ལུས་དབེན་
མཐོང་རིས་
ལུས་དབེན། ངག་དབེན། སེམས་དབེན་གསུམ་གྱི་དང་པོ་ཡིན་ཅིང་དེ་ཡང་གོ་བ་རགས་པའི་དབང་དུ་བྱས་ན་ལུས་ཐ་མལ་གྱི་སྣང་ཞེན་འདི་ལས་དབེན་པའམ་ལྡོག་སྟེ་ལྷའི་ངོ་བོར་འཆར་བར་བྱེད་པའི་བསྐྱེད་རྫོགས་གང་རུང་གིས་བསྡུས་པའི་ལམ་ཞིག་ལ་འཇོག་པ་ཡིན།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།