ལུང་ཤར་ཞིབ་འཇུག་

ཡོང་ཁུངས་Wikipedia


ལུང་ཤར་ཞིབ་འཇུག


ཟླ་བ་བཟང་པོའི་བསྒྲིགས།



སྒོམ་སྡེའི་ཀློག་རྡུལ་དཔེ་སྐྲུན་ཁང།








དཀར་ཆག 《ལུང་ཤར་ཞིབ་འཇུག་》གི་སྒོ་གླེགས་འབྱེད་པ། _______སྔོན་འགྲོའི་ཚབ་ཏུ་བྲིས་པ། ཁམས་འཛུམ་གྲོལ། ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱི་ལོ་རྒྱུས། ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱིས་བཙོན་ནས་བླངས་པའི་མགུར། རྡོ་རིང་ཞིག་གི་གས་ཆག སྒོ་ཤེས་རབས། མཐོ་སྒང་གི་སྐར་མདའི་འཆར་ནུབ།〈དཔེ་ཀློག་ཟིན་ཐོ།〉 ཕུན་ཚོགས་རྒྱལ། སྲིད་ལུགས་གསར་སྒྱུར་གྱི་ལས་འགུལ་དང་ལུང་ཤར་བ། བེ་དུང་། ལུང་ཤར་རྡོ་རྗེ་ཚེ་རྒྱལ་གླེང་བ། ཁྲི་མཆོད་ཀོང་། ལོ་རྒྱུས་ཀྱི་ངོས་ལས་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ལ་ལྟ་བ། གོར་མ། ལུང་ཤར་ལུགས་བསྒྱུར་ཐད་ཀྱི་སྐད་ཆ། རས་པ། ལུང་ཤར་བས་སྦར་བའི་བསམ་བློའི་མེ་སོན། ཁམས་འཛུམ་གྲོལ། འགྱོད་བཤགས་དང་རྗེས་དྲན། _______ལུང་ཤར་རྡོ་རྗེ་ཚེ་རྒྱལ་ལ་རྗེས་དྲན་དུ། ཁམས་འཛུམ་གྲོལ། ལུང་ཤར་གདེང་འཇོག དང་པོ། _______ལོ་རྒྱུས་ལས་ལུང་ཤར་གདེང་འཇོག་བྱེད་སྟངས་སྐོར་ཞིག ཁམས་འཛུམ་གྲོལ། ལུང་ཤར་གདེང་འཇོག གཉིས་པ། _______བོད་ཀྱི་ཤེས་ཡོན་པས་ལུང་ཤར་གདེང་འཇོག་བྱེད་སྟངས་སྐོར་ཞིག ཁམས་་འཛུམ་གྲོལ།









《ལུང་ཤར་ཞིབ་འཇུག་》གི་སྒོ་གླེགས་འབྱེད་པ།

_____སྔོན་འགྲོའི་ཚབ་ཏུ་བྲིས་པ། འདི་ནས་རྩིས་པའི་མི་ལོ་བདུན་བཅུའི་ཡར་སྔོན་གྱི་ཉིན་ཞིག་ལ་གཞིས་རྩེའི་མཐོང་སྨོན་རྟ་ནག་ཁུལ་ལུང་ཤར་ཞེས་པའི་ས་ཆར་ཡབ་ལྷུན་གྲུབ་རྡོ་རྗེ་དང་། ཡུམ་རྨོའོ་བདེ་ཆེན་པདྨོ་་་་ གཉིས་ཀྱི་སྲས་སུ་འཇིག་རྟེན་གྱི་སྐྱེས་བུ་དམ་པ་ཤིག་འཁྲུངས། ཁོང་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་ནས་བྱུང་བའི་མི་སྣ་གྲགས་ཅན་ཞིག་སྟེ། རང་ཅག་གི་བསམ་བློ་དང་། རིག་གནས། ལོ་ རྒྱུས་སོགས་གང་གི་ངོས་ནས་ཀྱང་རླབས་ཆེན་གྱི་ཕྱག་ལས་་་་་་་གནང་མྱོང་བའི་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ཞེས་པ་དེ་རེད། མི་རིགས་སུ་ཞིག་ཡིན་ཡང་རང་རང་གི་ལོ་རྒྱུས་ནང་་་་་་་ རླབས་ཆེན་གྱི་མི་སྣ་བྱོན་མྱོང་བ་ནི་ཆེས་རིན་ཐང་ལྡན་པ་ཞིག་ཡིན་ལ། རླབས་ཆེན་གྱི་མི་སྣ་དེ་དག་ལ་རྩི་བཀུར་དང་། དགའ་ ཞེན། རྗེས་དྲན་བཅས་བྱེད་པ་ནི་ཡར་རྒྱས་ཀྱི་དན་རྟགས་ཞིག་ རེད་ཅེས་འཛམ་གླིང་གི་ཉམས་མྱོང་ལྡན་པའི་མཁས་དབང་་་་་་་ དག་གིས་གསུང་པ་བཞིན་ཅི་ལ་མིན། ཡིན་ནའང་རང་ཅག་གི་མི་རིགས་རྣམས་ནི་རླབས་ཆེན་་་གྱི་མེས་པོ་དག་ལ་དགའ་ཞེན་དང་རྩི་བཀུར་བྱེད་རྒྱུ་ཕར་ཞོག ད་དུང་“སྡིག་ཉེས་”ཅན་གྱི་མི་ངན་ཞིག་ལས་མཐོང་ཐུབ་ཀྱི་་་་་་ མེད་པར་མ་ཟད། རླབས་ཆེན་གྱི་སྐྱེས་བུ་རྣམས་ལ་མིག་་་་་་་ འབྲས་འབྲུ་བ་དང་། མནར་གཅོད་གཏོང་བ། སྲོག་ཁྲིམས་ གཅོད་པ་སོགས་བྱེད་བཞིན་པ་ནི་མ་གཞི་ནས་རང་ཅག་གདོད་མའི་བསམ་སྤྱོད་ལས་རྒལ་ཐུབ་མེད་པ་མཚོན་ལ། ཡར་རྒྱས་ དང་སྔོན་ཐོན་གྱིས་གྲལ་དུའང་སྙེག་ཐུབ་ཀྱི་མེད་པ་གསལ་་་་་་་་ བཤད་བྱས་ཡོད་པ་རེད། འོན་ཀྱང་རང་ཡུལ་ནས་“ནོར་བུ་”རང་ལ་ཡོད་དུས། ནོར་ བུ་ནོར་ངོ་མ་ཟིན་ཀྱང་མི་རིགས་གཞན་གྱིས་རང་སྡེའི་མི་བུ་་་་་་ རླབས་ཆེན་དག་གི་བསམ་སྤྱོད་ཀྱི་རིན་ཐང་མཐོང་ཤིང་ཞིབ་་་་་འཇུག་དང་། གདེང་འཇོག་བྱེད་བཞིན་ཡོད་པ་སྟེ་སྔོན་མ་རང་ རིགས་ལ་འབྲེལ་བ་མེད་པའི་ཕྱི་གླིང་བ་ཨ་རིའི་མེ་ཀིན་སི་ཐེན་གྱི་《སེར་མོའི་རྒྱལ་ཁམས་འཇིག་པ་》དང་། ཧྥ་རན་་་་ སིའི་བུད་མེད་རྩོམ་པ་པོ་ཧིས་ཐིར་གྱི་《ཨ་མདོའི་བསོད་་་་་་་ སྙོམས་པ་》སོགས་ནས་བརྩམས་ཏེ་ཐོག་མར་ལུང་ཤར་རྡོ་རྗེ་་་་་་ ཚེ་རྒྱལ་དང་དགེ་འདུན་ཆོས་འཕེལ་སོགས་རང་རིགས་ཀྱི་རླབས་ཆེན་མི་སྣ་དག་ལ་ཞིབ་འཇུག་དང་གདེང་འཇོག་གནང་བ་རེད། དེ་ནི་ངོ་མ་རང་ཅག་ལ་ཅོ་འདྲི་བ་ལྟ་བུའི་བཟོད་མི་ཐུབ་པའི་ངོ་ཚ་ཆེན་པོ་ཞིག་དང་རང་མཚང་རྗེན་པ་ཕྱི་རུ་ཕུད་པ་ལྟ་བུ་ཞིག་མ་རེད་དམ། རང་ཡུལ་ནས་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་བཅུ་ དགུ་བཅུ་ལ་སླེབ་དུས་གཞི་ནས་དགེ་ཆོས་དང་དོན་གྲུབ་རྒྱལ་་་་ _________ མེ་ཀིན་སི་ཐེན་(MelvynC.Goldstein梅•戈尔斯坦)ནི། ཨ་རིའི་རྩོམ་མཁན་གྲགས་ཅན། བརྩམས་ཆོས་《སེར་མོའི་རྒྱལ་ཁམས་འཇིག་པ་》དང་། སོགས་འདུག ཧིས་ཐིར་(Heather海德,?)ཧྥ་རན་སིའི་བོད་རིག་པའི་བུད་མེད་མཁས་པ། བརྩམས་ཆོས་《ཨ་ མདོའི་བསོད་སྙོམས་པ་》སོགས་འདུག

སོགས་ལ་བརྩི་བཀུར་དང་དགའ་ཞེན་བྱེད་ཁུལ་བྱས་པ་མ་ཟད། ཞིབ་འཇུག་དང་རྗེས་དྲན་གྱི་རྩོམ་ཡང་བྲིས་ཡོད་པ་རེད། ད་ དུང་ཡིད་སྐྱོ་བ་ཞིག་ལ་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་ཀྱི་མི་སྣ་་་གྲགས་ཅན་དང་། དམངས་གཙོའི་ལམ་བཟང་སྤེལ་བའི་་་་་ གསར་བརྗེའི་སྣེ་ཁྲིད་པ་ཆེན་པོ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་མཆོག་གི་བསམ་བློ་དང་། སྤྱོད་པ། ལོ་རྒྱུས་སོགས་ལ་གདེང་འཇོག་ དང་ཞིབ་འཇུག་བྱེད་མཁན་མི་འདུག་ལ། ལྷག་པར་དུ་ཁོང་ གི་སྐྱོ་གར་ལོ་རྒྱུས་དང་། བསམ་སྤྱོད་ཀྱི་རིན་ཐང་ནི་བོད་མི་་་ མཆོག་དམན་ཀུན་གྱི་སེམས་ངོར་སྣང་ལ་མ་ངེས་པའི་ཚུལ་དུ་འདུག་པས། ཁོ་བོའི་འདི་ནས་བཏང་སྙོམས་འདོར་དུ་མ་་་་ ཕོད་པར་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ཞིབ་འཇུག་གི་“དབུ་སྒོ་”འབྱེད་པའི་ལས་འགན་འདི་ཁུར་དུ་བླངས་པ་ཡིན་ཏེ། རང་རིགས་ ཀྱི་མཆོག་དམན་སུ་ཞིག་ཡིན་ཡང་རང་གི་རླབས་ཆེན་མི་སྣར་་ འཚོལ་རྟོག་དང་། ཞིབ་འཇུག་བྱེད་པའི་འོས་བབ་ཀྱི་འགན་ འཁྲི་ཡོངས་ཁྱབ་ཏུ་ཡོད་པས་སོ།། ཞིབ་འཇུག་དངོས་ཀྱི་ཐད་ལུང་ཤར་རྡོ་རྗེ་ཚེ་རྒྱལ་མཆོག་་ གི་ལོ་རྒྱུས་དང་གསུང་རྩོམ་སོགས་དཔྱད་གཞི་ཉུང་ཞིང་། འཚོལ་རྟོགས་བྱེད་པའི་དུས་ཡུན་ཡང་ཐུང་བས་ཐེངས་འདིར་་་ད་སྔོན་ལུང་ཤར་སྐོར་གྱི་ལོ་རྒྱུས་དང་དཔྱད་རྩོམ་སྐོར་ཞིག་གཞིར་བཞག་ཐོག་དེང་གི་རྩོམ་ཐུང་འགའ་ཁ་སྣོན་བགྱིས་ཏེ་ཀློག་པ་་་་་པོའི་སྤྱན་སྔར་ཐེངས་དང་པོ་ལུང་ཤར་ཞིབ་འཇུག་གི་དབུ་སྒོ་་་་་འབྱེད་པའི་ལེགས་སྐྱེས་དང་། དཔྱད་གཞི་ཙམ་དུ་ཕུལ་བ་་་་་་ ལགས་པས། སླད་ཕྱིན་རང་རིགས་མཁྱེན་དཔྱོད་ལྡན་པ་་་་་་ རྣམས་ཀྱིས་འདིའི་ཕྱོགས་ནས་ནོར་འཁྲུལ་ཡོད་རིགས་ལེགས་་་བཅོས་དང་། ལུང་ཤར་ཞིབ་འཇུག་སྐོར་ནས་ལམ་སྟོན་གྱི་མོལ་ མཆིད་ལྷུག་པོར་སྩོལ་བའི་རེ་བ་དང་། མ་འོངས་པར་ལུང་ཤར་ རྡོ་རྗེ་ཚེ་རྒྱལ་ཞིབ་འཇུག་དང་། འཚོལ་རྟོག་གི་རྦ་རླབས་དེ་་་ འུ་ཅག་གི་ཤེས་ཡོན་པའི་ཆུ་ཀླུང་ཆེན་མོའི་ཁྲོད་ནས་འཕྱོ་བའི་རེ་སྨོན་བཅས་

