Jump to content

ལུས་བཟོ་ཕལ་པ་

ཡོང་ཁུངས་Wikipedia

རྒྱ་མཚོ་ཆེན་མོ་དང་ཆུ་ཀླུང་དུ་འགྲོ་བའི་གྲུ་གཟིངས་ཆེ་ཆུང། ཁང་ཁྱིམ་དང་ཁང་བརྩེགས། བཟའ་བཏུང་གཡོས་སྦྱོར། གོས་རྒྱན་བཟོ་བ། ཐང་རྫོང་གཞིག་པ་རྡོའི་འཕྲུལ་འཁོར། རལ་གྲི་འཁོར་བ་གྲི་གུག་གི་འཕྲུལ་འཁོར། ཆུ་རྫོང་འཇོམས་པ་གྲུའི་དཀྱིལ་འཁོར། རི་རྫོང་འཇོམས་པ་མེའི་འཕྲུལ་འཁོར། རྩེ་མོ་བྱེད་པ་རླུང་གི་དཀྱིལ་འཁོར། རྩིག་པ་འཇིག་པ་གུར་གི་འཕྲུལ་འཁོར། གོ་ཆ་འཇིག་པ་ལྕགས་མདའི་འཕྲུལ་འཁོར། རང་ཕྱོགས་སྲུང་བ་རལ་གྲིའི་འཕྲུལ་འཁོར། རྒྱལ་རིགས་འཐོབ་པ་ཤིང་རྟ་འཁོར་ལོའི་ཚད། ལྟད་མོའི་དོན་དུ་ཁང་བཟང་དང། དགའ་སྟོན་གྱི་དོན་དུ་ཁྱོགས་ཀྱི་མཚན་ཉིད་ ལྡུམ་ར་གཅུ་བའི་ཆུ་འདྲིན་འཕྲུལ་འཁོར་སོགས་གནའ་རབས་ཀྱི་འཕྲུལ་འཁོར་གྱི་རིགས་སྣ་ཚོགས་དང་། གཞན་ཡང་མདོ་སྡེ་ལས་བཤད་པའི་བཟོ་སྦྱང་བཅོ་བརྒྱད་དང་། སྒྱུ་རྩལ་དྲུག་ཅུ་རྩ་བཞི། བཟོ་ལ་སོགས་པར་གཏོགས་པ་སུམ་ཅུ་རང་རང་གི་སྡེ་པའི་སྐབས་ལ་གཟིགས་པར་ཚལ་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།