Jump to content

ལུམ་པའི་ལྷ་ཁང་

ཡོང་ཁུངས་Wikipedia

(སྟོད་ལུང་བདེ་ཆེན་རྫོང་ཁོངས)《མཁས་པ་ལྡེའུའི་ཆོས་འབྱུང》ནང་ཁྱུང་པོ་སྤོ་རིང་པོས་ཧོར་གྱི་དམག་དཔོན་བྱས་པའི་སྡིག་སྦྱོངས་སུ་སྟོད་ལུང་ལུམ་པའི་ལྷ་ཁང་བཞེངས་ཞེས་གསལ་བ་ལྟར་དེ་སྔོན་མང་ཚོགས་ཀྱིས་རྒྱུན་དུ་སྟོད་ལུང་ལུམ་པ་ཟམ་པའི་ཤར་ངོས་ཀྱི་བྲག་ཟུར་གྱི་སྟེང་ལ་རྩིག་ཤུལ་ཞིག་ཡོད་པ་དེ་ལུམ་པ་ལྷ་ཁང་གི་ཤུལ་རེད་ཟེར་ཡང་། རབ་བྱུང་་བཅུ་བདུན་པ་མེ་ཡོས་(༡༩༨༧)ལོར་གུ་རུམ་ཆུས་གནས་ཡུལ་གྱི་བྱང་ངོས་སུ་རྒས་གསོ་ཁང་གསར་སྐྲུན་གྱི་རྩིག་ རྨང་འདྲུ་སྐབས་ས་སོག་ནས་སཙྪ་དང་། རྩིག་ཤུལ། རིང་ཚད་སྤྱི་ཁྲེ་གཉིས་ལྷག་ཙམ་ཡོད་པའི་རྡོ་རིང་ཟུར་བརྒྱད་མ་གཉིས་དོན་འདུག་པ(རྡོ་རིང་དེ་ད་ལྟ་མཚུར་ཕུ་དགོན་པར་ཡོད་པ)སོགས་ལ་བལྟས་ན་ལུམ་པ་ལྷ་ཁང་གི་ཤུལ་དེ་གར་མིན་ནམ་སྙམ།
༼དུང་དཀར་ཚིག་མཇོད་ཆེན་མོ་༽ལས་བཏུས།