ཟླ་བ་བཟང་པོས་༢༠༡༤ལོའི་ཟླ་༡པའི་ཚེས་༢༣ཉིན་བྲིས་པའོ།།

ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱི་ལོ་རྒྱུས། ལུང་ཤར་རྡོ་རྗེ་ཚེ་རྒྱལ་མཆོག་ནི་ཟུར་ཆུང་ཤེས་རབ་གྲགས་་པའི་མི་རྒྱུད་ཡིན་ལ། སྤྱི་ལོ་༡༨༨༡ལོ་བོད་ལྕགས་སྦྲུལ་ལོར་་ ཡབ་ལུང་ཤར་ལྷུན་གྲུབ་རྡོ་རྗེ་དང་། ཡུམ་རྨོའོ་བདེ་ཆེན་པད་ མོ་གཉིས་ཀྱི་བུར་གཞིས་རྩེ་མཐོང་སྨོན་རྫོང་རྟ་ནག་ཁུལ་དུ་་་་་་་ སྐྱེས་ཤིང་། དགུང་ལོ་བརྒྱད་ཙམ་ལ་སླེབས་དུས་ཡབ་འདས། ཡུམ་ནས་གཅེས་པར་བསྐྱངས་ཏེ་འཚར་ལོངས་བྱུང་ཞིང་། ཤེས་ཡོན་རིག་གནས་སློབ་སྦྱོང་ཐད་ལའང་ཡུམ་གྱིས་ཐུགས་་་་་ འཁུར་གནང་སྟེ་དགེ་རྒན་མང་པོ་བསྟེན་སྟབས་སྦྱངས་འབྲས་་ཧ་ཅང་ཡག་པོ་བྱུང་འདུག དེར་བརྟེན་ཁོང་གིས་ཡུམ་ལ་ཐོག་ ____________________ ལུང་ཤར་མཆོག་གི་ལོ་རྒྱུས་འདི་ནི་ཁོང་གི་བུ་ལྷ་ཀླུ་ཞབས་པད་ཀྱིས་བྲིས་པའི་《ངའི་ཕ་ལུང་ཤར་རྡོ་རྗེ་ཚེ་ རྒྱལ་ལ་དྲན་གསོ་བྱས་པ་》ཞེས་པ་དེ་ལ་གཞིར་བཟུང་ནས་བསྒྲིག་པ་ཡིན། ལུང་ཤར་གྱི་འཛིན་ཁོངས་ཤར་ཕྱོགས་ཟུར་ཆུང་བའི་བཞུགས་ཡུལ་རྙིང་པ་དེར་དེང་སང་ཟུར་ལུང་ཞེས་ གྲགས། དེར་བརྟེན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་ས་གནས་སྲིད་གཞུང་གི་དཔོན་རིགས་ནང་ཞུགས། མི་རྒྱུད་རིམ་པ་ནས་སྲིད་གཞུང་གི་ཞབས་སྡོད་ཞུས། མཐའ་བར་གསུམ་དུ་གུས་བརྩེ་ཧ་ཅང་ཆེན་པོ་གནང་གི་འདུག གཞན་ཡང་དགེ་རྒན་བསྟེན་གཏུགས་ཀྱིས་སྨན་དཔྱད་བྱེད་སྒོ་་སློབ་སྦྱོང་ཧུར་བརྩོན་གནང་རྐྱེན་ལག་རྩལ་ཡག་ཙམ་ཤེས་ཐུབ་པ་བྱུང་། ཁོང་དགུང་ལོ་ཆུང་དུས་ནས་གཞས་དང་ཞབས་བྲོ་ ལའང་ཧ་ཅང་དགའ་པོ་ཡོད་སྟབས་རྒྱུན་དུ་ཧུའུ་ཆིན་དང་ཡང་ཆིན་ གཏོང་བ་མ་ཟད། སྐབས་འགར་ལྷ་སར་ཡོད་པའི་་ རོལ་ཆ་གཏོང་མི་རྣམས་བསྡུ་རུབ་གནང་སྟེ་མཉམ་གཏོང་སྤྲོ་་་ སྐྱིད་ཡང་ཡང་གནང་བ་རེད། དེའི་ནང་ནས་རོལ་ཆ་གཏོང་རོགས་སུ་ཡོང་མཁན་གཙོ་བོ་སྦ་ ཡི་ཝ་ལི་〔ཧོས་རིགས〕དང་། དལ་ཞོལ་ལི་〔རྒྱ་རིགས་〕འ་མན་རི། རྣམ་རྒྱལ། ནང་མའི་གཞས་གཏོང་མཁན་ཡེ་ཚ་〔ཧོས་རིགས〕སྟོད་གཞས་གཏོང་མཁན་ཕུར་བུ་སྒྲོན་མ། བསོད་ནམས་སྐྱིད་འཛོམས། དབྱངས་སྐྱིད་ཟེར་བ་བཅས་སྐད་ ____________________ ཧུའུ་ཆིན་དང་ཡང་ཆིན་རོལ་ཆའི་རིགས་ཤིག རྒྱ་སྐད་ལ་胡琴 དང་杨琴ཟེར། གྲགས་ཡོད་པའི་བུ་མོ་གསུམ་སོགས་ཡོད།སྐབས་སུ་དེ་དག་དང་མཉམ་དུ་“རྗོ་ཧྲི་རོལ་མོའི་རང་མོས་དཀྲོལ་རྡུང་སྤྲོ་ཚོགས་”  བསྡུ་གི་ཡོད། དགུང་གྲངས་ཉི་ཤུ་སྐོར་ལ་ཕེབས་དུས་རྟ་ནག་སྒེར་ལྷས་ཁུད་པའི་བུ་མོ་མདུན་ཐབས་སུ་བཞེས་པ་དེ་ལ་ཕྲུ་གུ་ཆ་པ་རུ་་་་ ཟུར་དབང་ཆེན་གཡུ་ལྷ་དང་། སྒྲོལ་མ་ཕུག་པད་མ་གཉིས་་་་ བཙས།དེ་ནས་སྲིད་རྙིང་གི་དྲུང་འཁོར་ཞུ་བར་ལྷ་སར་ཕེབས་་་་ཏེ་དཔོན་རིགས་ཁོངས་ཞུགས། ཁོང་ཡིག་རྩིས་ཡག་ཙམ་ཡོད་ སྟབས་མི་རིང་བར་རྩིས་ཁང་ལས་ཁུངས་ཀྱི་རྩིས་པར་བསྐོ་་་་་་་ བཞག་བྱས་འདུག རྩིས་པའི་ལས་འགན་ལོ་བཅུ་ཙམ་གནང་ རིང་ལས་ཀར་ཧུར་བརྩོན་ཆེ་ཞིང་། འཇོན་ཐང་ཆེན་པོ་ཡོད་ མཁན་ཞིག་ཡིན་འདུག་གཤིས། རྩིས་པ་ལུང་ཤར་ཞེས་མིང་ གྲགས་ཐོག་མར་ཐོན། སྐུ་ཟླ་དེ་ཉིད་ལུང་ཤར་གཞིས་སུ་སྟོན་ ____________________ 爵士乐自由演奏会 བསྡུའི་ཕྱག་ལས་གནང་བར་ཕེབས་སྐབས་ཤིག་ལ་སྟབས་མ་་་་་་ ལེགས་པར་གཞིས་སུ་སྐུ་གཤེགས། དེ་ནས་ལོ་གསུམ་ཙམ་སོང་བའི་རྗེས་སུ་བསྟན་འཛིན་སྒྲོལ་ དཀར་ལགས་དང་གཉེན་སྒྲིག་གནང་། ཕྲུ་གུ་བུ་ལྔ་དང་། བུ་ མོ་གཅིག་བྱུང་། ༡༩༡༡ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་༡༣པ་ཧིན་ རྡུར་ཕེབས་བཞུགས་རིང་ཕྱི་རྒྱལ་གྱི་གནས་ཚུལ་མང་ཙམ་་་་་་་་ ཞིག་མཁྱེན་རྟོགས་བྱུང་རྐྱེན་བོད་ལྗོངས་ཡར་རྒྱས་འགྲོ་བར་་་་་་ རིག་གསར་འཕེལ་རྒྱས་གཏོང་དགོས་པ་དེ་དགོངས་པར་འཁོར་ནས། སྤྱི་ལོ་༡༩༡༣ལོར་སྐུ་དྲག་གི་བུ་ཕྲུག་ཁོངས་ནས་ན་ གཞོན་ཁ་ཤས་འདེམས་སྒྲུག་གནང་སྟེ་ཁོ་ཚོ་དབྱིན་ཡུལ་དུ་་་་་་་་ སློབ་གྲྭར་སྐྱེལ་བར་འགྲོ་མཁན་གྱི་མགོ་གཙོར་ལུང་ཤར་ཁོང་་་་ གདམས་ཤིང་། རིམ་བཞིའི་གོ་གནས་དང་སྦྲགས་ལས་འགན་ གནང་། བུ་ཕྲུག་ཁོངས་སྨོན་གྲོང་མཁྱེན་རབ་ཀུན་བཟང་དང་། ____________________ རིམ་བཞི་ནི་དགའ་ལྡན་ཕོ་བྲང་སྐབས་ཀྱི་གོ་གནས་ཤིག བྱང་ངོས་པ་རིག་འཛིན་རྡོ་རྗེ། སྐྱིད་སྦུག་པ་དབང་འདུས་ ནོར་བུ། སྒོག་མཁར་བ་བསོད་ནམས་མགོན་པོ་བཅས་གཏོང་ གནང་མཛད་པ་ཁོང་ཚོ་དང་མཉམ་དུ་དབྱིན་ཇིའི་རྒྱལ་ས་་་་་་་ ལོན་ཀྲོན་དུ་ཕེབས། དབྱིན་གཞུང་ནས་སྣེ་ཤན་རྒུལ་ཊ་ས་ཧེབ་དང་། སྐད་་་་ བསྒྱུར་ལེགས་ལྡན་ས་ཧེབ་“བོད་རིགས”གཉིས་བཙུགས་ཏེ་སྣེ་ལེན་བྱས་འདུག བོད་ས་གནས་སྲིད་གཞུང་གིས་བསྐུར་བའི་ ཡི་གེ་དང་ལག་རྟགས་སོགས་སྤྲད་ཅིང་། ཕྲུ་གུ་བཞི་ཨིང་ལན་ རག་སྦིའི་ཞེས་པའི་སློབ་གྲྭར་བཅུག རྗེས་སུ་ཕྲུ་གུ་རྣམས་ལ་ ཆེད་ལས་ཡོན་ཏན་རེ་རེ་བསླབས་པ་ནི། སྨོན་གྲོང་མཁྱེན་ རབ་ཀུན་བཟང་ལ་ས་གཏེར་འཚོལ་འདོན་སྐོར་དང་། བྱང་ ངོས་པ་རིག་འཛིན་རྡོ་རྗེར་གློག་གི་ལས་ཀ་སྐྱིད་སྦུགས་པ་་་་་་་་་ དབང་འདུས་ནོར་བུ་ཏར་གཏོང་དང་ས་ཐིག་ལེན་རྒྱུའི་ལས་་་་་་ ཀསྒོག་མཁར་བ་བསོད་ནམས་མགོན་པོར་དམག་དོན་ལས་ཀ་་་བཅས་སློབ་སྦྱོང་བྱས་ཏེ་ཚང་མ་སློབ་ཐོན་གྱིས་བོད་ལ་ཕྱིར་་་་་་་་ ལོག སྐབས་དེར་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ཁོང་དང་སྐུ་ཟླ་་་་་་ ནས་ཀྱང་དབྱིན་ཇིའི་སྐད་ཡིག་ཕྲན་བུ་བསླབས་ཤིང་། ཧྥ་རན་ སི་དང་། འཇར་མན། སུའེ་ཙེར། དབྱི་ཐ་ལི། ཧོ་ལན། པེར་ ཀྲེམ། ཨི་ཀྲར་ལི་སོགས་ལ་བལྟ་བསྐོར་དུའང་ཕེབས་འདུག་པ་ བཅས་བརྒྱུད་ཁོང་ལ་ཕྱི་རྒྱལ་གྱི་བྱེད་སྟངས་ཐད་ནས་ཤུགས་་་་་་ རྐྱེན་ཆེ་ཙམ་ཐེབས་ཏེ། བོད་ཀྱི་ལམ་ལུགས་རྙིང་པ་དེར་ཕྲན་ བུའི་བཅོས་སྒྱུར་མ་བྱས་ཚེ་ཉེན་ཁ་ཡོད་པའི་བསམ་བློ་འཁོར་་་་ ནས། དུས་ཚོད་བྱུང་རིམ་བཞིན་དབྱིན་ཡིག་གི་ལོ་རྒྱུས་དེབ་ ལ་རྟག་པར་ལྟ་ཀློག་གནང་བ་དང་། ང་ཚོ་ནང་མི་འཛོམས་ཏེ་ སྡོད་སྐབས་ཁོང་གིས་དེ་སྔོན་ཧྥ་རན་སིར་དུས་འགྱུར་གྱིས་ཧྥ་་་་ རན་སིའི་རྒྱལ་པོ་གཏོར་བ་དང་། ཨི་ཀྲར་ལིའི་རྒྱལ་པོ་གཏོར་ བའི་ལོ་རྒྱུས་སྐོར་སྒྲུང་གཏམ་ལྟ་བུར་གསུང་གི་འདུག བོད་ལ་ཕྱིར་ལོག་གནང་རྗེས་ཏཱ་ལའི་བླ་མས་དམིགས་་ བསལ་གཟིགས་སྐྱོང་གནང་སྟེ་རྩིས་དཔོན་གྱི་གོ་གནས་གནང་། དེ་དུས་བོད་དམག་སྒྲིག་གཞི་རྒྱ་སྐྱེད་བྱེད་སྒང་ཡིན་རུང་། དམག་ཕོགས་འདང་གི་མེད་སྟབས་འབྲུ་རིགས་འཕར་མ་བསྡུ་་་རྒྱུའི་འཆར་གཞི་བཟོས་ཏེ་འབབ་ཞིབ་“ལས་ཁུངས་”ཞེས་པ་་་་ གསར་བཙུགས་ཐོག་དོ་དམ་དྲུང་ཡིག་ཆེན་མོ་བློ་བཟང་བསྟན་སྐྱོང་དང་། རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གཉིས་ལ་བསྐོ་ བཞག་གནང་རྒྱུར་ཏྭ་ལའི་བླ་མས་ཆོག་མཆན་གནང་། དེར་ བརྟེན་འབབ་ཞིབ་འགེལ་ཡུལ་སྡེ་དཔོན་མི་དྲག་དང་། ཡབ་ གཞིས་ཁག སྒེར་པ། ཆོས་གཞིས་བཅས་ལ་ས་ཞིང་སྦུག་ བཟོས་འཕར་མ་ཡོད་རིགས་དང་། བཀའ་གཞིས། མདའ་གཞིས། སྒེར་པ་ཞབས་སྡོད་མ་ཞུས་པའི་ཕ་གཞིས་སོགས་ལ་ཞིབ་འཕར་འབྲུ་རིགས་འཕར་འགེལ་བྱས་ཏེ་མི་ཚང་ཆེ་རིགས་ལ་འབྲུ་་་་་་་ ཁལ་སྟོང་ཕྲག་བཞི་ལྔ་དང་། དེ་འོག་ལ་ཁལ་བརྒྱ་ཕྲག་ཁ་་་་ ཤས་འགེལ་དཀྲི་བྱས་སྟབས་ས་གནས་སྲིད་རྙིང་ལ་འབྲུ་རིགས་ཧ་ཅང་ཕོན་འབོར་ཆེན་པོ་བྱུང་སྟེ་རྗེས་སུ་ཏཱ་ལའི་བླ་མའི་སྐུ་་་་་ ཚེའི་སྨད་ཆར་སླེབས་དུས་འབྲུ་ཁང་རྙིང་པ་ཕལ་ཆེར་ཁེངས་་་ ཏེ་ས་གནས་ཁ་ཤས་ལ་བཀར་ཁང་ནང་འབྲུ་འཇུག་ཡུལ་མེད་་་་ པ་ལྟ་བུ་བྱུང་བ་རེད། ཡིན་ནའང་ཏཱ་ལའི་བླ་མ་བཅུ་གསུམ་པ་ སྐུ་གཤེགས་རྗེས་བཀའ་ཤག་ནས་ཞིབ་འཕར་འབྲུ་རིགས་ལོ་་་་་་ ཤས་ཆག་ཡང་བཏང་བ་དང་། ལྷག་པར་མི་དྲག་ཁ་ཤས་ལ་་་་་ གཞུང་འབྲུ་སྐྱེད་མེད་སྔ་གཡར་དང་། གསོལ་རས་སོགས་མང་ པོ་སྤྲད་རྐྱེན་གཞུང་གི་འབྲུ་རིགས་ལ་དོ་ཕོག་ཆེ་ཙམ་བྱུང་་་་་་་་་་ སྟབས་སྐབས་དེར་མང་ཚོགས་ནས་ཟུར་ཟ་ཞིག་ཀྱང་བྱས་ཡོད་་པ་སྟེ། བཀའ་ཤག་གི་ཕྲ་མའི་ཐོད་དུ་དེ་སྔ་ཆིང་གོང་མས་་་་་ གནང་བའི་བེན་་ཞིག་ཡོད་པ་དེའི་ཐོག་བོད་ཡིག་དབུ་ཅན་་གྱིས་“ཕྱི་ནང་བསྟན་སྲིད་ཡོངས་ལ་བསོད་ནམས་ཀྱི་དགེ་་་་་་་་་་ཚོགས་ལྷག་པར་སྤེལ་བ་”ཞེས་འཁོད་ཡོད་པ་དེ་ལ་བལྟས་ནས་་བཀའ་ཤག་གི་ཕྲ་མའི་འོག་ཏུ་ཡི་གེ་ཞིག་སྦྱར་བའི་ནང་“ཕྱི་་་་་་་ ནང་སྐྱེ་འགྲོ་ཡོངས་ལ་འབྲུ་དངུལ་གྱི་སྟོན་མོ་ལྷག་པར་སྤེལ་བ་་”ཞེས་བྲིས་ཡོད་པ་རེད། སྐབས་དེར་འབྲུ་རིགས་འབབ་བཟོ་་ ____________________ བེན་ནི་ཆང་དང་ཆུ་སོགས་བླུགས་པའི་སྣོད་ཁ་དོག་ལ་ལྟོ་བ་ཆེ་བའི་རིགས་ཤིག བྱེད་ཡུལ་སྡེ་དཔོན་མི་དྲག་ཆེ་གྲས་ཁག་ལ་འབབ་འཁྲི་ཆེན་་་་་་ པོ་བྱུང་སྟབས་མཐོ་རིམ་མི་སྣ་ཁག་གཅིག་ནས། རྩིས་དཔོན་ ལུང་ཤར་ལ་མ་དགའ་བའི་གླེང་ཕྱོགས་ཆེན་པོ་བྱུང་འདུག་ཀྱང་དེའི་དུས་ཏཱ་ལའི་བླ་མས་གཟིགས་སྐྱོང་ཆེན་པོ་ཡོད་སྟབས་སུས་ཀྱང་གནོད་འཚེ་གཏོང་ཐུབ་མི་འདུག དེ་རྗེས་ལུང་ཤར་མཆོག་ལ་”རྩིས་དཔོན་“དང་” འབབ་ཞིབ་ “དོ་དམ་ཡིན་མུས་ཐོག་ཏཱ་ལའི་བླ་མས་”དམག་སྤྱིའི་འཚོ་འཛིན་“ཞེས་དམག་སྤྱི་ཁང་གི་ལས་འགན་ཡང་གནང་བ་རེད། དེར་རྩིས་དཔོན་ལུང་ཤར་ཞེས་སྙན་གྲགས་ཆེ་སྒང་གི་དུས་་་་་་་་ སྐབས་ཤིག་ཡིན་ལ་ཏཱ་ལའི་བླ་མའི་ཐུགས་བློས་འགེལ་ཡུལ་་་་་་ ཞིག་ཀྱང་ཡིན་སྟབས་ནང་དོན་གྱི་ཕྱག་བྲིས་གལ་ཆེའི་རིགས་་ཞབས་ཞུ་གནང་བ་དང་། ཏཱ་ལའི་བླ་མས་ཀྱང་གཟིགས་སྐྱོང་ གི་རྣམ་པས་ཐུགས་རྗེ་ཆེན་པོའི་སྐུ་བརྙན་གསེར་གྱི་དབུ་རྒྱན་་་་སྙན་རྒྱན་ཡོད་པ་རྩ་ཆེན་ཞིག་གསོལ་རས་གནང་སྟེ་ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་བའི་ཐུགས་སྨོན་གནང་གི་ཡིན་ཞེས་་་་་་་ སོགས་དབུགས་དབྱུང་སྩལ་བའི་སྐལ་བ་བཟང་པོ་ཞིག་བྱུང་་་་་་་ རུང་། དེ་རྗེས་སྤྱན་བསལ་ཐུབ་བསྟན་ཀུན་འཕེལ་ལགས་དང་ ཁོང་གཉིས་ཤུགས་ཆེ་མཉམ་ཡིན་སྟབས་སྤྱན་བསལ་ནང་ཁུལ་མཐུན་པོ་མ་བྱུང་བས་བརྙད་འཚོལ་ཆེད་ཏཱ་ལའི་བླ་མར་གླེང་་་་ ཕྱོགས་མང་པོ་ཞུ་གི་ཡོད་འདུག དཔེར་ན་ལུང་ཤར་རོལ་ཆ་ གཏོང་རྒྱུར་དགའ་པོ་ཡོད་སྟབས་ཟླ་རེ་བཞིན་ཉིན་གཉིས་ཙམ་་རིང་རོལ་ཆ་གཏོང་རོགས་ཚོ་དང་མཉམ་དུ་འཛོམས་ཏེ་ཉིན་་་་་ གུང་ཙམ་ནས་གཞས་དང་ཞབས་བྲོ་བརྒྱབ་སྟེ་སྡོད་ཀྱི་ཡོད་་་་་་་་ ལུགས་སོགས་སྙན་ཕྲ་ཞུས་སྟབས། གཞུང་དོན་ལས་ཀར་དོ་ འཁུར་མ་བྱས་པ་ལྟ་བུའི་དགོངས་ཕྱོགས་བྱུང་ཏེ་དམག་སྤྱིའི་་་་་་ ལས་འཁུར་ཕྱིར་འཐེན་དང་རྩིས་དཔོན་རང་འཇགས་སུ་འཇོག་པ་གནང་། ཡིན་ནའང་ནང་དོན་གལ་ཆེའི་ཕྱག་བྲིས་ཞབས་ཞུ་སོགས་སྔར་བཞིན་གནང་བ་མ་ཟད།ལས་དོན་སྐོར་གྱི་བཀའ་་་་་ མོལ་ཡང་ཆིབས་གཡོག་བསྡོངས་རྟག་ཏུ་ཕེབས། དེ་ནས་རྩིས་ དཔོན་དང་འབབ་ཞིབ་ཕྱག་ལས་སྔར་བཞིན་གནང་མུས་སུ་ཆུ་བྱ་ལོ་སྟོད་ནས་ཞབས་འབམ་ལྟ་བུའི་བསྙུན་མནར་གྱིས་ཟླ་བ་ ཁ་ཤས་ལུས་སོང་། དེ་ནས་ནད་དྲག་སྐྱེད་ཅུང་ཟད་བྱུང་དུས་ ཁོང་གིས་ད་ཆ་ང་ལོ་ལྔ་བཅུ་ལྷག་ཙམ་སླེབས་པ་དང་རྐང་པར་ནད་གཞི་ཡང་ཡོད་སྟབས་ལས་ཞབས་ཆབས་ཅིག་དགོངས་པ་ཞུས་ནས་བསྡད་ན་ཆག་པ་འདུག དེ་ཡང་རྒྱལ་བ་རིན་པོ་ཆེར་ནང་མའི་སྙན་གསེང་ཞུ་རྒྱུ་དེ་སྤྱན་གསལ་ངོ་ཤེས་ཞིག་རྒྱུད་ནས་ཞུ་དགོས་ཞེས་ཁོང་གི་བུ་་མངགས། དེར་བརྟེན་ཁོང་གི་ལྷ་ཀླུ་རྡོ་རྗེ་ཚེ་དབང་སྐུ་སྲུང་རུ་ དཔོན་བྱེད་སྐབས་སྤྱན་བསལ་ཨང་ཀི་གཉིས་པའི་གྲས་བསོད་ནམས་ནོར་བུ་དང་བདེ་ཆེན་དབྱིངས་གསལ་གཉིས་ཧ་ཅང་ཉེ་པོ་ཡོད་སྟབས་ཟླ་བ་བཅུ་པའི་ཚེས་ཤར་ལ་ངས་ཁོང་གཉིས་སར་མཎྜལ་རྟེན་དོད་དངུལ་ཊམ་དཀར་སྲང་ལྔ་དང་ཁ་བཏགས་ནང་མཛོད་གཅིག་ཁྱེར་དགོངས་ཞུའི་སྐོར་རྒྱལ་བ་རིན་པོ་ཆེར་སྙན་གསེང་ཞུདགོས་སོགས་བཤད།ཁོང་གཉིས་ནས་བརྗོད་དོན། ད་ རེས་དགོངས་པ་རྩ་བ་ནས་ཞུ་ཐལ་མ་བྱེད། རྒྱལ་བ་རིན་པོ་ཆེ་ ནས་གཟིགས་བསྐྱངས་ཆེན་པོ་འདུག ད་ཕྱིན་རྒྱལ་བ་རིན་པོ་ ཆེ་ནས་ཕྱག་ལས་ཕྲན་བུ་ཉུང་དུ་འགྲོ་ཆེད་ཁྱེད་རང་གི་པཱ་་་་་་་་་ ལགས་དང་མགྲོན་གཉེར་ཆེན་མོ་ལྐོག་པོ་བ་གཉིས་སྲིད་བློན་་་་ བསྐོ་བཞག་གནང་རྩིས་འདུག་པ་དང་། ཕྱོགས་གཅིག་ནས་ གནམ་ལོ་གསར་རྒྱུའི་སྨོན་ལམ་ཆེན་མོར་བསོད་ནམས་ནོར་་་་་ བུ་གྲྭ་པ་བྱས་ཏེ་སྤྱན་བསལ་གཙོ་གྲས་གནང་རྒྱུ་གཏན་འཁེལ་་་སོང་ཞེས་བཤད། ལྷ་ཀླུ་དགའ་ཐག་ཆོད་ནས་ནང་དུ་ལོག་ཕྱིན་ཏེ་གནས་ཚུལ་ཁོང་གི་ཕ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ལ་ཞུས། དེ་ནས་མི་ རིང་བར་བོད་ཟླ་༡༠པའི་ཚེས་༣༠དགོང་མོ་ཏཱ་ལའི་བླ་མ་གློ་བུར་དུ་སྐུ་གཤེགས་སྟབས་རྩིས་དཔོན་ལུང་ཤར་ནས་སྡུག་བསྔལ་མི་བཟོད་པ་ལྟ་བུ་གནང་། དེ་རྗེས་ཏཱ་ལའི་བླ་མ་སྐུ་གཤེགས་པའི་ སྐོར་སྐུ་བཅར་རྣམས་ལ་གནས་ཚུལ་ཇི་ཡིན་བོད་ལྗོངས་ཚོགས་འདུ་ནས་ཞིབ་དཔྱོད་བྱས། སྐབས་དེའི་ཨེམ་རྗེ་བྱམས་པ་ཟེར་ བ་ནས་ཞུ་གསལ། ང་གསོལ་སྨན་འབུལ་བའི་རང་དབང་མ་ བྱུང་། གནས་ཆུང་ཆོས་སྐྱོང་ནས་ལུང་བསྟན་བརྒྱ་སྟེ་“འཆམ་ འཇོམས་དཔའ་བོ་བཅུ་བཞི་”འབུལ་དགོས་ཟེར་སོང་བར་ཀུན་འཕེལ་ནས་སྨན་པ་ག་པར་ཡོད་གསུང་གི་འདུག ཨེམ་རྗེས་སྨན་དེ་ཕུལ་ན་རྩ་བ་ནས་འགྲིག་གི་མ་རེད་ཅེས་ལབ་པར་ཆོས་སྐྱོང་ནས་སྨན་ཁུག་ངའི་ལུས་རྟེན་གྱི་་་་་་་་་ གཡོག་པོར་ཡོད་པ་དེ་ལེན་དགོས་ལབ་སོང་བར། ཀུན་འཕེལ་ ལགས་ནས་སྨན་ཁུག་ཡར་བཞེས་ཏེ་ཆོས་སྐྱོང་དང་མཉམ་དུ་་་་ སྨན་ཕུལ་སོང་། དེས་རྐྱེན་བསྙུན་གཞི་ཇེ་སྡུག་ཏུ་སོང་ལུགས་ བརྗོད་པར། ཚོགས་འདུས་ལམ་སེང་ཀུན་འཕེལ་ལགས་་་་་་་ འཛིན་བཟུང་བྱས་སོང་། དེ་བཞིན་གནས་ཆུང་དང་ཨེམ་རྗེ་་་་ བྱམས་པ་སོགས་ལེ་ཐོག་རྣམས་དོ་དམ་བྱས་ཏེ་ཞུ་བ་ལེན་སྐབས་ ཀུན་འཕེལ་ལགས་ནས་ཞུས་ན། ཐོག་མར་ཟླ་བ་༡༠ཚེས་་་་་་ ༢༢ཉིན་གནས་ཆུང་དུ་བསྐྱོད་དེ་ལྷ་གསོ་དང་སྦྲགས་ཆོས་སྐྱོང་ ཡར་ཕེབས་རྒྱུའི་གདན་ཞུ་བྱས་ལུགས་དང་གསོལ་སྨན་ནི་ཆོས་སྐྱོང་གིས་གསུངས་པ་ལྟ་བུ་ཡིན་ཞུས་ཤིང་། ཆོས་རྗེར་འདྲི་་་ རྩད་བྱས་པར་གསོལ་སྨན་འབུལ་སྐབས་ཁོ་པར་ལྷ་ཕེབས་ཏེ་་་་ ཤོད་ཡག་མེད་ཚུལ་དང་། ཆོས་རྗེའི་གཡོག་པོ་ནས་ཟེར་ན་ ཆོས་རྗེ་ནོར་བུ་གླིང་ཁར་འགྲོ་ཁར་སྨན་ཁུག་འཁྱེར་ཤོག་་་་་་་་་་་ གསུངས་པ་ལྟར་ངས་ཁྱེར་ཡོང་ལུགས་ཞུས་པ་རེད། དོན་དུ་ གསོལ་སྨན་ཨེམ་རྗེའི་ངག་དང་མ་མཐུན་པ་ཞིག་ཨུ་ཚུགས་་་་་་ ཀྱིས་འཕུལ་བ་ར་འཕྲོད་བྱུང་བར་བརྟེན་ཀུན་འཕེལ་ལགས་་་་་ ཀོང་པོ་རྩེ་སྒང་རྫོང་དུ་རྒྱང་ཕུད་དང་། གནས་ཆུང་ཆོས་རྗེ་ འབྲས་བློ་གླིང་གྲྭ་ཚང་ལ་རྩིས་སྤྲད། ཨེམ་རྗེ་བྱམས་པར་སྨན་ སྐོར་འགལ་ཉེས་ཆེར་མེད་རུང་སྐབས་དེར་རང་འཁྲིའི་ལས་་་་་ འགན་ཇི་བཞིན་འཁུར་ཐུབ་མི་འདུག་ཅེས་རྒྱ་ཚྭ་རྫོང་དུ་རྒྱང་་འབུད་བཅས་ཀྱི་ཉེས་ཆད་བཏང་།

