ལུའུ་ཞུན་

ཡོང་ཁུངས་Wikipedia

ལུའུ་ཞུན། ( 鲁迅 1881-1936 ) མིང་གཞན་ལ་ཀྲོའུ་ཧྲུའུ་རེན་ཟེར། ཁོང་ནི་བརྒྱ་ལོ་ཉི་ཤུ་པའི་ཀྲུང་གོའི་རྩོམ་པ་པོ་གྲགས་ཅན་ཞིག་སྟེ། དེང་རབས་བརྩམས་སྒྲུང་དང་། ཕལ་སྐད་བརྩམས་སྒྲུང་། ཉེ་རབས་རྩོམས་རིག་གི་རྨང་འདིང་མཁན་ཡིན། བརྩམས་སྒྲུང་སྐོར་ལ << ང་རོ >> དང་།<< ཕ་ཡུལ། >> << སོམ་ཉི >> << གཏམ་རྒྱུད་གསར་བསྒྲིགས >> སོགས་དང་། འབོལ་རྩོམ་སྐོར་ལ་ << དུར >> དང་ << ཚ་རླུང་ >> ལྟ་བུ། ལྷུག་རྩོམ་སྐོར་ལ << རྩྭ་ལྡུམ >> སོགས་ཡོད། སྐུ་ཞབས་ཧུའུ་ཧྲིས། " ལུའུ་ཞུན་ནི་རང་དབང་རིང་ལུགས་པ་འཁྲུལ་མེད་ཅིག་སྟེ། ཁོ་ནི་ང་ཚོའི་མི་ཡིན " ཞེས་གདེང་འཇོག་བྱས་ཡོད།