཅོས་བྱས་ནས་ད་གཟོད་འདི་གྲུབ་ཟེར་བའང་འདུག གང་ལྟར་གཞན་ཡང་འདིས་ནི་གནའ་བོའི་ཧིན་དྷུ་ལུང་པར་སྐུ་འཁྲུངས་པའི་ནང་བའི་སྟོན་པ་ཀཱོ་ཏ་མའི་ཡང་སྐད་རིགས་འདི་བེད་སྤྱད་དེ་རང་གི་འཆར་ཡན་ཡོད་ཚད་རྟོག་བཟོ་དང་སྒྲོ་བཏགས་ད་དུང་དངོས་ཡོད་སོགས་ཟུང་དུ་སྦྲེལ་ནས་བསམ་ཚུལ་ཡོད་ཚད་རྒྱ་གར་བའི་ཡུལ་མི་རྒན་པོ་དང་བྲམ་ཟེ་གཙང་སྤྱོད་ཅན་རབ་བྱུང་ཚུལ་འཆོས་ཅན་དག་ལ་ཁ་བརྡ་མང་དུ་བྱས་ལ།དུས་ཕྱིས་ཁོང་སྐུ་གྲོངས་པ་ནས་བཟུང་སློབ་མར་ཁས་ཆེ་བ་དག་གིས་དག་བསྒྲིགས་བྱས་ནས་བཀའ་ཟེར་བ་དེ་བྱུང་བ་ཡིན་ནོ།།དེ་ནས་ལོ་གྲངས་ཡུན་རིང་མོའི་མཐར་ལེགས་སྦྱར་དེ་ཧི་མ་བནྜའི་རིག་གནས་ནང་དུ་བརྒྱུད་འདྲེས་བྱུང་དེ་བོད་དང་རྒྱ་ནག་ཁོ་རཱེ་ཡཱ་སོགས་ཀྱི་ཚབ་བྱེད་ལོ་ཙཱ་བ་དཔེར་ན་སྐ་ཅོག་དང鸠摩罗什(ཀུ་མ་ཡཱ་ཤྲཱི) 玄奘 (ཧྱན་ཙང)(义净)(དོན་དག་པ)སོགས་མང་དུ་བྱུང་སྟེ་ལེགས་སྦྱར་ལ་སློབ་སྦྱོང་བྱས་ནས་ལེགས་སྦྱར་གྱི་གཙུག་ལག་གསུང་རབ་མཐའ་ཡས་པ་ཞིག་ཧི་མ་ལ་ཡའི་ཚུ་རོལ་གྱི་རྒྱལ་ཁབ་མང་པོའི་སྐད་དུ་ཡིག་སྒྱུར་བྱས། དེར་མ་ཟད་ལེགས་སྦྱར་ཡི་གེའི་བརྐོས་པའི་རྡོ་རིང་མང་པོ་ཡ་གླིང་ལྷོ་མའི་རྒྱལ་ཁབ་ཁ་ཤས་ནས་བུད་འདུགརབ་འབྱམས་པ་ཕོ་ལོ་ཁིའི་(Dr. Sheldon Pollock)བསྟན་དོན་གནའ་བོའི་ལེགས་སྦྱར་དེ་རྒྱ་གར་ཧྲིལ་བོ་དང་ཕ་ཁི་སི་ཐཱན་གྱི་པོ་རོ་ཤཱ་པོར(Purushapur)དེ་དེང་དུས་ཀྱི越南བར་ལ་ཡོད་འདུག་ཟེར་ཅིང་ལེགས་སྦྱར་རྡོ་རིང་ཅུང་མང་ཤོས་དེ柬埔寨རྒྱལ་ཁབ་དུ་ཡོད་ཟེར་རྡོ་རིང་ནང་དོན་ཡང་རྒྱལ་བློན་འཚམས་འདྲི་དང་མི་གྲགས་སྐུ་དྲག་མང་པོའི་མཚན་ཐོ་བརྐོས་ཡོད་པ་ཞིག་ཡིན།གང་ལྟར་ལེགས་སྦྱར་སཾསྐྲྀཏའི་སྐད་ཡིག་འདི་ལ་བརྟེན་ནས་རྒྱ་གར་བའི་མི་ལོ་ཁྲི་ཁྲག་གི་ཕ་མེས་ཡང་མེས་ཚོའི་བཞག་པའི་རིན་བྲལ་གྱི་རིག་གནས་མང་པོ་ཉར་ཚག་ཐུབ་ཡོད་པ་ཡིན་ཅིང་བདག་དང་ལེགས་སྦྱར་གྱི་ཐོག་མའི་འབྲེལ་འདྲིས་སོགས་གཞན་དུ་ཞིབ་པར་བྲིས་ཡོད་པས་དེར་གཟིགས་པར་འཚལ།