 ལུང་ཤར་མཆོག་དེ་སྔོན་ཨིང་ལན་དུ་ཕེབས་སྐབས་ཕྱི་ རྒྱལ་ལམ་ལུགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་སྟབས་ས་་གནས་སྲིད་གཞུང་གི་ལམ་ལུགས་ལ་ཕྲན་བུ་སྒྱུར་བཅོས་བྱེད་་་་་རྩིས་ཀྱིས་《སྐྱིད་ཕྱོགས་ཀུན་མཐུན་》ཞེས་པའི་ཚོགས་པ་

ཞིག་སྒྲིག་འཛུགས་བྱས་པར། དེ་ལམ་སེང་རྒྱ་ཆེར་ཕྱིན་ཏེ་ དཔོན་རིགས་མི་གྲངས་བརྒྱ་སྐོར་དང་། འབྲས་སྤུངས་སོགས་ སྡེ་པ།སེ་ར་བྱམས་སྨོན་སྡེ་པ། དགའ་ལྡན་གྱི་མཐུས་མི་ཀོང་པོ་ འཕྲིན་ལས་རྒྱ་མཚོ་སོགས་རིམ་པས་འཛུལ་བ་དང་། སྒྲིག་ འཛུགས་དེའི་ནང་ཞུགས་སྐབས་སྤྱི་སྒྲིག་གན་རྒྱའི་གཤམ་དུ་་་་ སོ་སོའི་མིང་ཐོ་ས་ཡིག་རེ་རྒྱག་དགོས་པར་ས་ཡིག་དང་པོ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱི་མིང་བཀོད་པ་དང་། དེའི་འོག་གཅེན་ པོ་ཆ་པ་རུ་ཟུར་གྱིས་ས་ཡིག་དེ་ནས་རིམ་བཞིན་གོང་གསལ་་་་་ དཔོན་རིགས་བརྒྱ་སྐོར་དང་སེ་འབྲས་དགེ་གསུམ་གྱི་འཐུས་་་་་་མིས་ཀྱང་ས་ཡིག་བརྒྱབ་ཡོད་པ་རེད། སྒྲིག་འཛུགས་ནང་་་་་ གསང་བའི་གྲོས་བསྡུར་རིམ་པར་བྱས་པའི་གཙོ་བོའི་དགོས་་་་་་ ____________________ 《ལུང་ཤར་ལས་འགུལ་》ཡང་ཟེར། དོན་ནི་དང་ཐོག་བཀའ་ཤག་ནང་གི་བཀའ་བློན་རྣམས་ལོ་་་་་་་་་ འཁོར་བཞི་རེར་གཏན་འཁེལ་ཐེངས་རེ་བྱ་རྒྱུ་དང་། དེ་ཡང་ མི་འགྲོ་སུ་འོས་ཚོགས་འདུས་འདེམས་ཤོག་འཕེན་རྒྱུ་ཞིག་་་་་་་ དགོས་ཚུལ་སོགས་སྲིད་གཞུང་སྤྲད་པ་རེད། སྐབས་དེར་་་ ཚོགས་པ་དེའི་ཁོངས་ཡོད་རིམ་བཞི་ཀ་ཤོད་པ་ཆོས་རྒྱལ་ཉི་མ་་་ནི་ལུང་ཤར་གྱི་ནང་མི་བློས་འགེལ་གྲོགས་པོ་གཙོ་བོ་ཞིག་རེད།དེར་བརྟེན་ལུང་ཤར་ནས་གྲོས་གཞི་སོགས་གོ་བསྡུར་གནང་་་་་་ བར་ཁོང་གིས་ཚོགས་འདུའི་གྲོས་དོན་ཧ་གོ་སྟབས་ཁོང་སྒེར་་་་་ གྱི་ཁེ་ཕན་ལ་བསམ་བློ་བཏང་བའམ། གང་ལྟར་བསམ་ཡུལ་་་ ལས་འདས་པ་ཞིག་ལ་ཁོང་གིས་བཀའ་བློན་ཁྲི་སྨོན་ནོར་བུ་་་་་་་ དབང་རྒྱལ་སར་ཕྱིན་ཏེ་སྒྲིག་འཛུགས་ཀྱི་གནས་ཚུལ་ཚང་མ་”ལྐོག་ཞུ་“བྱས་པར་མ་ཟད། ད་དུང་བཀའ་བློན་ཚོ་གསོད་རྩིས་་་་ ཡོད་ཚུལ་ཁ་སྣོན་བརྒྱབ་ཏེ་བཤད་སྟབས་བཀའ་བློན་ཁྲི་སྨོན་་་་་ ནོར་བུ་དབང་རྒྱལ་ཞེད་སྣང་དང་དངངས་ཚབས་ཧ་ཅང་ཆེན་་་པོ་བྱུང་སྟེ་ལམ་སེང་རྒྱལ་ཚབ་རྭ་སྒྲེང་གི་སྐུ་མདུན་དུ་ཕྱིན་ནས་ལས་འགུལ་འདིའི་བྱེད་གཏེ་གཙོ་བོ་རྩིས་དཔོན་ལུང་ཤར་་་་་་་་་ འཛིན་བཟུང་བྱེད་དགོས་ཞུ་སྐབས། རྭ་སྒྲེང་རྒྱལ་ཚབ་དང་་་་ རྩིས་དཔོན་ལུང་ཤར་གཉིས་དེ་སྔོན་ནས་འབྲེལ་བ་ཡག་ཙམ་་་་་ ཡོད་པས་ཕྲན་བུ་ཀ་ཀོར་གནང་ཡང་། བཀའ་བློན་ཁྲི་སྨོན་པ་ ནོར་བུ་དབང་རྒྱལ་ནས་ཨུ་ཚུགས་ཞུས་རྐྱེན་རྒྱལ་ཚབ་ཀྱང་་་་་་་ ཕྱག་ལས་ཐུགས་འགན་བཞེས་ནས་ཟླ་བ་གཉིས་ཙམ་ལས་མ་་་་ སོང་བས་ཐུགས་རྒྱུས་དང་ནུས་པ་ཆེར་མེད་པ་བཅས་ལ་བརྟེན་ཞལ་བཞེས་མ་གནང་ཐུ་མེད་བྱུང་འདུག དེ་འཕྲལ་བཀའ་བློན་ཁྲི་སྨོན་པ་འབྲས་སྤུངས་དགོན་དུ་ བྲོས་ཕྱིན་པ་རེད། ཤོད་གཟིམ་འགག་ནས་རྩིས་དཔོན་ལུང་ ཤར་སར་བང་ཆེན་ཞིག་བཏང་སྟེ་ཚོགས་འདུ་གལ་ཆེན་ཞིག་་་ཡོད་པས་མགྱོགས་པོ་ཕེབས་རོགས་ལབ་པར། རྩིས་དཔོན་་་་ ལུང་ཤར་གྱིས་བསམ་པར་འཆར་ཅན་གྱི་ཚོགས་འདུར་བཀའ་་་བསྒྱུར་བཏང་དོན་དུ་ཁོང་འཛིན་བཟུང་བཙོན་འཇུག་བྱ་རྒྱུ་་་་་་་ ཡིན་ལུགས་བཤད་དེ་ཟུར་དུ་བཞག་ཐོག འགོ་བྱེད་རྣམས་བཙོན་ཁང་གྲ་སྒྲིག་བྱེད་པར་འགྲོ་སྐབས་སར་སྲུང་བྱ་གཉིས་ཙམ་ལས་མེད་པའི་བར་གསེང་ཞིག་བྱུང་དུས་་་་་ ཁོང་གི་དགོངས་པར་གཡོག་བློ་ལྡན་གྱི་ཨམ་ཕྲག་ནང་མེ་མདའ་བསྐུར་ཡོད་པ་དེ་དྲན་གསོས་ཏེ་གཡོག་པོའི་ས་ནས་མེ་མདའ་་་་ ལེན་རྩིས་ཀྱིས་རྒྱུགས་ཕྱིན་པ་རེད། རྩེ་ལྟག་སྒོ་རྒྱབ་ཏུ་སླེབས་གྲབས་ཡོད་དུས་གཡོག་བློ་ལྡན་ གྱིས་ཀྱང་སྦྱིན་བདག་རྒྱུགས་ཡོང་གི་ཡོད་པ་མཐོང་སྟེ་སྐུ་ངོ་མེ་མདའ་འདིར་ཡོད་ཅེས་ལག་པ་བརྐྱངས་ཏེ། མེ་མདའ་སྤྲོད་ པར་ཡོང་འཕྲལ་མཐའ་བསྐོར་དུ་ཡོད་པའི་གད་པ་ཁང་གཉེར་མང་པོས་གཡོག་བློ་ལྡན་ལ་ལག་རུབ་བརྒྱབ་སྟེ་མེ་མདའ་འཕྲོག་ནས་ཁོ་པ་བཟུང་འཁྲིད་བྱས། ལུང་ཤར་ཡང་མེ་མདའ་ལག་ སོན་མ་བྱུང་བར་ཅི་བྱ་གཏོལ་བྲལ་དུ་ལུས་མུར་དེ་འཕྲལ་ཤོད་་་གཟིམ་འགག་སོགས་མི་མང་པོ་ཡོང་ནས་བཟུང་འཁྲིད་ཀྱིས་རྩེ་ཤར་ཆེན་ལྕོག་ཏུ་བཙོན་འཇུག་བྱས། གསང་གྲོས་སྐྱོན་འདོན་ར་སྤྲོད་བྱེད་མཁན་ཞིག་དགོས་་་ སྟབས་རིམ་བཞི་ཀ་ཤོད་པ་ཆོས་རྒྱལ་ཉི་མ་ཡང་བཙོན་འཇུག་་་་ཡིན་ཁུལ་བྱས། དེ་བཞིན་ལུང་ཤར་དོན་རྐྱེན་ནང་མཉམ་ཡོད་ བྱེད་གཏེའི་གྲས་ལྕང་ཅན་གུང་ཟུར་བསོད་ནམས་རྒྱལ་པོ་དང་། བཤེར་དཔང་རྒྱལ་ནང་པ། ཕྱག་དཔེ་དོ་དམ་རྩེ་དྲུང་ལས་ཚན་ ཐུབ་བསྟན་དགེ་ལྡན། རྩེ་དྲུང་ལས་ཚན〔མིང་འདོགས་ལ་ ཐ་ཁ་ལི་ཟེར་བ།〕 ཤོད་དྲུང་སྨན་རི་བ། ཤོད་དྲུང་བྲག་མཐོན་ པ།ཤོད་དྲུང་ཡུལ་ལྷ་བ་བསྟན་པ་ཚེ་དབང་། སྐུ་སྲུང་རུ་དཔོན་ ཆ་པ་དབང་ཆེན་གཡུ་ལྷ། ཁོང་གི་བུ་བཅས་འཛིན་བཟུང་བྱས། ཞིབ་དཔྱོད་པ་ནི་མཁན་དྲུང་མཁྱེན་རབ་དབང་ཕྱུག་དང་། དམག་སྤྱི་སྣང་དཀར་དབང་ཕྱུག་མཐར་ཕྱིན། ལྷ་གཉེར་བདེ་ མཁར་བ་ཚེ་དབང་རབ་བརྟན།〈ཀླུ་ཁང་པ〉རྩེ་དྲུང་བསྟན་པ་ འཇམ་དབྱངས་བཅས་བསྐོ་བཞག་བྱས་ཏེ་ཞིབ་བཤེར་སྐབས་ཀ་ཤོད་ཆོས་རྒྱལ་ཉི་མས་སྒྲིག་འཛུགས་དེའི་ནང་གི་གནས་ཚུལ་ཚང་མ་བཤད་པས་མ་ཚད་ད་དུང་བཀའ་བློན་རྣམས་གསོད་་་་་་ རྩིས་ཡོད་ཚུལ་ཁ་སྣོན་བརྒྱབ་སྟེ་བཤད་པ་རེད། ལུང་ཤར་ནས་ཞུས་དོན། གསར་བཅོས་ནང་བཀའ་ཤག་གི་་་ བཀའ་བློན་རྣམས་འདེམས་ཤོག་འཕེན་དགོས་པ་ཞིག་མ་བྱུང་་་ཐབས་མེད་སྐོར་ཡོད་པ་ལས་གསོད་རྒྱུའི་གྲ་སྒྲིག་མེད་སོགས་་་་ བདེན་དོན་དང་གནས་ལུགས་བཤད་ཀྱང་། ཞིབ་དཔྱོད་པས་ མགོ་ཕྱོགས་དཔུང་ཉེ་ལྷ་བུས་ཉན་ཤེས་རྩ་བ་ནས་མ་བྱས་སྟབས་མཐའ་དོན་ལུང་ཤར་ནས། ”ངས་ཞུས་པར་བདག་སྤྲོད་མ་གནང་ན་ད་ནི་ཁྱོད་ཚོས་ག་རེ་གནང་ན་ཡང་གནང་རོགས་གནང་། ངས་ནི་སྐད་ཆ་ཚིག་གཅིག་ཤོད་ཀྱི་མིན་”ཞེས་བརྗོད་དེ་ཁོ་ཚོས་སྐད་ཆ་ཇི་ལྟར་དྲིས་ཀྱང་ལན་མ་བརྒྱབ་པ་རེད། དེ་ནས་ཞིབ་དཔྱོད་པ་ཚོས་འཆར་གཞི་བཟོས་ཏེ་ཉེས་ཆད་དུ་མིག་འབྲས་གཉིས་ཀ་འདོན་རྒྱུ་བཀོད་ནས་ཕུལ་བར་རྒྱལ་་་་་ ཚབ་རྭ་སྒྲེང་ནས། ”ང་ནི་བླ་མ་ཡིན་པས་འདིར་ལག་རྟགས་་་་་་་ བརྒྱབ་ན་མི་འགྲིག ཁྱེད་ཚོས་གཟིགས་རོགས་གནང་”་་་་་་ གསུངས་པར། སྲིད་བློན་གླང་མདུན་ནས་”ཐུགས་ཁག་མི་་་་་་ འདུག་ང་ཚོས་ཞུས་ཆོག་”ཅེས་བཤད་ནས་དེ་འཕྲལ་བཀའ་་་་་་་ བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་དང་། བཀའ་བླ་དགེ་འདུན་ ཆོས་དར། བཀའ་བློན་གནང་བྱུང་བ། སྣེ་མགྲོན་ཕུན་རབ་པ་ བཅས་དང་ནང་གྲོས་ཀྱིས་ཨུ་རུ་སུ་དམར་པོའི་ལས་ལུགས་བྱས་པ་རེད་ཅེས་སྲིད་བློན་གླང་མདུན་ཀུན་དགའ་དབང་ཕྱུག་ནས་ལག་རྟགས་བཀོད་དེ་སྤྱན་གཉིས་བཏོན་ནས་ཚེ་བཙོན་དུ་ཐག་གཅོད་བྱས། ལེ་ཐོགས་བྱིངས་རྣམས་རྒྱང་འབུད་དུ་བཏང་། གཅེན་པོ་ཆ་པ་རུ་ཟུར་དང་ཁོང་གི་བུ་གཉིས་ཐོག་མའི་ས་ཡིག་རྒྱག་མཁན་རེད་འདུག་ཅེས་ལག་པ་རེ་རེ་གཅོད་རྒྱུ་འཁོད་པར་ཁོང་གཉིས་ཀྱི་ལག་པ་གཅོད་རྩིས་བྱེད་སྐབས་་ཕ་བོང་ཁའི་བླ་་མ་རིན་པོ་ཆེ་དང་། སེར་བྱེས་མཁན་པོ་ཐུབ་བསྟན་སྙིང་པོ་ རྣམ་གཉིས་ནས་བཀའ་བློན་ཁྲི་སྨོན་ལ་ཞུ་སྐུལ་རོགས་རམ་་་་་་་ ཤུགས་ཆེན་གནང་སྟབས། བཀའ་བློན་ཁྲི་སྨོན་ནས་ལག་པ་་་ གཅོད་མ་དགོས་པ་བྱས་ཆོག་ཅེས་ཁས་ལེན་ཞུས་འདུག་པ་ལྟར་ཁོང་གཉིས་ལས་ཞབས་ཆབས་གཅིག་གནས་དབྱུང་ཐོག་སླད་་་་ལུང་ཤར་མི་རྒྱུད་ནས་ས་གནས་སྲིད་གཞུང་གི་དཔོན་རིགས་་་་་ བྱས་མི་ཆོག་པའི་ཉེས་ཆད་བཏང་། ལུང་ཤར་ཁོང་བཙོན་ཁང་ ནང་བཞུགས་དུས་གསོལ་ཆས་སོགས་ཁྱིམ་ནས་ཉིན་ལྟར་་་་་་་་་་ འབུལ་སྐབས་གསོལ་སྨན་དང་ཐུགས་མཁོ་ཙག་ཙིག་དགོས་་་་་་ རིགས་སྤྱན་ཤོར་རུང་ཚོད་བྲིས་གནང་བའི་ཕྱག་བྲིས་ཐུང་ཐུང་རེ་བསྐུར་གནང་གི་འདུག ཐེངས་གཅིག་ཕྱག་བྲིས་ནང་ཞོལ་ལས་ཁུངས་ཀྱི་བཙོན་ ཁང་ཤོད་དེ་ས་ཕུག་ཡིན་སྟབས་འབུ་སྡིག་པ་མང་པོ་ཡོད་གཤིས།དེ་སྲུང་བྱེད་ཉལ་གུར་ཞིག་བསྐུར་དགོས་གསུངས་པ་ལྟར་ཕུལ་བས་གནོད་འབུ་འགོག་ཐུབ་པ་བྱུང་འདུག རྫ་རོང་ཕུའི་བླ་མ་ སྐུ་གོང་མ་དེ་ཁོང་གི་ཆོས་ཞུ་སའི་བླ་མ་ཡིན་གཤིས་ཁོང་ལ་་་་་་་ འབུལ་རྒྱུའི་ཞུ་ཡིག་ཅིག་ཨེམ་རྗེ་ཐུབ་བསྟན་ལགས་ཟེར་བར་་་་འབྲི་རོགས་གསུངས་ཏེ། སྤོས་བྲིས་གནང་བ་དེའི་ནང་ཐོག་་་ ____________________ མགུར་གླུ་འདི་ཡིག་ཐོག་གི་མ་དཔེ་བོར་བརླག་ཏུ་སོང་ཤིང་ཕྱིས་ཁོང་གི་བུ་ལྷ་ཀླུ་ཞབས་པད་ནས་བློར་བྲིས་བྱས་པའི་མགུར་གླུ་ ལས་ཚིགས་བཅད་འགའ་རེད་འདུག

