ལུས་ངན་ཕྱོགས་
མཐོང་རིས་
རྒྱལ་ཆེན་སྡེ་བཞིའི་ནང་གི་རྒྱལ་པོ་རྣམ་ཐོས་སྲས་ཀྱིས་གཟུགས་ཤིན་ཏུ་ངན་པར་སྤྲུལ་ནས་ལྷ་མ་ཡིན་དང་འཐབ་པས་ན་ལུས་ངན་ཟེར་ཞིང་། དེ་ནི་རི་རྒྱལ་ལྷུན་པོ་སྟེ། བོད་ཀྱི་གངས་རི་ཏི་སེ་རྒྱ་གར་གྱི་བྱང་ཕྱོགས་སུ་ཡོད་པ་ལ་བསམས་ནས་བྱང་ཕྱོགས་ལ་ལུས་ངན་ཕྱོགས་ཞེས་བརྗོད་པའོ།།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།