Jump to content

ལུས་ཅན་

ཡོང་ཁུངས་Wikipedia

ལུས་ཅན་ཞེས་པ་ནི་ཐེག་ཆེན་གྱི་ཆོས་ཀྱི་སྤྱོད་པ་ལ་འཇུག་པའི་ནང་གི་གཙོ་བོའི་ཐ་སྙད་ཅིག་ཡིན་ཏེ་བོད་ཀྱི་ནང་ཆོས་ཀྱི་གཞུང་ལུགས་ནང་དུ་སེམས་ཅན་ཞེས་པ་དང་རང་བཞིན་གཅིག་ཏུ་བརྗོད་པ་ཡིན། དེ་ནི་ཚེ་སྲོག་ལྡན་པ་ཡིན་ནའང་ཁྱད་པར་དུ་ལུས་ཐོབ་ཅིང་སེམས་ཡོད་པའི་འགྲོ་བ་ལ་གོ་དགོས་པ་ཞིག་ཡིན།

ནང་དོན།

[རྩོམ་སྒྲིག]

རྒྱུ་དང་འབྲས་བུ་ལ་ཡི་རང་བའི་ཡུལ་དུ་གསལ་བ། ཐར་པ་ཙམ་གྱི་རྒྱུ་འབྲས་ལ་ཡི་རང་བའི་སྐབས། "ངེས་ལེགས་བྱང་ཆུབ་གསུམ་ལས་ཉན་རང་གི་བྱང་ཆུབ་འཐོབ་བྱེད་ཀྱི་རྒྱུར་གྱུར་པའི་ཐར་པ་ཆ་མཐུན་གྱི་དགེ་བ་ཚོགས་གཉིས་ཀྱིས་བསྡུས་པ་ཉེ་བར་བསགས་པ་གང་ཡིན་པ་དེ་དག་ཀུན་ལ་དགའ་ཞིང་རྗེས་སུ་ཡི་རང་ངོ༌། །དེའི་འབྲས་བུ་ལུས་ཅན་སེམས་ཅན་གང་དག་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཕྲ་མོ་དང་བཅས་པའི་འཁོར་བའི་སྡུག་བསྔལ་མཐའ་དག་ལས་ངེས་པར་ཐར་ནས་ཉན་རང་གི་བྱང་ཆུབ་ཐོབ་པ་དེ་ལ་དགའ་ཞིང་རྗེས་སུ་ཡི་རང་ངོ༌། །"[]ཞེས་གསུངས་པ་ལྟར་ལུས་ཅན་ནི་འཁོར་བའི་སྡུག་བསྔལ་མྱོང་བ་པོ་སེམས་ཅན་ཐམས་ཅད་ལ་གོ་བ་ཡིན། ལུས་གཏོང་བའི་ཡུལ་དུ་གསུངས་པ། ལུས་སོགས་སེམས་ཅན་ལ་གཏོང་བའི་སྐབས། "བདག་གིས་ལུས་ཅན་ཐམས་ཅད་ལ་རང་རང་གི་ཅི་དང་ཅི་དགོས་པའི་ཆ་རྐྱེན་དུ་རང་གི་ལུས་འདི་ཅི་བདེར་ལྟོས་མེད་དུ་བྱིན་ཟིན་གྱིས།"[] ཞེས་གསུངས་པ་ལྟར་ལུས་ཅན་ནི་བདག་གི་ལུས་གཏོང་བའི་ཡུལ་དུ་གྱུར་པའི་སེམས་ཅན་ཐམས་ཅད་ལ་གོ།

དབྱེ་བ།

[རྩོམ་སྒྲིག]

ལུས་ཅན་དང་སེམས་ཅན་གྱི་ཁྱད་པར། འགྲེལ་པ་ཁ་ཅིག་ཏུ་ལུས་ཅན་ཞེས་པ་དང་སེམས་ཅན་ཞེས་པ་གཉིས་ཐ་དད་དུ་བཤད་ཡོད། དཔེར་ན། "ལུས་ཅན་རྣམས་ཀྱིས་གང་འདོད་ཐམས་ཅད་བཞོས་པ་ལས་འབྱུང་བའི་འདོད་འཇོའི་བར་ཡང་གྱུར་ཅིག"[] ཞེས་གསུངས་པ་ལྟར། ལུས་ཅན་གྱི་ཁྱབ་པ། "ནམ་མཁའི་ཁམས་མ་ལུས་པའི་མཐའ་ཀླས་པའམ་མཐས་ཁྱབ་པའི་ལུས་ཅན་སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད་པའི་བདེ་བ་ཆེན་པོའི་རྒྱུ།"[] ཞེས་གསུངས་པ་ལྟར་ལུས་ཅན་ནི་ནམ་མཁའ་ཇི་ཙམ་ཡོད་པ་དེ་ཙམ་ཁྱབ་པ་ཡིན།

ལུས་ཅན་ལ་སྙིང་རྗེ་སྐྱེ་ཚུལ།

[རྩོམ་སྒྲིག]