མཐའ་བར་གསུམ་གྱི་གནས་ཚུལ་རྩོམ་ཡིག་ཚིགས་བཅད་མ་་་་ ཞིག་འདུག་པ་དེར། སྐྱིད་ཕྱོགས་ཀུན་དགེའི་བྱ་བ་འགའ་རྩོམ་ ཚེ། །བར་ཆད་སྤྲིན་ནག་དྲག་པོའི་ཀློང་དུ་ཚུད། །དེ་དུས་གཤེད་ མ་བརྒྱ་ཕྲག་མཐའ་ནས་བསྐོར། །རྩུབ་མོའི་ཚིག་བཅས་མིག་ གཉིས་ས་ལ་དབྱུངས། །ཆུ་བུར་མིག་གཉིས་ས་ལ་དབྱུངས་ན་ ཡང་། །ཡེ་ཤེས་སྤྱན་རས་འདི་ལ་དབྱུངས་ཐབས་ཅི། །མིག་ལོང་ རྟག་ཏུ་མུན་པའི་རང་བཞིན་ལ། །བཙོན་ཁང་མུན་ནང་འཇུག་ པ་ཨེ་མ་མཚར། །བསགས་པའི་རྒྱུ་ནོར་གཞན་གྱིས་འཕྲོག་ན་ ཡང་། །འཕགས་པའི་ནོར་བདུན་འདི་ལ་འཕྲོག་ཐབས་ཅི། ། གཞན་གྱིས་བཙོན་ཁང་མུན་པ་གཏིང་རིང་ཟེར། །རང་སྣང་ འོད་གསལ་ཀློང་ཡངས་ཕུག་པ་ནས། །སྙོམས་ལས་འདུ་གསུམ་ བཀའ་འབངས་ལུང་ཤར་བ། །རྡོ་རྗེ་ཚེ་རྒྱལ་ཞེས་པའི་ཕྱག་་་་་ བཅས་ཕུལ། །ཞེས་སོགས་འཁོད། དེ་རྗེས་བུ་ལྷ་ཀླུ་རྡོ་རྗེ་ཚེ་དབང་སླར་ཡང་ཞབས་སྡོད་ཞུ་ ཐུབ་པ་མ་ཟད།བཀའ་ཤག་ནང་བཀའ་འགྲོན་ཡང་བྱེད་ཐུབ་་་་་གཤིས། བཀའ་བློན་རྣམས་དང་འབྲེལ་ཟབ་ཆེ་ཙམ་བྱུང་་་་་་ སྟབས་པཱ་ལགས་གློད་དཀྲོལ་ཡོང་ཐབས་སྐོར་བཀའ་ཤག་བརྒྱུད་སྙན་ཞུ་ཕུལ་ཐོག རྭ་སྒྲེང་རིན་པོ་ཆེའི་སྐུ་མདུན་དུ་ངོ་བཅར་ བདེ་སྡུག་ཞུས་པར་རྭ་སྒྲེང་རིན་པོ་ཆེ་ནས་གསུངས་དོན། ལུང་ཤར་འཛིན་བཟུང་བྱེད་སྐབས་ང་རང་ནས་འགོག་ཐབས་་་་ བྱས་རུང་བཀའ་བློན་ཁྲི་སྨོན་དང་གླང་མདུན་སོགས་ནས་མ་་་་་ ཉན་སྟབས་ཐབས་ཟད་སོང་། དེའི་སྐབས་ངའི་བསམ་བློའི་ ནང་ལུང་ཤར་ལ་གསང་བརྡ་ཞིག་གཏོང་རྒྱུ་བྱུང་ན་སྙམ་ཡང་ང་རང་ནི་ཕྱི་ལ་འགྲོ་ཐབས་མེད་པ་དང་མི་གཞན་ནི་དེ་བས་་་་་་་་་་ གཏོང་བློས་མི་བཟོད་པས་ཐབས་སྡུག་ཤིག་ཆགས་སོང་ཞེས་་་་་་་ གསུངས་བྱུང་བ་མ་ཟད། གློད་གྲོལ་དོན་སྨིན་ཀྱང་གནང་རྐྱེན་ ལུང་ཤར་ནང་དུ་ཕྱིར་ལོགས་ཕེབས་ཐུབ་པ་བྱུང་། དེ་སྐབས་ ཁྱིམ་མིས་འཚམ་འདྲི་ཞུས་ཏེ་སྤྱན་འབྲས་གཉིས་འདོན་སྐབས་སྐུ་ངལ་ཆེན་པོ་བྱུང་མེད་དམ་ཞུས་པར། མིག་འབྲས་གཉིས་ འདོན་སྐབས་ཐོག་མར་གླང་ཆེན་སྨྱོན་པ་ཟེར་བའི་སྨན་ཞིག་་་་་ སྟེར་བྱུང་བ་དང་། དེ་ནས་ཡ་ཁུང་གཡས་གཡོན་དུ་གཡག་གི་ ཨ་ཅུག་རེ་རེ་བཞག་སྟེ་མགོ་བོ་ཐག་པས་དམ་པོ་བསྡམས་ནས་་བཙིར་ཐོག མིག་འབྲས་གཉིས་ཕྱིར་ཐོན་གྲབས་བྱེད་དུས་ གྲི་བརྒྱབ་སྟེ་བཀོག་སོང་། ད་དུང་ཁྱོད་ཀྱི་བུ་གཉིས་ཀྱང་དེ་ བཞིན་བཟོ་གི་ཡིན་ཟེར། རྗེས་སུ་བུ་གཉིས་ལ་སྐྱོན་ཆག་མེད་ པ་གོ་ཐོས་བྱུང་བ་མ་ཟད། དེ་རིང་དངོས་སུ་ཐུག་པ་ནི་ཧ་ཅང་ དགའ་པོ་བྱུང་། རང་རེར་གནས་ཚུལ་དེ་ལྟ་བུ་བྱུང་བ་ནི་ང་ རང་ནས་ལས་འགུལ་དེར་ཐབས་ཤེས་ཟབ་ནན་ཞིག་མ་བྱུང་་་་་་ བའི་སྐྱོན་ཆ་ཡིན་པ་ལས་གཞན་ལ་འཁང་ར་བྱེད་རྒྱུ་མེད། དགྲ་བོར་སྡང་སེམས་འཁོན་འཛིན་ནི་དེ་བས་ཀྱང་བྱེད་རྒྱུ་ཡོད་པ་མ་རེད།དེ་ནི་ཕན་ཐོག་མེད་པ་ཞིག་ཡིན། ང་རང་བཙོན་ལ་ ལོ་བཞི་ཙམ་སྡོད་རིང་ཉིན་མཚན་མེད་པར་མ་ཎི་བསྒྲངས་ཏེ་་་་ མ་ཎི་དུང་ཕྱུར་གཅིག་ལོངས་སོང་། དེ་ཡང་རྐྱེན་ངན་གྲོགས་ ཤར་ཞིག་རེད་གསུང་གི་འདུག སྐབས་དེར་སྤྱི་ཚོགས་་་་་་ ཀྱི་གླེང་ཕྱོགས་ནང་མཐོ་རིམ་མི་སྣ་ཁག་གཅིག་ནས་དེ་སྔོན་་་་་་ ཞིབ་འཕར་འབྲུ་རིགས་བཀལ་བར་འཁོན་འཛིན་གྱི་སྙིང་ཚིམ་པའི་རྣམ་འགྱུར་སྟོན་མཁན་ཡང་འདུག དཔོན་རིགས་མང་ཆེ་བ་ནི་བློ་ཕམ་པའི་རྣམ་པ་བྱེད། སྤྱིར་བཏང་མང་ཚོགས་ནི་བསམ་པ་བཟང་བས་མིག་འབྲས་་་་་ བཀོག་པར་ཧ་ལས་པའི་ཅ་ཅོ་ལྡིར་བ་དང་། སྙིང་རྗེ་ལྟ་བུས་ གསོལ་ཆས་སོགས་འབུལ་མཁན་ཡང་ཁ་ཤས་བྱུང་འདུག རྗེས་ནས་ནང་ལ་ཕེབས་དུས་སྐུ་གཟུགས་བདེ་པོ་རང་མེད་་་་་་་་་ སྟབས་ལོ་གཅིག་ཙམ་བཞུགས་རྗེས་བསྙུན་མནར་གྱིས་སྤྱི་ལོ་་་་ ༡༩༤༠སྟེ་ལྕགས་འབྲུག་ལོར་གྲོངས་སོ།།




ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱིས་བཙོན་ནས་ བླངས་པའི་མགུར།

སྐྱིད་ཕྱོགས་ཀུན་དགེའི་བྱ་བ་འགའ་རྩོམ་ ཚེ། ། བར་ཆད་སྤྲིན་ནག་དྲག་པོའི་ཀློང་དུ་ཚུད། ། དེ་དུས་གཤེད་མ་བརྒྱ་ཕྲག་མཐའ་ནས་བསྐོར། ། རྩུབ་མོའི་ཚིག་བཅས་མིག་གཉིས་ས་ལ་དབྱུངས། ། ཆུ་བུར་མིག་གཉིས་ས་ལ་དབྱུངས་ན་ཡང་། ། ཡེ་ཤེས་སྤྱན་རས་འདི་ལ་དབྱུངས་ཐབས་ཅི། ། མིག་ལོང་རྟག་ཏུ་མུན་པའི་རང་བཞིན་ལ། ། བཙོན་ཁང་མུན་ནང་འཇུག་པ་ཨེ་མ་མཚར། ། བསགས་པའི་རྒྱུ་ནོར་གཞན་གྱིས་འཕྲོག་ན་ཡང་། ། འཕགས་པའི་ནོར་བདུན་འདི་ལ་འཕྲོག་ཐབས་ཅི། ། གཞན་གྱིས་བཙོན་ཁང་མུན་པ་གཏིང་རིང་ཟེར། ། རང་སྣང་འོད་གསལ་ཀློང་ཡངས་ཕུག་པ་ནས། ། སྙོམས་ལས་འདུ་གསུམ་བཀའ་འབངས་ལུང་ཤར་བ། ། རྡོ་རྗེ་ཚེ་རྒྱལ་ཞེས་པའི་ཕྱག་བཅས་ཕུལ། ། ཞེས་སོ།།






རྡོ་རིང་ཞིག་གི་གས་ཆག སྒོ་ཤེས་རབས། “སྐྱིད་ཕྱོགས་ཀུན་དགེའི་བྱ་བ་འགའ་རྩོམ་ཚེ། །བར་ཆད་སྤྲིན་ ནག་དྲག་པོའི་ཀློང་དུ་ཚུད། །དེ་དུས་གཤེད་མ་བརྒྱ་ཕྲག་མཐའ་ནས་བསྐོར། །རྩུབ་མོའི་ཚིག་བཅས་མིག་གཉིས་ས་ལ་དབྱུངས། །ཆུ་བུར་མིག་གཉིས་ས་ལ་དབྱུངས་ན་ཡང་། །ཡེ་ཤེས་སྤྱན་རས་འདི་ལ་དབྱུངས་ཐབས་ཅི། །མིག་ལོང་རྟག་ཏུ་མུན་པའི་རང་ བཞིན་ལ། །བཙོན་ཁང་མུན་ནང་འཇུག་པ་ཨེ་མ་མཚར།།”ཡིག་འབྲུ་འདི་དག་གི་ནང་ནས། ཤ་ཁྲག་ལས་གྲུབ་པའི་མི་་་་་ བུ་ཞིག་གི་མིག་འབྲས་མཚོན་གྱིས་བརྐོས་པའི་ན་ཟུག་དང་་ འཁུན་སྒྲ་ཙམ་ལས་མ་རྙེད་ན་ནི། ཁྱེད་ཀྱིས་ཅི་ཡང་མཐོང་་་ མི་འདུག་ཅེས་མི་བཤད་ཐུ་མེད་ཡིན་ཏེ། ཡིག་འབྲུ་འདི་དག་ གི་གསེང་ན། སྒེར་གཅོད་སྲིད་དབང་ཞིག་གིས་སྐྱེས་བུ་དམ་ ____________________ 《བོད་ཀྱི་རིག་གནས་ལོ་རྒྱུས་སྒྱུ་ཆ་བདམས་བསྒྲིགས___འདོན་ཐེངས་གཉིས་པ》་ལས་དྲངས།

པའི་ཚེ་སྲོག་དང་ཤེས་རབ་ལ་མནར་གཅོད་བྱས་པའི་གདུག་་་་་ རྩུབ་ཉར་ཡོད་ལ། ཆོས་མིན་སྲིད་མིན་གྱི་བག་ཆགས་སྟུག་པོ་་ ཞིག་གི་ཀློང་ནས། མང་གཙོོའི་ལམ་ལུགས་ལ་མོས་པའི་སྲིད་ དོན་པ་ཞིག་གི་ཕུགས་བསམ་མཇུག་བསྒྲིལ་པའི་ཕམ་ཉེས་ཀྱི་་་་བྱུང་བ་བྲིས་ཡོད་པར་མ་ཟད། ད་དུང་ཀླ་ཀློའི་མི་རིགས་ཤིག་་་ བདེ་དོན་ལ་གཅིག་ཏུ་རྒོལ་ཞིང་། འོད་སྣང་ལ་གཏིང་ནས་་་་་ འཐབ་པའི་ལོ་རྒྱུས་ཀྱི་ངོ་ཚའང་སྦྲུམ་ཡོད་པས་སོ།། དེ་ཡང་སྤྱི་ལོ༡༩༡༣ལོར་གཟིགས་རྒྱང་རིང་བའི་རྒྱལ་་་མཆོག་བཅུ་གསུམ་པས། སྨོན་གྲོལ་མཁྱེན་རབ་ཀུན་བཟང་། བྱང་ངོས་པ་རིག་འཛིན་རྡོ་རྗེ། སྐྱིད་སྦུག་པ་དབང་འདུས་ནོར་ བུ། སྒོག་མཁར་པ་བསོད་ནམས་མགོན་པོ་བཅས་སྐུ་དྲག་གི་ བུ་བཞི་དབྱིན་ཇིའི་རྒྱལ་ས་ལོན་ཀྲོན་དུ་སློབ་གཉེར་ལ་བཏང་་་་ཞིང་། བོད་པའི་ལོ་རྒྱུས་སྟེང་ནུབ་ཕྱོགས་རྒྱལ་ཁབ་ཏུ་ཐེངས་ དང་པོར་སློབ་གཉེར་ལ་འགྲོ་མཁན་དེ་དག་གི་འགོ་འཛིན་དུ་་་་ རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་མངགས་པ་རེད། ཁོ་ཚོ་དབྱིན་ཇིར་སླེབས་རྗེས། ལུང་ཤར་པའི་མིག་མདུན་ནས་ ནུབ་ཕྱོགས་འཇིག་རྟེན་གྱི་ངོ་མཚར་ལྟད་མོ་རྣམས་རེ་རེ་བཞིན་བརྒྱུད་ཚེ། ལྷན་སྐྱེས་ནས་བློ་མིག་ཡངས་པའི་ཁོང་ལ་བསམ་ གཞིག་གསར་པ་དང་ན་ཟུག་གསར་པ་མང་པོ་ཞིག་རང་ཤུགས་ཀྱིས་ཐོན་ཏེ། བོད་ཀྱིས་ཀྱང་འཛམ་གླིང་སྤྱི་དང་མཐུན་པའི་ གོམ་པ་སྤོ་དགོས་ཚེ། ཐོག་མར་ཁ་རུང་སྒོ་གཏན་གྱི་སྲིད་་་་་ ལུགས་དེ་ཉིད་ངེས་པར་དུ་བསྒྱུར་དགོས་པའི་ཆོས་ཉིད་གསལ་་པོར་རྟོགས། རྟོགས་ནས་ཀྱང་ལྷག་ཏུ་བསམ་ཞིང་དཔྱད་པ་ན། ནུབ་ཕྱོགས་རྒྱལ་ཁབ་རྣམས་ཀྱི་ནང་ནས་དབྱིན་ཇིའི་ལམ་་་་་་་ལུགས་དང་མཐུན་པར་བཅོས་སྒྱུར་བྱ་རྒྱུ་ནི་བོད་ཀྱི་དངོས་ཡོད་་གནས་ཚུལ་དང་འཚམ་ཤོས་ཡིན་པ་ངོས་འཛིན་བྱུང་ཞིང་། ཕྱིར་བོད་དུ་སླེབ་རྗེས། དམིགས་ཡུལ་དེའི་ཆེད་དུ་“སྐྱིད་ ཕྱོགས་ཀུན་མཐུན་”ཞེས་པའི་གསང་བའི་ཚོགས་པ་ཞིག་་་་་་་་་་་ བཙུགས་ཤིང་རྒྱལ་མཆོག་དང་ཡང་ན་རྒྱལ་ཚབ་ལ་དབྱིན་ཇིའི་རྒྱལ་མོ་ལྟར་མཚན་གནས་ཆེན་པོ་ཞིག་ཕུལ་ཏེ་གུས་བརྩིའི་་་་་གནས་སུ་འཇོག་རྒྱུ་དང་དེའི་འོག་གི་བཀའ་ཤག་ནི་ལོ་བཞི་་་་་་་ རེའི་མཚམས་མང་གཙོའི་འོས་འདེམས་ཀྱི་ལམ་ལུགས་བཞིན་་ཡོངས་རྒྱུ་སོགས་ཀྱི་འཆར་གཞི་བཀོད་དེ། རྭ་སྒྲེང་གིས་བཙོས་ པའི་བཀའ་ཤག་སྲིད་གཞུང་ལ་ཡིག་ཐོག་གི་སྙན་ཞུ་ཞིག་་་་་་་་་་་ འབུལ་རྒྱུའི་གྲ་སྒྲིག་བྱེད་སྒང་ལ།གསང་བ་ཕྱི་གྱར་གྱི་གནས་་་་་་ ཚུལ་བྱུང་བས།“སྐྱིད་ཕྱོགས་ཀུན་དགེའི་བྱ་བ་འགའ་རྩོམ་ཚེ། །བར་ཆད་སྤྲིན་ནག་དྲག་པོའི་ཀློང་དུ་ཚུད་”པའི་ལས་དབང་་་་་་་ ཐོག་ཏུ་བབས་ཤིང་། ཁོ་པ་ཁྲི་མུན་དུ་བཅུག་སྟེ་ཞིབ་སྤྱོད་པ་་་་ དགགིས་དོན་རྐྱེན་རྩད་གཅོད་བྱས་ཚེ། ལུང་ཤར་ནས་ཁོ་རང་ གིས་བོད་ལ་བསམ་ནག་འཆང་མེད་ཚུལ་གྱི་གནས་ལུགས་ཅི་་་ཙམ་བཤད་ན་ཡང་མ་ཉན་པར་ཧམ་བཤད་འབའ་ཞིག་བྱས་་་་་་པས།ལུང་ཤར་པས་ “ངས་ཞུས་པར་བདག་སྤྲོད་མ་གནང་ན་ ད་ནི་ཁྱོད་ཚོས་ག་རེ་གནང་ན་ཡང་གནང་རོགས་གནང་། ____________________ 《བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས___འདོན་ཐེངས་གཉིས་པ》་ལས་དྲངས།

