Jump to content

ལུས་ཀྱི་དབང་པོ་

ཡོང་ཁུངས་Wikipedia

རང་འབྲས་ལུས་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་བ། དེའི་མཚན་ཉིད། ལུས་ཀྱི་དབང་པོ་ལུས་ཀྱི་ཁམས། ལུས་ཀྱི་སྐྱེ་མཆེད་རྣམས་དོན་གཅིག་དབྱེ་ན། རྟེན་བཅས་ཀྱི་ལུས་དབང་དང་། དེ་མཚུངས་ཀྱི་ལུས་དབང་གཉིས་ཡོད། རེག་བྱ་མྱོང་བཞིན་པའི་སྐབས་ཀྱི་ལུས་དབང་དེ་རྟེན་བཅས་ཀྱི་ལུས་དབང་དང་། གཉིད་ལོག་པའི་སྐབས་ཀྱི་ལུས་དབང་དེ་དེ་མཚུངས་ཀྱི་ལུས་དབང་ཡིན་ནོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།