ལུས་ཅན་ལ་གནོད་པ་བྱེད་པ་ལ་སྙིང་རྗེ་སྐྱེ་ཚུལ། ནམ་མཁའ་མཛོད་ཀྱི་མདོ་ལས། "ཉོན་མོངས་སྐྱེས་པས་དེ་ལྟ་བུར། །བདག་གསོད་ལ་སོགས་ཞུགས་པ་ལ། །སྙིང་རྗེ་བརྒྱ་ལ་མ་སྐྱེས་ཀྱང་། །ཁྲོ་བར་འགྱུར་བ་ཅིའི་ཐ་ཚིག །"ལུས་ཅན་ལ་ཕན་འདོགས་ཀྱི་ཚུལ། "བདག་ནི་ལུས་ཅན་བྲན་འདོད་པ་ཀུན་གྱི་ཅི་བསྒོ་བའི་ལས་བྱེད་པའི་བྲན་སོགས་དེ་དང་དེ་དག་ཉིད་དུ་ཡང་འགྱུར་བར་ཤོག་ཅིག"[] ཅེས་གསུངས་པ་ལྟར་ལུས་ཅན་ཐམས་ཅད་ཀྱི་ཕན་པའི་ཆེད་དུ་བདག་ཉིད་སྤྱད་པ་ཡིན།

ལུས་ཅན་ལ་ལྟོས་མེད་དུ་གཏོང་ཚུལ།

[རྩོམ་སྒྲིག]

ལུས་གཏོང་བའི་ཚུལ། "བདག་གིས་ལུས་ཅན་ཐམས་ཅད་ལ་རང་གི་ལུས་འདི་ཅི་བདེར་བྱིན་ཟིན་གྱིས་ལུས་འདི་ལ་སེམས་ཅན་རྣམས་ཀྱིས་རྟག་ཏུ་གསོད་པ་དང་ཚིག་གིས་སྨོད་པའམ། ལུས་ཀྱིས་བརྡེག་པ་སོགས་ཅི་དགར་བྱེད་ལ་རག་"[]ཅེས་གསུངས་པ་ལྟར་ལུས་ཅན་ལ་ལྟོས་མེད་དུ་གཏོང་བ་ཡིན། ལུས་ཅན་ལ་ཕན་པའི་རིགས་རྣམས་དུ་གྱུར་པ། "ཟས་གོས་སོགས་ཇི་ལྟར་འདོད་པ་འབྱུང་བའི་ཡིད་བཞིན་ནོར་བུ་དང་བུམ་པ་བཟང་པོ་དང༌། ཞི་རྒྱས་ལ་སོགས་པའི་ལས་འགྲུབ་པའི་རིག་སྔགས་གྲུབ་པ་དང་ནད་ཐམས་ཅད་སེལ་བའི་བཅུད་ལེན་གྱི་སྨན་ཆེན་པོ་དང་ཟས་གོས་སོགས་དགོས་འདོད་འབྱུང་བའི་དཔག་བསམ་གྱི་ནི་ཤིང་དག་དང༌། ཇི་ཙམ་འདོད་པ་འཇོར་ཡོད་པའི་ལུས་ཅན་རྣམས་ཀྱི་འདོད་འཇོའི་བར་གྱུར་ཅིག"[] ཅེས་གསུངས།

ལུས་ཅན་གྱི་རང་བཞིན།

[རྩོམ་སྒྲིག]

ལུས་ཅན་གྱི་རང་བཞིན་སྟོང་པ། "དངོས་པོ་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་བཞིན་དུ་བྱ་བ་བྱེད་པ་དེ་ལྟར་ཤེས་ནས་སྤྲུལ་པ་ལྟ་བུའི་དངོས་པོ་ཀུན་ལ་ཁྲོ་བར་མི་འགྱུར།"[] ཞེས་གསུངས་པ་ལྟར་ལུས་ཅན་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན། ལུས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཁམས་དང་ལྡན་པ། རྒྱུད་བླ་མ་ལས། "སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །"ཞེས་གསུངས་པ་ལྟར་ལུས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཁམས་དང་ལྡན་པ་ཡིན།

བསྡུས་དོན།

[རྩོམ་སྒྲིག]

ལུས་ཅན་ཞེས་པ་ནི་ལུས་དང་ལྡན་པའི་སེམས་ཅན་ཐམས་ཅད་ལ་གོ་བར་དཔྱད་གཞི་ཡིག་ཆ་ཁག་ཏུ་གསལ་པོ་བཤད་ཡོད། ལུས་ཅན་ནི་ཕན་པའི་ཡུལ་དང་། སྙིང་རྗེའི་ཡུལ་དང་། ལྟོས་མེད་དུ་གཏོང་བའི་ཡུལ་དུ་གྱུར་པ་ཡིན། ལུས་ཅན་ལ་གནོད་པ་བྱེད་ན་ཤིན་ཏུ་ཞེ་དྲག་གི་ཉེས་པ་ཆེན་པོ་ཡོད་ལ། ལུས་ཅན་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་སངས་རྒྱས་ཀྱི་ཁམས་དང་ལྡན་པ་ཡིན་པར་བཤད།

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  2. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  5. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  6. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  7. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  8. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།