ངས་ནི་སྐད་ཆ་ཚིག་གཅིག་ཤོད་ཀྱི་མིན།” ཞེས་དེ་ནས་བཟུང་ ངག་སྒོ་ཡོངས་སུ་བསྡམས་པ་རེད། ཅང་མ་འགོར་བར་ཨུ་རུ་སུའི་དམར་པོའི་ལམ་ལུགས་བོད་ལ་སྤེལ་རྩིས་ཀྱི་ནག་ཉེས་ཡོད་པར་བསྒྲགས་ནས། དེ་་་་་་་་་་་ དུས་གཤེད་མ་བརྒྱ་ཕྲག་མཐའ་ནས་བསྐོར་ཅིང་། ཁོང་གི་ཡ་ ཁུང་གནས་གཡོན་དུ་གཡག་གི་ཨ་ཆུག་རེ་བཞག་སྟེ་མགོ་བོ་་་་་ ཐག་པས་དམ་པོ་བསྡམས་ནས་བཙིར་ཐོག།མིག་འབྲས་གཉིས་་ཕྱིར་ཐོན་གྲབས་བྱས་དུས་གྲི་བརྒྱབ་སྟེ་བཀོགནས། རྩུབ་ མོའི་ཚིག་བཅས་མིག་གཉིས་ས་ལ་དབྱུངས་པའི་ཁྲག་རྒྱུན་གྱི་་་་པོ་ཏཱ་ལའི་ཚོམས་ཆེན་གང་ཞིག་གི་ནང་གདན་དམར་པོར་་་་་་་་ བསྒྱུར་བ་རེད། ཕངས་པ་ལ་ཨང་། སར་གཡུགས་པའི་མིག་རིལ་དེ་གཉིས་ ནི་སྐབས་དེའི་གངས་ཅན་པ་ལ་མཚོན་ན། ཁྲི་སྨོན་གླིང་པ་་་ ____________________ 《བོད་ཀྱི་རིག་གནས་ལོ་རྒྱུས་སྒྱུ་ཆ་བདམས་བསྒྲིགས___འདོན་ཐེངས་གཉིས་པ》་ལས་དྲངས། དང་། གླང་མདུན་པ། ཀ་ཤོད་པ་སོགས་ཀྱི་མིག་ལྟ་བུའི་ཆུ་བུར་ གྱི་མིག་ཕལ་པ་ཁྲི་སྟོང་གིས་ཀྱང་བསྒྲུན་དུ་མེད་པའི་ཡེ་ཤེས་་་་་ སྤྱན་རས་ཆ་གཅིག་སྟེ། ས་ན་ཁྲག་དམར་ལྷོག་ལྷོག་ཏུ་བསྒྲིལ་ པའི་སྤྱན་རས་དེ་གཉིས་ཀྱིས་ནི། ནུབ་ཕྱོགས་དཔལ་ཡོན་དར་ འཕེལ་གྱི་ཆོས་ཉིད་ཐོག་མར་མཐོང་ཞིང་། རྗེས་ལུས་ཀྱི་རང་་ སྐྱོན་རང་སྟེང་ནས་བསྒྱུར་དགོས་པའི་རྟེན་འབྲེལ་གསལ་བོར་་་རིག་པར་མ་ཟད། སྐབས་དེའི་བོད་ཀྱི་སྲིད་དབང་སྒེར་སྡོམ་་ ལམ་ལུགས་ལ་མདུན་ལམ་མེད་པའི་ངོས་འཛིན་བྱུང་བ་དང་།མང་གཙོ་དང་རང་དབང་གི་ལམ་ལ་ཡང་དང་ཡང་དུ་རྒྱང་ལྟ་་་་ བྱས་ཡོད་པས། མཐོང་བ་སྣ་ཚོགས་ཅན་དང་བལྟས་པ་རྣམ་ གྲངས་ཅན་གྱི་མིག་རིལ་དེ་གཉིས་ནི། ངོ་མ། ལྟོགས་སྐོམ་ ཁྲོད་ཀྱི་ཁ་ཟས་དང། མུན་ནག་ནང་གི་སྒྲོན་མེ་ཡིན་ནའང་། འཇག་རྩྭ་སྤར་གང་གི་རིན་ལའང་མ་བརྩིས་པར་ས་ལ་གཡུགས་པའི་གྱོང་གུད་ཇི་འདྲའི་གསབ་དཀའ་ཞིང་། ནག་ཉེས་ཇི་་་་ འདྲའི་བཤགས་དཀའ་ཨང་། མ་གཞི་ནས་ལུང་ཤར་པ་ནི་བརྩེ་བ་ཟབ་པའི་མི་ཞིག་སྟེ། མིག་ ཕྱུང་བའི་ན་ཟུག་གིས་བརྒྱལ་བ་ལས་སངས་དུས་ཁོང་གིས་་་་་་་་ ཐེངས་དང་པོར་བཏོན་པའི་དྲི་བ་ནི། “ངའི་བུ་གཉིས་ག་རེ་་་་་ བྱས་སོང་།” ཞེས་པ་དེ་རེད་ཟེར་། སྤྱིར་ཁོང་གིས་དེ་ལྟར་དྲིས་ པ་ལ་རྒྱུ་མཚན་ལུས་ཡོད་དེ། བཀའ་བློན་ཁྲི་སྨོན་གླིང་པར་ཕ་ བོང་ཁ་པས་ངོ་ཆེན་ཞུས་པའི་དྲིན་མིན་ན། ཁོའི་མིག་རིལ་་་་ གཉིས་དང་མཉམ་དུ་བུ་གཉིས་ཀྱི་ལག་པ་རེ་རེ་ཡང་ཐང་དུ་་་་་་་ ལྷུང་ཚར་ཡོད་པ་རེད། མིག་གཉིས་གྲི་ཡིས་བསྔོགས་པའི་ན་ཟུག་གི་ངང་ནས་་ཀྱང་བུ་ལ་སེམས་ཁུར་བྱེད་མཁན་གྱི་ཕ་ནིི་ཇི་འདྲའི་རླབས་ཆེ་ཨང་། སུ་ཞིག་གིས། མིག་གཉིས་གྲིས་ཕྱུང་ཟིན་པའི་ལུང་ཤར་ བའི་སེམས་སུ་ངའི་བུ་གཉིས་ག་རེ་བྱས་སོང་ཞེས་པ་ཙམ་ལས་་་གཞན་པའི་དྲི་བ་མེད་པར་འདོད་ན་གཏན་ནས་མ་ཡིན་ཏེ། སྐབས་དེའི་ཁོ་ནི། དོགས་འཆར་སྣ་ཚོགས། དྲི་བ་སྣ་ཚོགས། བློ་ཕམ་སྣ་ཚོགས་བཅས་ཀྱི་ཀློང་དུ་ཡོད་པས། སྣ་ཚོགས་དེ་་་་ དག་གི་ཁྲོད་ན་ཁོ་ནི་རང་ཉིད་རང་ལ་ཁེན་ཏེ་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་ལ་གནས་པ་ལས་ཅི་ཞིག་བྱེད་ཨང་། “ཆུ་བོར་མིག་གཉིས་ས་ལ་དབྱུངས་ན་ཡང། །ཡེ་ཤེས་སྤྱན་ རས་འདི་ལ་དབྱུངས་ཐབས་ཅི། །”ཞེས་པ་ཅིས་མ་བདེན་ཆུ་་་་ བུར་གྱི་མིག་ཟུང་ཤོར་ཟིན་ན་ཡང་། སེམས་དང་འདུ་ཤེས་ཀྱི་ གསལ་རིག་ནི་སུས་ཀྱང་འཕྲོགས་ཐབས་མེད་པས། བརླན་ གཤེར་ཆེ་ཞིང་དྲི་ངན་གྱིས་ཁྱབ་པའི་བཙོན་ཁང་གང་ཞིག་གི་ནང་ན། སྐྲ་ཕྱེད་ཀྱི་ངོ་གདོང་ཁེབས་པའི་ལུང་ཤར་བ་ནི། སྔ་ ཕྱིའི་དོན་དག་གི་འབྱུང་རྐྱེན་དག་ལ་རྟག་ཏུ་སེམས་གཡེངས་བ་ལས། རང་དང་རང་གི་མི་རིགས་ཀྱི་ལས་དབང་བསམ་ཞིང་ གཤེར་གཟུགས་སུ་མ་གྲུབ་པའི་མིག་ཆུའི་ཐིགས་པ་རེ་རེ་སེམས་ངོས་སུ་ཟགས་ཡོད་རྒྱུ་རེད། སྲིད་གཞུང་ལ་ཡིག་ཐོག་གི་སྙན་ཞུ་འབུལ་རྒྱུ་བྱས་པ་དེ།ལུང་ཤར་པས་ད་རུང་སྐབས་དེའི་རུལ་སུངས་ནུས་མེད་ཀྱི་སྲིད་གཞུང་ལ་རེ་བ་བཅངས་ཡོད་པ་མཚོན་ལ། གསང་བ་ཕྱིར་་་ གྱར་གྱི་གནས་ཚུལ་འབྱུང་སླ་བ་དེས་ཀྱང་ཁོས་ཆབ་སྲིད་གསར་བརྗེའི་ལས་འགུལ་གྱི་ཚབ་ཆེའི་རང་བཞིན་དང་། དཀའ་ཁག་ རང་བཞིན་ལ་གོ་བ་གཏིང་ཟབ་ཅིག་ལོན་ཐུབ་མེད་པ་མཚོན་་་་ པར་མ་ཟད། རྩེ་དྲུང་བསྟན་པ་འཇམ་དབྱངས་དང་ཀ་ཤོད་པ་ གཉིས་ནི་སྲིད་གཞུང་གི་མིའི་ཆེད་དུ་ཁོའི་ཚོགས་པའི་ནང་་་་་་ བཏང་བ་ཡིན་འདྲ་བས།མཚམས་ལན་རེར་བསམ་དུས། ཁོ་ པའི་ལས་ཀ་ཡོད་ཚད་གླང་མདུན་པ་དང་ཁྲི་སྨོན་གླིང་པའི་་་་་་་ ལག་མཐིལ་ན་འཁོར་གྱིན་ཡོད་པའི་སྣང་བ་ཞིག་ཀྱང་སྟེར་་་་་་་་ བས། ལུང་ཤར་ལ་ཆབ་སྲིད་པ་རྣལ་མ་ཞིག་གི་མཚན་ཉིད་ ཕྱོགས་མང་པོ་ཞིག་ནས་འཛོམས་དཀའ་ན་ཡང་། སྐབས་དེའི་ བོད་ལ་མཚོན་ན། སྲིད་ལུགས་བཅོས་སྒྱུར་གྱི་འདུ་ཤེས་ཤིག་ འཁྲུངས་པ་ཙམ་ཡང་ཆེས་རིན་ཐང་ལྡན་པ་ཞིག་ཏུ་ངེས་པས། བླུན་པོ་དབང་ཤེད་ཅན་ཚོས་ཁོང་གི་སྤྱན་རས་བྲུས་པ་ནི། བོད་མིའི་དཀར་ལམ་བཅད་པ་དང་གཉིས་སུ་མེད་ཅེས་སྨྲས་ན་ཡང་ཐལ་མི་ཆེ་ལ། དེ་ནས་བཟུང་ལུང་ཤར་བའི་ཕུགས་ བསམ་ཡོད་ཚད་“རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་རང་གི་ལུས་ལ་་ཐིམ་ཞིང་ནུབ་པ་ཉིད་དུ་གྱུར་”པས། གངས་རིའི་སྐྱེ་བོ་་་་ དག་སླར་ཡང་མུན་པའི་ལམ་དུ་འཁྱར་མ་འཁྱོར་གྱིན་སྐྱོད་པ་་་་རེད། གཤེད་མ་དེ་དག་གི་སེམས་སུ། ཁོ་ཚོས་སར་གཡུགས་ པའི་མིག་རིལ་དེ་གཉིས་ནི་མ་གཞི་ནས་ཁོ་ཚོ་དང་ལྷན་དུ་་་་་་་་ གནས་མི་ཆོག་པའི་མིག་རིལ་གཉིས་ཡིན་པས། དེ་ལ་ནག་ ཉེས་གང་ཡང་མེད་པར་འདོད་ནའང་། ཉེས་ཅན་པ་དེ་དག་ནི་ ད་རུང་ལོ་རྒྱུས་གླེགས་བམ་གྱི་གསེབ་ཏུ་བསྟན་འཛིན་དམ་པ་་་ དང་འགྲོ་འདྲེན་བཟང་པོའམ། ཡང་ན་ས་སྐྱོང་དང་མི་དབང་ སོགས་ཀྱི་མཚན་སྙན་ཁུར་ནས་བག་ཕེབས་ན་ཡང་། སྤྲོ་ཞིང་ སྐྱིད་ན་ཡང་། ད་རུང་ཁོ་ཚོའི་བྱ་སྤྱོད་ལ་མོས་མཁན་དག་གིས་ ཁོ་ཚོར་ནག་ཉེས་ལ་གཟུར་བའི་ས་ཆ་བསྐྲུན་དང་སྐྲུན་མུས་་་་་་་ ཡིན་ནའང་། བློ་མིག་གསལ་བའི་གཞོན་སྐྱེས་ཕྱི་རབས་པའི་ ____________________ 《ཚད་མ་རྣམ་འགྲེལ་》་ལས་དྲངས། མིག་སྔུན་ནས། བདེན་དོན་གྱི་ལོ་རྒྱུས་སྟེགས་བུ་ནས། ཁོ་པ་ ཚོ་གཅེར་བུར་འབུད་ཀྱིན་པ་མ་ཡིན་ནམ། ཁོ་པ་ཚོའི་རང་ མདོག་སྟོན་གྱིན་པ་མ་ཡིན་ནམ། སྒོ་ཤེས་ཀྱི་བརྩམས་དེབ་《ང་ཚོ་སད་རན་》ཞེས་པ་ལས་དྲངས།







མཐོ་སྒང་གི་སྐར་མདའི་འཆར་ནུབ།〈དཔེ་ཀློག་ཟིན་ཐོ།〉 ཕུན་ཚོགས་རྒྱལ། འདི་ནས་བདག་གིས་དེབ་འདིའི་ནང་ན་ས་བཅད་ངེས་ཅན་ ཞིག་ཟིན་ཡོད་པའི། བོད་ཉེ་རབས་ལོ་རྒྱུས་ཁྲོད་ཀྱི་དམངས་ གཙོ་ལམ་ལུགས་དང་དེང་རབས་ཅན་གྱི་བཅོས་སྒྱུར་ཚོད་ལྟ་ལ་སྐུལ་འདེད་ཐེབས་མྱོང་བའི་མི་སྣ་གལ་ཆེན་འགའི་བྱུང་བ་དང་། ཁོང་ཚོའི་རྟོགས་སད་ཀྱི་བསམ་བློ་དང་དགག་སྒྲུབ་ཀྱི་ སྙིང་སྟོབས། རང་རྐྱ་འཕེར་བའི་མི་གཤིས་སོགས་ཀློག་་་་་་་ མཁན་ཚོར་ངོ་སྤྲོད་ཅུངཙམ་ཞིག་བྱེད། ལུང་ཤར་ནི་ཏཱ་ལའི་བླ་མའི་〈སྐུ་ཕྲེང་བཅུ་གསུམ་པ〉ཐུགས་་་་་་ གཅེས་ཆེ་བའི་སྲིད་བློན་གལ་ཆེན་འགའི་གྲས་ཀྱི་གཅིག་རེད། ____________________ 《སེར་མོ་བའི་རྒྱལ་ཁམས་འཇིག་པ་》ཞེས་པའི་བོད་ཉེ་རབས་〈༡༩༡༣_༡༩༥༡〉ལོ་རྒྱུས་ཀྱི་དཔེ་དེབ་ ཆེན་པོ་དེ་ནི། ཨ་རིའི་དེང་རབས་མིའི་རིགས་རིག་པ་མཁན་ཆེན་མོ་ཀོལ་སི་ཏེན་གྱིས་དྲང་བདེན་ཁོངས་ཐུབ་ ཀྱི་དཔྱད་གཞིའི་ཡིག་ཆ་རྨང་གཞི་བྱས་ཐོག་རྩོམ་མཁན་མི་སྒེར་གྱི་ཉེ་དགའ་ཕྱོགས་ཞེན་གྱི་ལྟ་བ་རིང་དུ་དོར་ཏེ་རྩོམ་གནང་མཛད་པའི་ལོ་རྒྱུས་ཀྱི་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་རེད།

