ལུས་སེམས་རྫས་གཅིག་པ་
མཐོང་རིས་
རྒྱང་འཕེན་པའི་འབྱུང་བ་བཞི་ནི་མི་གསལ་བའི་སེམས་ཅན་ཡིན་ལ། དེའི་ནུས་པ་སྨིན་པ་ལས་རྫས་གཅིག་པའི་སྐྱེས་བུའམ་བདག་ཅེས་པ་ད་ལྟ་མིག་གི་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་འདི་བྱུང་བ་ཡིན་ཏེ། འཇིག་རྟེན་མིག་གིས་ཇི་ཙམ་དབང་པོའི་སྤྱོད་ཡུལ་ལ། སྐྱེས་བུའང་དེ་ཙམ་ཁོ་ནར་ཟད་ཅེས་ཟེར། དེས་ན་ལུས་སེམས་རྫས་གཅིག་པས་ལུས་འཇིག་ན་བློ་ཡང་འཇིག་པར་འདོད་པ་ཡིན།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།