ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་པ་
མཐོང་རིས་
སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་ཀྱི་གཞུང་ནས་བཤད་སྲོལ་ལ། རང་གི་ལུས་ཀྱི་རྩ་རླུང་ཐིག་ལེ་སོགས་ལ་གནད་དུ་བསྣུན་ནས་བསྒོམས་པའ་སྟོབས་ཀྱིས་རླུང་སེམས་གཉིས་ལ་རང་དབང་ཐོབ་རྗེས། རང་ལུས་ཤ་རུས་གདོས་བཅས་ཀྱི་ཕུང་པོ་འདི་ཡང་སྤང་མ་དགོས་པར་སངས་རྒྱས་པ་ལ་ཟེར།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།