ཁོང་ཕལ་ཆེར་ལོ་ངོ་ཉི་ཤུར་བོད་གཞུང་རྩིས་དཔོན་〈ད་ལྟའི་་་་་ རྒྱལ་ཁབ་ནོར་སྲིད་བློན་ཆེན་ལྟ་བུ〉གྱི་འགན་ཁུར་མྱོང་། སྲིད་ཀྱི་བྱ་བའི་འཇོན་ཐང་ལྡན་པ་མ་ཟད་ཁོང་ནི་ཉིན་རྒྱུན་་་་་་ འཚོ་བའི་ཁྲོད་དུ་ཡང་དགའ་ཕྱོགས་སྤྲོ་ཡུལ་ཚད་མཐོན་པོ་དང་རྒྱ་ཆེ་བ་ཡོད་པ་ཞིག་ཀྱང་རེད། བོད་ཀྱི་གསོ་བ་རིག་པར་སྦྱང་བ་ཟབ་པོ་ཡོད་གཤིས་ཁོང་་་གིས་བྱ་བའི་ཞོར་གྱི་ཁོམས་སྐབས་ནས་ནད་པར་ནད་བརྟག་་་་་་ ཀྱང་བྱེད་ཀྱིན་ཡོད་པ་རེད། ཡང་ཆིན་杨琴 དང་ཧུའུ་ཆིན་་胡琴སོགས་རོལ་ཆས་རྡུང་དཀྲོལ་ལ་བྱང་ཆ་ཡོད་པས་་་་་་་ ཁོས་རྒྱུན་པར་ལྷ་སའི་རོལ་མོ་དཀྲོལ་རྡུང་མཁན་གཞན་དག་་་་་ དང་མཉམ་དུ་“རྗོ་ཧྲི་རོལ་མོའི་རང་མོས་དཀྲོལ་རྡུང་སྤྲོ་ཚོགས་” བསྡུ་གི་ཡོད། གཞན་ཁོས་ད་དུང་རྩིས་རིག་དང་ཆོས་ལུགས་ ____________________ ཡང་ཆིན་杨琴ནི་རོལ་ཆའི་རིགས་ཤིག ཧུའུ་ཆིན་胡琴ནི་རོལ་ཆའི་རིགས་ཤིག 爵士乐自由演奏会 གྲུབ་རྟགས་སོགས་ལ་ཡང་སྦྱང་བ་མི་དམན་པ་བྱས་ཡོད་པ་རེད། འཚོ་བའི་ཁྲོད་ཀྱི་དོན་ཕྲན་ཚེགས་འདི་དག་ལས་ཀྱང་ཁོང་ནི་་་བསམ་བློར་རང་དབང་ལྡན་ཞིང་། བྱ་དངོས་གསར་པ་ལ་ཞིབ་ འཇུག་བྱེད་རྒྱུར་དགའ་བ་སོགས་ཀྱི་གཤིས་ཀ་ལྡན་པའི་མི་ཞིག་ཡིན་པ་ཤེས་ཐུབ། འོན་ཀྱང་དེ་དག་ལས་ཀྱང་རྗེས་སུ་ཡི་རང་ བྱེད་དགོས་ས་ནི།ཁོང་ནི་བོད་ལོ་རྒྱུས་སྟེང་ཐོག་མར་མིག་རྒྱང་འཛམ་བུ་གླིང་ལ་གློད་མཁན་གྱི་སྲིད་དོན་མི་སྣ་གལ་ཆེན་འགའི་གྲས་ཀྱི་གཅིག་རེད། ༡༩༡༢ལོར་ཏཱ་ལའི་བླ་མའི་ཐུགས་བཀོད་ལྟར་བོད་ཀྱི་དེང་རབས་རིག་གནས་དང་ཚན་རིག་ལག་རྩལ་གྱི་སློབ་གསོའི་ཕྱིར། རྩིས་དཔོན་ལུང་ཤར་གྱིས་སྐུ་དྲག་དཀྱུས་མའི་ཁྱིམ་ནས་ཡིན་་་་ པའི་བུ་ཕྲུག་བཞི་དབྱིན་ཇིར་དབྱིན་ལུགས་སློབ་གསོ་མྱོང་དུ་་་་་ ཁྲིད་པ་རེད། ཐེངས་འདིའི་ཕྱི་སྐྱོད་ཀྱིས་ཐེངས་དང་པོར་ཁོང་ ལ་ཕྱོགས་ཡོངས་ནས་ནུབ་གླིང་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་་་བཟང་པོ་ཞིག་བསྐྲུན་པ་རེད། ཕྱི་ཚུལ་ནས་ཁོང་རང་ཉིད་དབྱིན་ཇིར་“བུ་རྫི་”རུ་ཕེབས་པ་་་་་་་ ཡིན་ཡང་དོན་དུ་ཏཱ་ལའི་བླ་མའི་ཐུགས་བཀོད་ལྟར་བོད་ཀྱི་སྲིད་དོན་མང་པོའི་འོས་འགན་ཕྲག་ཏུ་ཁུར་ཏེ་ཕེབས་པ་ཡིན་འདུག དབྱིན་ཇིར་སྡོད་རིང་ཁོས་སྤྱིར་བཏང་གི་དབྱིན་ཇིའི་སྐད་ཆ་་་་་ དང་བརྡ་སྤྲོད་ཐ་སྙད་སོགས་སྦྱང་སྟེ་བྱང་བར་གྱུར་ཞིང་། ད་ དུང་དབྱིན་ཇིའི་འབྱོར་ལྡན་གྲལ་རིམ་གྱི་“གསར་བརྗེའི་དུས་་་རབས་”ཀྱིས་བཙུགས་པའི་རྒྱལ་པོའི་རྒྱུད་འཛིན་ལམ་ལུགས་་་ཀྱི་“དམངས་གཙོ་”ཡི་ལམ་ཕྱོགས་ལ་རྒྱུས་ལོན་ཟབ་མོ་བྱས་པ་་རེད། སྒོས་སུ་“རྒྱལ་པོའི་ལམ་ལུགས་”ཀྱིས་“ཁྲིམས་འཛུགས་ ལམ་ལུགས་”དང་དུ་བླངས་པས་ད་གཟོད་དབྱིན་ཇིའི་དྲག་་་་་་་ སྦྱོར་གྱི་ལས་འགུལ་ཐེངས་གཅིག་གཡོལ་ཐུབ་པ་བྱུང་བའི་ལོ་་་་རྒྱུས་ཀྱིས་ཁོང་ལ་བག་ཆགས་ཟབ་མོ་བཞག་སོང་བ་རེད། ད་དུང་དབྱིན་ཇིར་སྡོད་རིང་གི་འགྲོ་འདུག་སྤྱོད་གསུམ་གྱིས་ཁོའི་ང་རྒྱལ་ཆེ་བ་དང་རང་སྣང་མཐོ་བ། དམིགས་ཡུལ་ འགྲུབ་པའི་བར་འགལ་རྐྱེན་ཅི་རིགས་ལ་ཕྱིར་རྒོལ་མཐའ་་་་་་་གཅིག་ཏུ་བྱེད་པ་སོགས་ཀྱི་རང་གཤིས་ལྷག་ལུས་མེད་པར་ཕྱིར་མངོན་བྱས་ཡོད་པ་རེད། ད་དུང་ཁོ་དེ་ལྟར་ལོ་ན་ཆུང་ཡང་དབྱིན་ཇི་པའི་སྔོན་ནས་བག་འཁུམ་དང་ཞེད་སྣང་ཏོག་ཙམ་ཡང་མེད་པར། ཁོ་ རང་གིས་བལྟས་ན་བོད་ལ་ཕན་ཁེ་ཡོད་པའི་དོན་ཞིག་ཡིན་་་་་་་ ཕྱིར་ཁོ་ཚོར་ཐག་གཅོད་དང་ཚོད་འཛིང་གཏན་ནས་བྱེད་དུ་མ་བཅུགས་པ་རེད། ད་དུང་དབྱིན་གཞུང་གིས་བོད་ཀྱི་ཁོ་ཚོ་མ་ བརྒྱུད་པར་རྒྱལ་ཁབ་གཞན་ལ་འབྲེལ་བ་འཛུགས་མི་ཆོག་་་་་་་ ཅེས་པ་ལྟ་བུའི་གནོན་ཤུགས་ཇི་འདྲ་སྤྲད་ན་ཡང་། ཁོས་དེ་ སྣང་མེད་དུ་བཞག་སྟེ་བོད་དུ་མ་ཕེབས་སྔོན་ལ་སྔ་ཕྱིར་ཧྥ་རན་སི་དང་འཇར་མན། སུའེ་ཙེར། དབྱི་ཐ་ལི། ཧོ་ལན། པེར་ཀྲེམ་比利时སོགས་ནུབ་ཕྱོགས་རྒྱལ་ཁབ་དག་ལ་བོད་དོན་མཚམས་ འདྲིར་ཕྱིན་པ་རེད། དེ་ལྟར་ལུང་ཤར་གྱིས་ཕྱོགས་ཡོངས་ནས་ཡོ་རོབ་ཀྱི་ཆབ་སྲིད་ལམ་ལུགས་དང་ལོ་རྒྱུས་ལ་རྒྱུས་ལོན་དང་སློབ་སྦྱོང་ཟབ་མོ་བྱས་པ་བརྒྱུད་ར་སྤྲོད་བྱུང་བ་ནི། བོད་ཀྱིས་རང་གི་རྐང་པ་ གཉིས་ལ་བརྟེན་ནས་དེང་རབས་ཅན་གྱི་འཛམ་གླིང་རྒྱལ་ཁབ་ཁག་གི་ཁྲོད་ནས་ཡར་འགྲེང་བའི་ཐབས་བྱེད་དགོས་ན། ངེས་ པར་དུ་ད་ཡོད་ཆབ་སྲིད་ལམ་ལུགས་ལ་བཅོས་སྒྱུར་བྱེད་དགོས་པའི་བསམ་བློ་གསར་པ་འཛུགས་སྐྲུན་བྱེད་དགོས་པ་དེ་རེད། དེ་ལྟར་ཁོང་གི་ཐུགས་ལ་གསར་བརྗེ་ཡི་མེ་སོན་བསྣམས་་་ ཏེ་༡༩༡༤ལོའི་ཟླ་༩པར་བོད་དུ་ལོག་ཕེབས་གནང་བ་རེད། དཔྱད་ཐུང་། ལུང་ཤར་གྱིས་བཅོས་སྒྱུར་བསམ་བློ་ལག་ཏུ་ བསྟར་བ། ལུང་ཤར་གྱིས་དེ་ལྟ་བུའི་སྔོན་ཐོན་གྱི་བཅོས་སྒྱུར་བསམ་བློ་སེམས་ལ་བཅངས་ཏེ་བོད་དུ་ལོག་རུང་ལོ་ངོ་ཉི་ཤུའི་རྗེས་ཀྱི་རྭ་སྒྲེང་སྲིད་སྐྱོང་གི་སྐབས་སུ་མ་གཏོགས་དངོས་ཡོད་ཀྱི་གསར་་་་ བརྗེའི་ཁྲོད་དུ་ལག་ལེན་དུ་འདེབས་མ་ཐུབ་པ་རེད། དབྱིན་ཇི་ སོགས་ནས་བསམ་བློ་གསར་པ་རྙེད་དེ་ཕྱིར་བོད་དུ་ཕེབས་པ་་་་ ༡༩༡༤ནས་ཏཱ་ལའི་བླ་མ་སྐུ་གྲོངས་པའི་༡༩༣༤བར་གྱི་ལོ་ངོ་ཕལ་ཆེར་ཉི་ཤུའི་རིང་ལ་ལུང་ཤར་ཁོང་དང་ཁོང་གི་བཅོས་སྒྱུར་་་་་་་་ བསམ་བློ་ཅིའི་ཕྱིར་གྲག་མེད་འགུལ་མེད་ངང་ལུས་སོང་བ་རེད། ཏཱ་ལའི་བླ་མས་རེ་བ་ཆེན་པོ་བཅོལ་སའི་བློན་ཆེན་ཞིག་ཡིན་་་་་ པའི་ཆ་ནས་ཏཱ་ལའི་བླ་མ་ཞལ་བཞུགས་རིང་བཅོས་སྒྱུར་བྱེད་་་་ པ་ཡིན་ན་སྲིད་གཞུང་གི་རྒྱབ་སྐྱོར་ཐད་ནས་ཁག་ཐེག་ཡོད་པ་་མིན་ནམ། ཏག་ཏག་མི་སྒེར་གྱི་རྒྱུ་འབྱོར་དབང་ཐང་གི་ཕྱིར་ མཐའ་ལྕེབ་ཆུ་ལྕེབ་བྱེད་པའི་རྭ་སྒྲེང་གིི་དུས་སུ་ད་གཟོད་གློ་་་་་་་ བུར་གཉིད་ལས་སད་པ་ལྟར་རྟབ་རྟབ་པོར་བཅོས་སྒྱུར་གྱི་མགོ་་་བསླངས་པ་རེད། འདི་ནི་ལུང་ཤར་གྱི་གསར་བརྗེའི་མི་ཚེའི་ཁྲིད་ཀྱི་ཆེས་ཧ་གོ་དཀའ་ལ་དེ་བཞིན་ཆེས་ཡིད་ཕངས་དགོས་པ་ཞིག་ཀྱང་རེད། ༡༩༣༤ལོའི་བོད་ལ་མཚོན་ན། དེ་རིང་ང་ཚོས་གོ་བ་ལེན་པའི་ དེང་རབས་ཅན་གྱི་དོན་སྙིང་ངོས་ཀྱི་ཆབ་སྲིད་ཀྱི་ངོ་བོ་ཅི་ཡང་་ཡོད་པ་མ་རེད། དཔོན་རིགས་ཁ་ཤས་ཀྱིས་དབྱིན་སྐད་ཏོག་ ཙམ་ལབ་ཤེས་པ་ཕུད། ལྷ་ས་ཧྲིལ་པོར་ཚགས་པར་དང་གློག་་ འཕྲིན་སོགས་གསར་ལམ་ལས་རིགས་ནི་མིང་གི་ལྷག་མར་གྱུར་ཡོད་ལ། བོད་སྤྱི་ཚོགས་འཚོ་བའི་རྨང་གཞི་གཙོ་བོ་ཡང་ཆོས་ ལུགས་དང་ཞིང་བྲན་ལམ་ལུགས་རྨང་གཞི་བྱས་པའི་དཔལ་་་་་ འབྱོར་ལམ་ལུགས་ཙམ་རེད། འདི་ལྟ་བུའི་སྤྱི་ཚོགས་ཁོར་་ ཡུག་ནས་གསར་བརྗེའི་ཚོགས་པ་ཞིག་མངོན་ལྐོག་མེད་པར་་་་་ འཛུགས་འདོད་པ་ནི་ངལ་བ་འབྲས་མེད་ཀྱི་དོན་ཞིག་ཡིན་པ་་་མ་ཟད་ཉེན་ཁ་ཆེ་བའི་དོན་ཞིག་ཀྱང་རེད། དེ་བས་ལུང་ཤར་གྱིས་ཀྱང་སེམས་ཆུང་ངང་རང་གི་བཅོས་སྒྱུར་བསམ་བློ་དེ་སྲོལ་རྒྱུན་གྱི་རིན་ཐང་འདུ་ཤེས་ཁྲོད་ཡིབ་སྟེ་ལག་བསྟར་བྱེད་མགོ་བརྩམས་པ་རེད། བཅོས་སྒྱུར་ལག་་་་་་་ བསྟར་བྱེེད་ཆེད་ལུང་ཤར་གྱིས་སྔོན་ལ་མངོན་ཆུང་སྒོས་“སྐྱིད་་་ཕྱོགས་ཀུན་མཐུན་”ཞེས་པའི་ཚོགས་པ་ཞིག་གསར་འཛུགས་་་་ བྱས་ཤིང་། ཡང་བློ་བཀོད་སྣ་ཚོགས་ཀྱི་སྒོ་ནས་ཚོགས་མི་སྐྱེད་ སྲིང་བྱས་ཏེ་རྒྱབ་རྩ་ཇེ་བརྟན་དུ་བཏང་བ་རེད། ཁོས་ཧ་ཅང་ སྤྱང་པོས་ངང་”ལོ་རྒྱུས་ལ་བལྟས་ཏེ་འོང་ན་ཏཱ་ལའི་བླ་མའི་་་་་་བཞུགས་ཁྲི་སྟོང་བར་གྱུར་པའི་རིང་གི་སྲིད་སྐྱོང་སྲིད་གཞུང་་་་ ནི། རྟག་ཏུ་ནུས་མེད་སྟོབས་ཞན་དང་ལྐོག་ཟ་རུལ་སུངས་རྐྱང་ རྐྱང་གི་བར་བརྒལ་སྲིད་གཞུང་ཞིག་ཡིན་འདུག་པས། བོད་ཀྱི་ ད་ཡོད་ཆབ་སྲིད་གོ་གནས་ཡུན་རིང་བོར་བརྟན་སྲུང་བྱེད་རྒྱུ་་་་ ནི་ཧ་ཅང་དཀའ་ཚེགས་ཆེ་བའི་དོན་ཞིག་རེད། མཐར་གཏུག་ན་ལོ་ངོ་ཉི་ཤུའི་རྗེས་སུ་ང་ཚོས་ཏཱ་ལའི་བླ་མ་སྐུ་ཕྲེང་རྗེས་མའི་ཕྱག་ཏུ་དངར་དགོས་པའི་བོད་རྒྱལ་་་་་ ཁམས་དེ་ཡང་སྟོབས་འབྱོར་ལྡན་པ་ཞིག་ཡིན་མི་སྲིད། དེ་བས་ ཏཱ་ལའི་བླ་མའི་ཡང་སྲིད་རྙེད་པའི་བར་བོད་རྒྱལ་ཁམས་སྐྱོབ་་་་ ཐུབ་པའི་ཐབས་ཤེས་ཤིག་འཚོལ་རྒྱུ་ནི་བོད་ལ་ཤ་ཞེན་ཆེ་བའི་་་སྐྱ་སེར་དཔོན་རིགས་ཀུན་གྱིས་གཡོལ་དུ་མེད་པའི་འོས་འགན་རེད། འོ་ན་ཐབས་དེ་ག་རེ་རེད་ཟེར་ན། དེ་ནི་ད་ནས་བཟུང་ བོད་སྲིད་གཞུང་གིས་བསྒྲུབ་དགོས་པའི་བྱ་བ་ཐམས་ཅད་དྲང་་་བདེན་ཡིན་མིན་དང་ད་དུང་བྱ་བ་དེ་དག་གིས་མ་འོངས་བོད་་་ཀྱི་བདེ་སྡུག་ལ་ཁེ་ཕན་བསྐྲུན་ཐུབ་མིན་གྱི་ཐད་ལ་ཀུན་གྱིས་ལྟ་རྟོག་ནན་མོ་བྱེད་དགོས་པའི་ཐབས་འདི་རེད་“ཅེས་བསྟན་པ་་་་ རེད། དེ་ལྟར་ཁོང་ཐོག་མར་བོད་དམངས་གཙོ་བཅོས་སྒྱུར་གྱི་ བཀའ་ཚེགས་ཆེ་བའི་གོམ་ཁ་དང་པོ་དེ་བོད་གཞུང་བཀའ་ཤག་ནས་མགོ་བརྩམས་པ་རེད། དེ་ཡང་ལོ་བཞི་རེའི་མཚམས་ནས་ཐེངས་རེར་འདེམས་་བསྐོ་བྱེད་པའི་ལམ་ལུགས་གསར་པས་བཀའ་བློན་ཚང་མ་“མི་་དམངས་ཚོགས་ཆེན་”གྱིས་འདེམས་བསྐོ་བྱེད་དགོས་པའི་རེ་་་་ བ་བཏོན་པ་རེད། འདིས་ནི་བཀའ་བློན་གྱིས་“མི་དམངས་་་་་ ཚོགས་ཆེན་”ལ་འགན་འཁུར་དགོས་པའི་རྣམ་པ་བྱུང་བ་རེད། དོན་དུ་བརྒྱ་ལ་གདོང་མཆོང་རང་བཞིན་ལྡན་པའི་བཅོས་སྒྱུར་་འདི་ལག་བསྟར་བྱེད་ཐུབ་པར་གྱུར་པ་ཡིན་ན། ལུང་ཤར་ཁོའི་ སྲིད་དབང་གི་རྨང་གཞིར་གྱུར་ཡོད་པའི་“མི་དམངས་ཚོགས་་་་ཆེན་”ལ་བཀའ་བློན་ཚོས་ཁ་ལོ་བསྒྱུར་མི་བཏུབ་པ་རེད། ལུང་ ཤར་གྱིས་དེ་ལྟར་བཅོས་སྒྱུར་གྱི་གོམ་པ་དང་པོ་འགྲུབ་རྗེས་རིམ་བཞིན་བོད་ཀྱི་སྲིད་འཛིན་དོ་དམ་ནུས་ཤུགས་དང་། དམག་ དོན་སྟོབས་ཤུགས་མཐོ་རུ་གཏོང་བའི་འཆར་གཞི་བཟོ་བཞིན་་པའི་སྒང་ལ་བོད་གཞུང་བཀའ་ཤག་གིས་འཛིན་བཟུང་བྱས་་་་་ སོང་བ་རེད། བཀའ་ཤག་གིས་ཐོག་མར་ལུང་ཤར་སྲོག་ཆད་་་་ གཅོད་བསམ་ཡང་མཐར་ཁོ་བསད་པ་ཡིན་ན་ཁོའི་རྣམ་ཤེས་་་་་་ གྱོང་བོ་དེ་གདོན་འདྲེར་གྱུར་ཏེ་ཁོ་ཚོར་ཤ་འཁོན་སློག་ཡོང་་་་་་་་ བར་དོགས་ནས་མཐར་ཁོའི་མིག་ཟུང་གསོན་འབྲུ་བྱེད་པའི་་་་་་ ཉེས་ཆད་ལགས་ཏུ་བསྟར་བ་རེད། བོད་རྒྱུ་འབྲས་དང་སྙིང་རྗེ་ཡི་ཡུལ་གྲུ་ཡིན་ཟེར་བ་ཞིག་གནས་འདི་ལྟའི་ཡ་ང་བའི་གདོད་མའི་གཏུམ་སྤྱོད་ལག་ཏུ་་་་་་་་ བསྟར་བ་ནི་ཧ་ལས་དགོས་པ་ཞིག་རེད། ད་དུང་དེ་ལག་ཏུ་་་་་ བསྟར་མཁན་ནི་བཅོམ་ལྡན་འདས་ཀྱི་རྗེས་འཇུག་པ། སྐྱེ་བ་་ ཡང་རྒྱུད་ཀྱི་“བྱང་ཆུབ་སེམས་དཔའ་”རྭ་སྒྲེང་“རིན་པོ་ཆེ་”་་་་་ དང་ཁོང་གི་སྲིད་གཞུང་ཡིན་འདུག འདི་དག་ལས་ཤེས་ཐུབ་པ་ནི་སྐབས་དེའི་བོད་དབང་སྒྱུར་གྲལ་རིམ་གྱིས་ཆོས་ལུགས་ཀྱི་ཕྱི་གོས་ལ་བརྟེན་ནས་རང་གི་རྒྱུ་འབྱོར་དབང་ཐང་སྲུང་བ་ཙམ་ལས་བོད་སྤྱིའི་ཤི་གསོན་ཆག་་་་་་ འཇིག་ལ་སེམས་ཁུར་བྱེད་ཀྱིན་ཡོད་ཚོད་མི་འདུག དེ་བས་་་ ན་ཁོ་ཚོའི་སྔུན་ནས་འཇིག་རྟེན་གྱི་བདེན་པ་བརྡར་དབང་མེད་ལ་ཆོས་ལུགས་ཀྱི་རྒྱུ་འབྲས་གླེང་ས་ཡོད་པ་མ་རེད། རྩོམ་འདི་ཕུན་ཚོགས་རྒྱལ་གྱི་བརྩམས་པའི་དེབ་《རང་གཤིས་གདུང་འབོད་》ཅེས་པ་ལས་དྲངས།







