Jump to content

ལུས་ཀྱི་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་

ཡོང་ཁུངས་Wikipedia
ལུས་ཀྱི་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།

རང་གི་ལུས་འདི་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གིས་གང་བའི་གྲངས་ནི། ཡུམ་ལས། ལུས་འདི་ལ། ༡.སྐྲ་དང་། ༢.སྤུ། ༣.སེན་མོ། ༤.པགས་པ། ༥.གློགས་པ། ༦.ཤ། ༧.ཆུ་བ། ༨.ཁྲག ༩.རུས་པ། ༡༠.རྐང་། ༡༡.སྙིང་། ༡༢.མཁལ་མ། ༡༣.མཆིན་པ། ༡༤.གློ་བ། ༡༥.མཚེར་པ། ༡༦.ལོང་ཀ ༡༧.རྒྱུ་མ། ༡༨.གཉེ་མ། ༡༩.ནང་ཁྲོལ། ༢༠.གཅིན ༢༡.ཕྱི་ས། ༢༢.མཆི་མ། ༢༣.རྔུལ། ༢༤.ཚིལ། ༢༥.སྣབས། ༢༦.ངར་སྣབས། ༢༧.རྣག ༢༨.མཁྲིས་པ། ༢༩.བད་ཀན ༣༠.ཆུ་སེར། ༣༡.ཁ་ཆུ། ༣༢.དྲི་མ། ༣༣.ཀླད་པ། ༣༤.ཀླད་རྒྱས། ༣༥.རྔུ་མ(མིག་རྣག) ༣༦.རྣ་སྤབ་དག་ཀྱང་ཡོད་དོ། ཅེས་གསུངས་པ་ལྟར་རོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།