སྲིད་ལུགས་གསར་སྒྱུར་གྱི་ལས་འགུལ་དང་ལུང་ཤར་བ། བེ་དུང་། མ་གཞི་དེང་དུས་སུའང་རང་རེའི་ཕྱོགས་ནས་རྩོམ་མཁན་དང་ཞིབ་འཇུག་པ་ཡིན་ཟེར་བའི་ཕོ་ཇོ་རླུང་ལས་ཡང་བ་སྐོར་་་ཞིག་གིས་སུ་ཞིག་ལ་ཞིབ་འཇུག་བྱས་པའི་དཔྱད་གཏམ་མམ། གང་ཞིག་ལ་རྗེས་དྲན་ཞུ་བའི་བསྒྲག་ཡིག་སྤེལ་བཞིན་ཡོད་་་་་་་ སྐད་དུ་མི་སྣ་མགོ་བོ་ཆེ་དག་ལ་སྙན་ཚིག་དང་། རྩོམ་ཡིག་ གིས་བསྟོད་པ་གྱ་ནོམ་པ་རེ་འབུལ་བཞིན་འདུག་པ་དག་དགེ་་་་ མཚན་ལྡན་པའི་བྱས་བཟང་ཉུང་འབྲུ་ཙམ་མིན་པའང་ཤེས་སླ་ཡང་། ངེས་དོན་གྱི་དམ་པ་གསེར་སྐུ་ལྟ་བུ་རེའི་མཛད་རྗེས་ སྲིད་ན་མཐོ་བ་དག་དྲང་པོའི་ངག་གིས་བརྗོད་པའི་གཏམ་་་་་་་་་ གཙང་རྫ་ཆབ་ལྟ་བུ་ཚོ་མངོན་ཚོད་ལ་བོད་པ་རང་གི་སྔར་སྲོལ་ལྟར། ཅོལ་ཆུང་སྙིང་ཤ་མེད་པ་ཚོས་གཉེར་བའི་ལས་ཉོག་སྟེ། དབང་གྲགས་ལྡན་པའི་དགྱེས་པོ་གདོང་ཚིལ་ཅན་རྣམས་ལ་་་་་་ གུས་འདུད་ཞུ་བའི་བསྟོད་རྩོམ་སྐྱུག་བུམ་དར་སྣས་རྒྱན་པ་ལྟ་བུ་སྤེལ་བཞིན་འདུག་པ་དེ་དག་གི་ཚུགས་སུ་མཆིས་རུང་དོན་་་་་་་ གྱིས་ཐོབ་སྐལ་དང་། སྙན་གྲགས་ཀྱིས་མ་བཀྱག་པའི་ཕོ་རབ་ ཉི་མ་ལྟ་བུ་རེས་རང་རིགས་ཀྱི་ཆེད་དུ་སྲོག་བསྡོས་བྱས་པའི་་་་་་ མཛད་རྗེས་འོད་སྟོང་འབར་བ་ཉིད་ལྷུག་པོར་བརྗོད་པའི་གཏམ་ཕྲེང་གསེར་གྱི་ཡང་ཞུན་ལྟ་བུ་ཡིན་པས་དེ་ག་ནི་ཡི་གེའི་རིས་་་སུ་ཕབས་ཤིང་། རྩོམ་གྱི་གཟུགས་སུ་བསྐྲུན་རུང་མི་རིགས་་་་་་ རང་གི་ལོ་རྒྱུས་གསེར་གྱི་ལྕམ་གཞིའི་གདོང་ཞལ་འཕྱོར་ཕྱིར། དྲི་མེད་དུང་གི་རིལ་བུས་འཕྲ་རྒྱན་བཏབ་པ་ལྟ་བུའི་བྱས་་་་་་་་་་་ གཙང་ཡིན་པས་སྐྱོན་ཆ་དེ་ཙམ་ཅི་ལ་ཡོད་སྙམ་ལ། དེ་བས་་་་ འདི་ནས་ཀྱང་བློ་མིག་རྣོ་ཞིང་རུས་པ་སྲ་བའི་རྩིས་དཔོན་ལུང་་་ཤར་བའི་རང་ཚད་མིག་ལ་དགའ་བ་དེ་ཉིད་སྔོན་གཏམ་དཀྱོག་བཤད་ཀྱི་སློག་ཧྲུལ་དང་། དམོད་སྐད་འཆལ་ཚིག་གི་ཤུན་པ་རྒྱ་ རིམ་པ་དགུའི་ཡང་ཕུགས་ནས་ཕྱི་རུ་བཏོན་ཏེ་བདེན་རྟོན་གྱི་་་་་ བློ་མིག་རྣོ་ལ་ཡངས་པའི་བོད་གཞོན་ཚོའི་འདྲེན་བྱེད་མིག་གི་་་དགའ་སྟོན་དུ་ཕྱར་བའི་མཐུན་སྦྱོར་ལ། “རྨོངས་ཕྱུགས་ཁྲོད་ ཀྱི་མི་གཟུགས་”ཅན་ལུང་ཤར་བའི་བསམ་སྦྱོར་ཁྱད་དུ་འབར་་་བ་དེ་ཉིད་མངོན་པར་མཚོན་པའི་བདེན་གཏམ་སྨྱུག་མའི་སྐྱེས་གཟུགས་ལས་དྲང་བ་ཞིག་ཤར་མར་འབྲིའོ། ། གཅིག དམངས་གཙོ་ལ་དགའ་ཞིང་། གསར་བརྗེ་ལ་དུང་བའི་ བཟང་པོའི་བློ་འདུན་རྙེད་པ། དེ་ཡང་རྩིས་དཔོན་ལུང་ཤར་བ་ཁོང་ཉིད་༡༩༡༡ལོར་རྒྱལ་་དབང་སྐུ་ཕྲེང་བཅུ་གསུམ་པ་མཉམ་དུ་རྒྱ་གར་དུ་ཕེབས་པ་་་་་་་་ ནས་བཟུང་དབྱིན་ཇིའི་གཙོས་པའི་ཕྱི་གླིང་བའི་སྤྱི་ཚོགས་་་་་་་་ སྲོལ་ཀུན་ལ་གོམས་འབྲེལ་རགས་རིམ་ཞིག་བྱུང་བ་དང་། ལྷག་ཏུ་ཡོབ་གླིང་གི་མཐོ་རིམ་རྒྱལ་ཁབ་དང་སྤྱི་ཚོགས་ཁག་ན་དར་བའི་དམངས་གཙོའི་ལྟ་གྲུབ་ལ་ཐུགས་འབྲེལ་བྱུང་བའམ།ཡང་ན་དམངས་གཙོའི་ལྟ་གྲུབ་ཀྱི་ལྗང་སྨྱུག་གསོན་པོ་ཞིག་ཁོང་གི་བློ་ཡིད་ཀྱི་ཞིང་ས་ན་འབུས་མགོ་ཚུགས་ཡོད་ལ། ༡༩༡༣ ལོར་བྱང་ངོས་པ་རིག་འཛིན་རྡོ་རྗེ་སོགས་བོད་ཕྲུག་ཕྱི་བགྲོད་་་་་ སློབ་སྦྱོང་པ་བཞིའི་མགོ་ཁྲིད་ནས་དབྱིན་ཇིར་སོང་རྗེས་དབྱིན་ཇིའི་གཞུང་སྲིད་ལམ་ལུགས་སམ་ཡང་ན་ཚད་མཐོའི་དཔེ་་་་་་་་ ཡིག་ཁག་གི་ནང་ན་གསལ་ཞིང་། ཕུལ་བྱུང་དམ་པ་ཚོའི་་་ ཐུགས་ཡིད་ལ་བརྣག་པའི་དམངས་གཙོའི་ལྟ་གྲུབ་ལ་ངེས་ཤེས་ཚུགས་ཐུབ་ཅིག་འདྲོངས་ནས། དམངས་གཙོའི་སྲིད་སྐྱོང་གི་ ལམ་ལུགས་དེ་ག་ནི་བོད་པ་རང་ནས་ཀྱང་ལག་བསྟར་དགོས་་་་ ངེས་ཀྱི་ཚད་མཐོའི་སྲིད་ལུགས་སམ། ཡང་ན་དེང་རབས་རང་ བཞིན་ཅན་གྱི་ཆབ་སྲིད་སྐྱོང་སྟངས་ཤིག་ཡིན་པར་ཡོངས་སུ་་་་ རྟོགས་ནས། དམངས་གཙོ་ལ་དུང་བའི་སེམས་ཀྱི་འདུན་པ་་་ ཟབ་ལ་ཡངས་པ་ཞིག་ཐུགས་ཡིད་ཀྱི་རྒྱན་དུ་ཆགས་པ་རེད། དེ་ཡང་བརྒྱ་ལོ་ཉི་ཤུ་པའི་སྟོད་ཙམ་སྟེ། ལུང་ཤར་བ་ ཁོང་དབྱིན་ཇི་སོགས་ཕྱི་རྒྱལ་ཁག་ན་སློབ་སྦྱོང་དང་། ལྟ་སྐོར་ ལ་འགྲོ་སྐབས་གཅིག་ནས་དམངས་གཙོའི་ལམ་ལུགས་སམ་་་་་་ དམངས་གཙོའི་ལྟ་སྤྱོད་དེ་དག་ནུབ་གླིང་སྤྱི་ཚོགས་ཀྱི་ནང་ནས་ཁ་གཡང་ཙམ་མིན་པར། ལག་ལེན་དང་ཉམས་བསྟར་བྱེད་ཀྱི་ ཡོད་པས་དེ་དག་གིས་བག་ཆགས་མི་དམན་པ་ཞིག་ཐེབས་ཤིང་གོས་ཡོད་པར་ངེས་ལ།གཉིས་ནས་སྐབས་དེར་ཕྱི་གླིང་སྔོན་ཐོན་རྒྱལ་ཁབ་ཁག་གིས་མངའ་འབངས་རྒྱ་སྐྱེད་དང་། སྲིད་སྟོབས་ གོང་སྤེལ་བྱེད་པའི་སྒོ་ནས་འཛམ་གླིང་ཧྲིལ་པོ་ལ་བགོ་བཤའ་་་རྒྱག་གིན་པའང་མཐོང་ཆོས་སུ་ཡོད་རྐྱེན་ཁོང་གི་ཐུགས་སུ་་་་་་་་ རང་རིགས་བོད་མི་རྣམས་ཀྱང་སྔར་སྲོལ་ལྟར་སྐྱིད་ཉལ་ལྷོད་་་་་ གཡེང་བྱེད་པའི་དུས་མ་རེད་སྙམ་པའི་དྲན་འདུན་ཞིག་སྐྱེས་་་་ ཡོད་པར་ངེས་ལ། རྐྱེན་དེ་དག་གིས་བོད་ཀྱི་སྲིད་དབང་སྒེར་ གཅོད་ལམ་ལུགས་དེ་ལ་གསར་བརྗེ་ཚད་ལྡན་ཞིག་མ་བྱས་ན་་་ནུས་མེད་དང་། རུལ་སུངས་རྐྱང་རྐྱང་གིས་དཔོན་གནས་་་་་་་ བཟུང་བསྡད་ཕྱིན།སྲིད་སྟོབས་ཀྱིས་མི་རིགས་སྐྱོབ་མི་ཐུབ་པའི་བདེན་ལུགས་ཡོངས་སུ་རྟོགས་ནས་དམངས་གཙོའི་ལམ་་་་་་་་་་ ལུགས་ལ་གཞོལ་བའི་“སྲིད་ལུགས་གསར་སྒྱུར་”གྱི་ལས་འགུལ་་་སྤེལ་རྒྱུའི་ཐོག་མའི་དྲན་འདུན་དེ་སྐྱེས་པ་རེད། གཉིས་པ། འདྲ་མཉམ་དང་དམངས་གཙོ་རྩོད་པའི་“ལུང་ཤར་ ལས་འགུལ་”གྱི་རིན་ཐང་། སྤྱིར་ན་རྟོག་པ་སད་གྲོལ་དུ་སོང་ཟིན་པའི་སྐྱེས་བུ་དག་་་གིས་རྨོངས་རྟུལ་ཚོའི་ཡིད་ངོ་ན་ཤོང་དཀའ་བའི་དོན་མཐུན་་་་་་ དང་། ཁྱབ་ཆེའི་རང་བཞིན་ཅན་གྱི་ལས་འགུལ་ཅི་རིགས་ སློང་སྲིད་ལ། དེ་ལ་བཀག་འགོག་དང་། ངོ་རྒོལ་གྱི་སྦྱོར་བ་སྣ་ ཚོགས་རྩོམ་པའི་བླུན་རྨོངས་ཀྱི་དཔུང་ཚོགས་ཤིག་ཀྱང་ཤུགས་་བྱུང་དུ་འབྱུང་བ་ཆོས་ཉིད་རེད། དེ་ལྟར་མིའི་རིགས་སྤྱི་ཡོངས་ ཀྱི་ལོ་རྒྱུས་ལ་བྱུང་མྱོང་བའི་གོད་ཆག་སྟེ། རྨོངས་རྒོད་ཚོས་་་ ངན་སྦྱོར་བརྩམས་པའི་ཁྲོད་ནས་དམ་པ་གང་མང་ཞིག་ཉེས་་་་་ མེད་དུ་ཤི་གྲོན་ལ་སོང་བའི་སྐྱོ་གར་དེ་འདྲ་ནི་ལོ་རྒྱུས་ཀྱི་ཕམ་་་ཁ་བསུབ་ཏུ་མེད་པ་ཞིག་ཡིན་ནའང་། དེ་ལྟ་དེ་ཟློག་མེད་དུ་ བྱུང་ཞིང་འབྱུང་བ་ནི་ཆོས་ཉིད་ཀྱི་ནུས་པས་ཀྱང་ངོ་ལེན་མི་་་་་་ ཐུབ་པའི་རྦབ་རྒོད་ཐུར་འགྲིལ་གྱི་མངོན་སྟངས་གཞན་ཞིག་་་་་་་ རེད། དེ་བས་འུ་ཚོའི་ལུང་པ་ནས་ཀྱང་བརྒྱ་ལོ་ཉི་ཤུ་པའི་སྟོད་ཙམ་ནས་རྩིས་དཔོན་ལུང་ཤར་བས་མི་རིགས་མདུན་སྐྱོད་ཀྱི་་་ སྒོ་མོ་འབྱེད་པའམ། ཡང་ན་སྤྱི་ཚོགས་ཡར་རྒྱས་ཀྱི་རྩིག་རྨང་ གདིང་ཕྱིར་“སྲིད་ལུགས་གསར་སྒྱུར་”གྱི་ལས་འགུལ་བསླངས་པ་རེད་ལ། ལས་འགུལ་དེ་ནི་དམངས་གཙོའི་ལྟ་གྲུབ་ཀྱི་་་་་་་་ དགོངས་གནད་ལ་ཡོངས་སུ་འབྲེལ་ཞིང་། དེང་རབས་རང་་་་ བཞིན་གྱི་སྲིད་སྐྱོང་གོ་སྒྲིག་དང་གཅིག་ཏུ་མཐུན་པའི་ཚད་་་་་་་ མཐོའི་ལས་འགུལ་ཞིག་ཡིན་པ་སྨོས་མེད་ཡིན་ཐོག བོད་་་་་་་་ རིགས་རང་གི་ལོ་རྒྱུས་ལ་ཆ་མཚོན་ན་དེ་སྔོན་བྱུང་མྱོང་མེད་་་་་ པའི་ཚད་མཐོའི་སྲིད་ལུགས་གསར་བརྗེ་ཡི་མཚན་གཞི་རྨ་་་་་་་་ མེད་ཅིག་ཀྱང་རེད། ལས་འགུལ་དེའི་དམིགས་ཡུལ་ནི་སྐུ་དྲག་གི་གོ་གནས་་་ བརྗེ་སྤོར་དང་། དཔོན་མྱི་ཚོ་འོས་མིས་འདེམས་སྒྲུག་ཆོག་པའི་ ལས་ཐོབ་བདེན་རྩོད་བྱེད་རྒྱུ་ཙམ་མ་ཡིན་པར་ཆེན་པོ་བོད་ཀྱི་་་སྲིད་ཤུགས་དེ་ཉམས་རྒུད་ཤི་ལམ་དུ་སོང་པའི་བེམ་གོག་བསྐྱར་འཚོལ་དང་། སྲོག་དབུགས་གསར་བསྐྲུན་བགྱི་བའི་ལས་གཞི་ གདིང་རྒྱུ་སྟེ། རྒྱ་ཆེན་རང་བཞིན་ཅན་ཞིག་ཡིན་པ་ལུང་ཤར་ བ་རང་གི་མི་ཚེའི་ལོ་རྒྱུས་དང་། ལས་འགུལ་དེའི་དངོས་་་་་་ ཤུགས་ཀྱི་རང་བབ་ལ་བརྟགས་པས་གོ་ནུས། དེ་བས་འུ་ཚོས་ ཀྱང་“ལུང་ཤར་ལས་འགུལ”གྱི་རིན་ཐང་ལ་བརྩི་འཇོག་དང་།གུས་འདུད་བགྱི་བའི་འདུན་པས་ལས་འགུལ་དེའི་རང་བབ་ལ་ཕྱིར་བལྟས་བྱ་བར་འོས་ཏེ། ལུང་ཤར་བའི་སྲིད་ལུགས་གསར་ བསྒྱུར་གྱི་ལས་འགུལ་དེ་གའི་སྔོན་འགྲོ་སྟེ། ཐོག་མའི་ཉེར་རྒྱུ་ རུ་གནས་པའི་འདྲ་མཉམ་དང་དམངས་གཙོའི་ལྟ་བ་དེ་ནི་ཕྱི་་་་ གླིང་མཐོ་རིམ་རྒྱལ་ཁབ་དག་གི་སྲིད་ལུགས་ལྟ་སྤྱོད་ཀྱི་བྱེད་་་་་་ནུས་དང་། ཤན་ཤུགས་ལས་ཐོབ་པའི་དྲན་སྒོ་ལགས་ཏེ། དམ་ པ་ཁོང་ཉིད་ཕྱི་གླིང་གི་རྒྱལ་ཁབ་ཁག་ན་དངོས་སུ་གཤེགས་་་་་་་ བཞུད་བགྱིས་ཏེ་ཕྱི་རྒྱལ་བའི་དམངས་སྲོལ་དང་། སྲིད་ལུགས་ དང་། རྒྱལ་སྐྱོང་ལས་རིགས་སོགས་ལ་ནན་གཟིགས་དང་བསྐྱར་ ཞིབ་བྱས་པ་ལས་རྙེད་པའི་དམངས་གཙོའི་ལྟ་བ་དང་། འདྲ་ མཉམ་གྱི་འདུ་ཤེས། རང་དབང་གི་བསམ་བློ་སོགས་ཏེ་ལྟ་གྲུབ་ ཚད་དང་ལྡན་པ་དེ་ལྟ་ནི་གུས་བརྩི་ཞུ་འོས་པའི་གནས་ཏེ། འུ་ ཚོའི་མི་བུ་ཞིག་ལ་དུས་སྐབས་དེ་དུས་སུ། ཕྱི་བགྲོད་དང་རྒྱང་ བཞུད་བྱས་པ་ལས་ཐོབ་པའི་མཐོ་རིམ་འདུ་ཤེས་སམ། ཡང་ན་ ལུགས་མཐུན་ཚད་མཐོའི་ལྟ་གྲུབ་དེ་འདྲ་ཡོད་པ་ནི་མི་རིགས་་་ རང་གི་བསམ་བློའི་ལོ་རྒྱུས་ལ་ཆ་མཚོན་ན་རིམ་འདས་ཀྱི་འཕོ་འགྱུར་དང་། ཚད་བརྒལ་གྱི་འཕེལ་རྒྱས་སུ་སོང་བའི་དཀྱོག་ མཚམས་གལ་ཆེན་ཞིག་ཅི་ལ་མིན།དེར་མཚུངས་ལས་འགུལ་་དེའི་རང་ཞལ་དངོས་ཀྱི་རིན་ཐང་ལ་བསམ་ནའང་གུས་བརྩི་ཞུ་རིན་ཡོད་པ་ཞིག་སྟེ། རང་སྐྱིད་ལ་བརྩོན་ཞིང་སྒེར་གཅོད་ལ་ གོམས་པའི་རྨོངས་ཕྱུགས་ཀྱི་མཚུངས་ཟླ་ལྟ་བུའི་བོད་གཞུང་སྐུ་དྲག་དག་གི་ཐུགས་ལ་དངངས་འཚབ་ཤུགས་དྲག་སློང་ནུས་་་་ པའི་“ལས་འགུལ་”དེ་ལྟ་ནི་དོན་གྱིས་མི་བུ་རང་ཐང་པས་་་་་་་་གཉེར་པའི་ལས་ཕྲན་བྱིས་པའི་ཟློས་གར་ལྟ་བུ་དག་དང་ཡེ་་་་་་་ ནས་འདྲ་བ་མིན་པ་རྟོགས་སླ་ཐོག ཕན་འབྲས་དང་། བྱས་ རྗེས་ཐོབ་མིན་ལ་མ་ལྟོས་པར་ཡོངས་ཁྱབ་དང་། དེང་རབས་ རང་བཞིན་ཅན་གྱི་“གསར་བརྗེའི་ལས་འགུལ་”རྔམ་པོ་ཆེ་དེ་་་ལྟ་ཞིག་འཛམ་གླིང་གི་སྤྱི་ལུགས་དང་རྒྱང་ཆད་དུ་གནས་པའི་་་ཕྱུགས་སྐྱོང་བོད་ཀྱི་ཡུལ་དབུས་ནས་མངོན་སྤེལ་བྱས་པ་ནི་་་་་་་་ དགུན་དུས་སུ་སྐྱེས་པའི་འདབ་བརྒྱའི་མེ་ཏོག་ལྟ་བུ་ཡ་མཚན་་་་དང་། ཞེ་མཐོང་བྱེད་འོས་པ་ཞིག་ཅི་ལ་མིན། སོམས་དང་། རང་ཉིད་ཀྱང་སྐུ་དྲག་དང་དབང་ཐོབ་ཅན་གྱི་མི་སྣ་ཞིག་ཡིན་་་་པའི་ངོས་ནས་མདུང་སོ་རང་སྟེང་ལ་བསྐོར་བའི་ཟོལ་གྱིས་་་་་་་་་ དཔོན་ཐོབ་ཆིག་འཛིན་དང་། སྲིད་དབང་སྒེར་གཅོད་ལམ་་་་ ལུགས་ལ་རྒོལ་བའི་ལས་སྦྱོར་སྤེལ་ཐོག མ་འོངས་ཕུགས་འདུན་གྱི་ཆ་ནས་མི་རིགས་རང་གི་ཡོད་ཚད་ཀྱི་ཚེ་སྲོག་དང་། གོ་ཁྲབ་ལྟ་བུའི་གཞུང་སྲིད་དེ་ ཆོས་མིན་སྲིད་མིན་དང་། སྒེར་མིན་གཞུང་མིན་དང་། ཡོད་ མིན་མེད་མིན་གྱི་ཉམས་དམན་དང་རུལ་སུངས་སུ་གྱུར་ཡོད་་་་་ པའི་སྐབས་སུ། ཆེན་པོ་བོད་ཀྱི་མི་རིགས་དེ་ཚུགས་ཐུབ་རང་ ཆོས་ཟིན་པ་ཞིག་དགོས་ན་སྲིད་ལུགས་གསར་བསྒྱུར་གྱི་སྒོ་ནས་་་སྲིད་ཤུགས་”སླར་གསོ་”བགྱི་དགོས་པའི་གལ་ཆེན་གནད་ཀྱི་་་དོན་པོ་དེ་ངོས་ཟིན་དང་། ཤེས་རྟོགས་བྱུང་ཡོད་པ་ལས་ལྷག་་་ པའི་བློ་མིག་རྣོན་པོས་མཐོང་དོན་ཞིག་ཇི་ལྟར་སྲིད། གསུམ། ལུང་ཤར་ལས་འགུལ་གྱི་མཇུག་མ་དང་། ཕྱིར་དྲན་གྱི་གདུང་དབྱངས། འདི་ནས་ལོ་རྒྱུས་ཀྱི་གོད་ཆག་ཏུ་གྲུབ་པའི་ལུང་ཤར་བའི་ ཕམ་ཁ་དེར་ཕྱིར་རྟོག་དང་བསྐྱར་བལྟས་བྱས་ནས། གདུང་ སེམས་ཀྱིས་སྦགས་པའི་སྐྱོ་གཞས་ཤིག་མི་འཐེན་ཐུ་མེད་བྱུང་་་་ སྟེ། ཆེན་པོ་བོད་ཀྱི་མི་རིགས་དེ་ཉམས་རྒུད་འཆི་བའི་མཐའ་ ལས་ཉེ་བར་སྐྱོབ་ཕྱིར་འདྲ་མཉམ་དང་དམངས་གཙོའི་ལྟ་གྲུབ་་སྲོག་ཏུ་བྱས་པའི་གསར་བརྗེའི་ལས་འགུལ་བསླངས་ནས། སྔོན་ཐོན་གྱི་གནས་ཡུལ་ལ་བགྲོད་པར་ལམ་སྟོན་དང་སྐུལ་་་་་་་་ འདེད་བྱེད་པའི་དམ་པ་ལུང་ཤར་བ་ཁོང་གི་སྤྱན་འབྲས་གཉིས་་བཙན་བཀོག་ཤུགས་འདོན་བྱེད་དགོས་དོན་ཅི་ཞིག་རེད། བཙོན་ཁང་མུན་པའི་ཁྱམས་ཡངས་སུ་གོས་མེད་ཟས་་་བཅད་ཀྱིས་བཀག་བཅུག་དགོས་དོན་ཅི་ཞིག་རེད། དེ་ནི་འུ་ ཚོའི་མི་བུ་ཚོ་གདུག་སྤྱོད་དང་། དྲག་ལས་ཤིན་ཏུ་གོམས་ཤིང་། དྲང་བདེན་དང་རྒྱུ་འབྲས་ཀྱི་བློ་མིག་ཡེ་ནས་མེད་པའི་མཚོན་་་ཆོས་ལས་གང་ཡང་མ་རེད་ལ། མི་རིགས་རང་གི་མདུན་ལམ་ དེ་སྐྱར་མར་འོད་སྣང་དང་གཏན་བྲལ་དུ་སོང་བའི་ཁྱད་རྟགས་་བསུབ་ཏུ་མེད་པ་ཞིག་ཀྱང་རེད། དེ་ཡང་འདས་སོང་གི་ཕམ་ཉེས་དང་གོད་ཆག་དག་ཕྱིར་དྲན་བགྱིས་ཏེ་ཡིད་འགྱོད་དང་འཁང་ར་ཇི་ཙམ་བྱས་ཀྱང་་་་་་་་ བཟང་དངོས་གང་ཡང་སླར་འཐོབ་མི་སྲིད་པ་ཤེས་མོད། དེང་ དང་ཕྱིས་ཀྱི་དུས་སུ་དམ་པ་ལུང་ཤར་བ་ལྟ་བུ་མི་བུ་རུས་པ་ཅན་ཅི་འབྱུང་ཀུན་གྱི་ལས་ལམ་ལ་བར་བགེགས་མི་འབྱུང་བའི་་་་་་་ མཐུན་འགྱུར་དུ་གཙོ་བོར་སྨྲ་བ་ཡིན་ལ། ཡང་སྙིང་“ལུང་ཤར་ ལས་འགུལ་”དེ་དེ་ལྟར་དུ་འཕྲོ་ཆད་དང་། རྩ་མེད་དུ་སོང་བ་ ལ་དྲན་ཤེས་ཀྱིས་ཇི་ལྟར་བརྟག་རུང་། ཚོར་བ་ཡིས་ཇི་ལྟར་ གཞལ་རུང་ཕངས་སེམས་རི་རབ་ཙམ་མི་འབྱུང་རང་དབང་མི་་འདུག་སྟེ། འུ་ཅག་བོད་མིའི་ལོ་རྒྱུས་ལ་ཆ་བཞག་ན། བཙན་ པོའི་རྒྱལ་རབས་དེ་མཇུག་རྫོགས་ཚུན་མི་བུའི་འཚོ་གནས་ལ་་་མཁོ་བའི་སྲིད་ཀྱི་བགྱི་སྒོ་མཐུས་ཚང་ཞིག་སྒྲིག་སྐྱོང་འཇོན་་་་་་ མེད་པས། “ལུང་ཤར་ལས་འགུལ་”གྱིས་སྲིད་ཀྱི་རང་ཚད་དང་ བགྱི་སྒོ་དེ་ཀུན་ནས་དག་ཅིང་གཅིག་ཏུ་རྒྱས་པ་ཞིག་ཡོང་བར་་གཞི་ནས་ཕན་ངེས་པས་དེ་ལྟར་འབྲས་མེད་དུ་སོང་བ་ལ་ཧ་་་་་་་ ཅང་ཕངས་སོ། ། མཇུག་གཏམ། དེ་ལྟར་ཏེ་ལོ་རྒྱུས་ཀྱི་མིག་དབང་དུ་གྲུབ་པའི་ཕོ་བཟང་རི་དབང་ལྟ་བུ་ཞིག་གི་གདོང་ཞལ་དྭངས་ལ་མཛེས་པ་དེ་ཉིད་དག་པར་མཐོང་བ་ལ་སུ་ཡང་སྤྲོ་ངེས་པས་དཀྱོག་བཤད་དང་ལོག་་་་་ འགྲེལ་གྱི་ལྷད་ཆ་མེད་པའི་མི་བུ་ཁོང་གི་ཡིན་བབ་དང་། དྲང་ གཤིས་དག་པར་མཚོན་པའི་གཏམ་ཚོགས་སུ་དམིགས་ནས་དེ་སྐད་དུ་བྲིས་པ་ཡིན་ལ། དེ་ཡང་ཉེ་རབས་ཀྱི་དུས་ཡུན་ནང་ འདིར་རང་རིགས་ཁ་བ་རི་པའི་ལོ་རྒྱུས་མུན་པའི་ཁྱམས་ཡངས་ན་བོད་པ་རང་གི་ཆབ་དཔལ་རིག་གསུམ་གྱི་སྲོག་དབུགས་་་་་་་་ བརྟན་ཞིང་རྒྱས་པ་ལ་ཉེ་བར་མཁོ་བའི། “གསར་བརྗེ”འི་འོད་ ཞགས་སྟོང་གྲང་འགྱེད་ལ་བརྩོན་མཁན་རྩིས་དཔོན་ལུང་ཤར་་བ་ཁོང་ནི་ཆེན་པོ་བོད་ཀྱི་སྤྱི་གཞུང་ལ་དོ་ཁུར་ནན་ཆེན་བྱེད་་་ པའི་མི་བུ་རུས་པ་ཅན་ཞིག་ལགས་ཏེ། ཟད་དང་རྒུད་པའི་་་་་་ ལམ་ལ་མགྱོགས་ཀྱིས་བསྐྱོད་པའི་གངས་ལྗོངས་མཐོ་བོད་མི་་་་་ རིགས་ཀྱི་གནས་བབས་མཆི་མ་དཀུ་བ་དེ་ཉིད་ཡོངས་སྒྱུར་་་་་་་་ ལེགས་བཅོས་བགྱི་བའི་ལས་དཀར་ལ་བཟང་འབྲས་མྱུར་སྨིན་་ཡོང་བའི་མཐུན་སྦྱོར་དུ། “སྐྱིད་ཕྱོགས་ཀུན་མཐུན”གྱི་ལས་ གཞི་འཆར་འགོད་དང་མངོན་སྤེལ་བྱས་ནས། ཆེན་པོ་བོད་ཀྱི་ སྤྱི་ཚོགས་མདུན་སྐྱོད་དང་། གོམ་བགྲོད་བྱེད་པ་ལ་གེགས་་་་ དང་།འགོག་རྐྱེན་གཙོ་བོར་གྲུབ་པའི་རུལ་སུངས་སྒེར་གཅོད་་་་་ ཀྱི་“དཔོན་དབང་ཆིག་འཛིན་ལམ་ལུགས”ལ་གསར་བརྗེ་བགྱི་བའི་ལས་འགུལ་བསླངས་པ་ནི། རང་རིགས་བོད་ཀྱི་མི་མང་ དེ་གཞན་འཇོམ་ནང་རུལ་གྱི་ནད་ཆེན་མཚོ་རླབས་ལྟ་བུས་་་་་་་ ཉམས་རྒུད་འཆི་བའི་ལམ་ལ་འདེད་ཀྱི་ཡོད་པ་ལ། ཕན་ངེས་ མཁོ་ཆེན་གྲུབ་པའི་སྨན་མཆོག་དཀར་པོ་ཆིག་ཐུབ་ཅིག་གཙང་སྦྱོར་ཆེད་སྤེལ་བྱས་པ་ལགས་པས་སུས་ཀྱང་ཡི་རང་ཞུ་བར་་་་་་་ འོས་ལ། ལྷག་པར་དུ་ཁོ་བོ་ནི་ཡོངས་མཐུན་དང་། སྤྱི་སྙོམ་གྱི་ ལས་རུལ་གཉེར་བའི་མགོ་བདེ་ཚོ་ལས་རང་རྐྱ་ཐུབ་ཅིང་། སྒེར་ཚུགས་ལྡན་པའི་མི་བུ་སྟེ། བདེན་ལམ་དྲང་གཉེར་བྱེད་ མཁན་ཚོར་མོས་མཐུན་ཞུ་རྒྱུར་དགའ་བས་རྩིས་དཔོན་ལུང་་་་་་ ཤར་བ་རང་གི་དཔྱོད་ཤེས་ཀྱི་བློ་མིག་དང་། ཟོལ་མེད་ཀྱི་དྲང་ གཤིས།སྤྱི་ཕན་གྱི་ལྷག་བསམ་སོགས་བཟང་པོའི་བློ་མོས་ཀྱི་་་་་་་་ མཐུ་ནུས་ལས་འཁྲུངས་པའི“སྲིད་ལུགས་གསར་སྒྱུར”གྱི་བྱས་་་་པ་དེ་གར་ལྷག་ཏུ་བློ་འབབ་ཀྱི་ཡོད། ཡིན་ནའང་དུང་ཞེན་གྱི་དབང་དུ་གཏན་ནས་མི་གཏོང་བར་དགེ་སྐྱོན་གང་ཡང་དྲང་ཐད་ནས་ཞུ་ངེས་ཡིན་པས་གལ་ཏེ་ལུང་ཤར་བར་སྐྱོན་མཚང་ཞིག་ཡོད་ན་དེ་གའང་སུན་འབྱིན་་་་་ གྱི་མདའ་མོའི་འབེན་དུ་འགོད་ངེས་ཡིན། རེད་དེ་གོང་ཞུས་ ལྟར་དམ་པ་ཁོང་གིས་བསླངས་པའི་ལས་འགུལ་དེ་ག་ནི་བོད་་་་ མིའི་སྤྱི་ཚོགས་ཀྱི་གནས་བབ་དང་། ཡིན་ཚོད་ལ་ལྟོས་ན་མཁོ་ གལ་ཆེ་བ་ཞིག་ཡིན་ཐོག་དེང་རབས་རང་བཞིན་ཅན་གྱི་རྒྱལ་་་སྤྱིའི་འགྲོ་སྲོལ་དང་ཡང་ལྷག་ཏུ་མཐུན་པ་ཞིག་ཡིན་རྐྱེན་གུས་་་བརྩི་དང་། ཡི་རང་བྱེད་པ་ལས་འོས་གཞན་མ་རྙེད་དོ།།








ལུང་ཤར་རྡོ་རྗེ་ཚེ་རྒྱལ་གླེང་བ། ཁྲི་མཆོད་ཀོང་། ལར་མི་རིགས་ཤིག་གི་ལོ་རྒྱུས་ཞེས་པའང་དུས་དང་སྐབས་དག་ཏུ་བྱོན་པའི་མི་རིགས་དེའི་ལྟ་བ་གནད་དུ་ཟུག་པའི། སྐྱེས་མཆོག་ཚོའི་སྒེར་གྱི་ལོ་རྒྱུས་དང་དམ་གྱིས་འབྲེལ་ཞིང་། ལྷག་པར་སྤྱི་དམངས་ཀྱི་མི་སྒེར་རེ་རེའི་བྱུང་བ་དང་མཐའ་་་་་་ མཚམས་ཀྱི་མི་རིགས་དང་རྒྱལ་ཁབ་ཁག་གི་འཕེལ་རིམས་་་་་་་ ལའང་ལྷག་ཏུ་འབྲེལ་ནས་ཡོད།

 དུས་རབས་བཅུ་དགུ་དང་ཉི་ཤུ་བའི་སྐབས་ཙམ་ནི་འཛམ་་་ གླིང་རྒྱལ་ཁབ་ཁག་གི་ཤེས་ཡོན་དང་དཔལ་འབྱོར་ཆབ་སྲིད་་་་་ དམག་དོན་སོགས་ཆུ་བོའི་རྦ་རླབས་རི་རྩེར་འཕྱུར་བ་བཞིན་བློ་ཡུལ་དུ་མི་ཤོང་བའི་འགྱུར་བ་འགྲོ་བཞིན་པའི་དུས་ཡིན། དེས་ན་གནད་ཀྱིས་དུས་རབས་ཉི་ཤུ་བའི་སྟོད་ཙམ་ནས་བོད་་་་་ མི་རིགས་ཀྱི་གནས་སྟངས་ལ་བལྟས་ན།  དེ་ནི་གོང་ས་བཅུ་་་་ གསུམ་པས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་སྲིད་དབང་བཟུང་བའི་དུས་སུ་ཁེལ་ནས་ཡོད་པར་མ་ཟད།  དུས་སྐབས་དེ་ཙམ་ནས་་ མ་འོངས་པའི་བོད་རིགས་ཀྱི་བདེ་སྡུག་དང་མ་འོངས་པའི་བོད་ཆེན་པོའི་རྒྱལ་ཁབ་ལ་ཤ་ཚ་དང་སྐྱོ་བའི་སྨྱུ་གུ་སེམས་སུ་བཞད་པའི་སྐྱེས་མཆོག་དང་བུ་རྒོད་གང་མང་ཡང་བྱུང་ཡོད།    
   གཞན་དུ་ན་ལོ་ངོ་༡༠༣༢རིང་གི་འཛམ་གླིང་མི་རིགས་་་་ གཞན་དག་དང་བསྡུར་ནའང་ངོ་གནོང་མི་དགོས་པའི་བོད་་་་་་་ བཙན་པོའི་སྲིད་དབང་དེ་ཉིད་འཐོར་ཞིག་ཏུ་གྱུར་ཞིང་བོད་་་་་་་ རིགས་མི་དམངས་ཀྱིས་སྡུག་དང་མིག་ཆུ་ཁོག་ཏུ་མིད་བཞིན་་་་ ཛ་དྲག་དང་ཉེན་ཁའི་འགག་འཕྲང་རབ་རིམ་གང་མང་བརྒྱུད་་ནས་མི་རིགས་གཞན་དག་རྣམས་ཆབ་སྤེལ་རིགས་སོགས་ཀྱི་་་་་ སྐར་ཚོགས་བཀྲ་བའི་དུས་རབས་འདི་ན་སླེབས་ཡོད།
  འོན་ཀྱང་བོད་བཙན་པོའི་སྲིད་དབང་དེ་ཉིད་མཇུག་ཡོངས་ སུ་རྫོགས་ནའང་རང་ཉིད་ཀྱི་རྒྱལ་ཁབ་དང་ས་ཁུང་རྣམས་ནི་་་་་ དུས་ད་ལྟའི་བར་དུ་རྩ་ཆེ་བའི་ཚེ་སྲོག་ཁྲི་ཕྲག་མང་པོ་འབེན་་་་ དུ་བཞག་ནས་ལས་འབྲས་དང་གནས་ལུགས་ལ་གུས་བརྩི་ཞུས་ནས་སྲུང་སྐྱོབ་བྱེད་ཐུབ་པ་བྱུང་ཡོད།
  མི་རིགས་ཤིག་གི་ལས་དབང་ཁད་ཀྱིས་འགྱུར་ཞིང་མུན་་་ ནག་རྐྱང་རྐྱང་གིས་ཁེངས་པའི་དུས་རབས་ཉི་ཤུ་བ་ནས་རྩིས་་་་ དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱིས་གཙོས་པའི་ན་གཞོན་སྐོར་་་ཞིག་གིས་དཔའ་སྙིང་ལ་ངར་ཆུ་བླུད་ཅིང་།  སེམས་རྩ་ལ་བོད་ རིགས་གདབ་ནས་བོད་རྒྱལ་ཁབ་ཆེེན་པོའི་སྲིད་གཞུང་རྙིང་་་་་་ པར་གྱེན་ལོགས་ཀྱིས་མ་འོངས་པར་འཛམ་གླིང་སྤྱི་མཐུན་རྒྱལ་ཁབ་ཅིག་ཏུ་དམིགས་ནས།   སྲིད་གཞུང་གསར་བ་འཛུགས་ སྐྲུན་ཆེད་རྩིས་དཔོན་ལུང་ཤར་གྱི་ཐོག་མའི་ཀུན་སློང་དང་། སྐབས་དེའི་བོོད་ཀྱི་སྲིད་གཞུང་རྙིང་པའི་བྱེད་ཕྱོགས་དེར་དམ་་པ་ཉིད་ཀྱིས་ལངས་ཕྱོགས་གང་འདྲའི་ཐོག་ནས་དཀའ་ལས་་་་་་ སྐྱོན་ཡང་མཐར་མུན་ནག་གི་ཁུང་བུ་དེ་ནས་ལམ་སློང་དང་་་་་་་ ལེགས་འགྲུབ་མ་བྱུང་བར་དམ་པ་རང་ཉིད་ཀྱི་རྩ་ཆེ་བའི་སྤྱན་རས་གཉིས་པོ་རྣོན་པོ་མཚོན་གྱིས་བྲུས་ཞིང་།  འོད་ཟེར་འཕྲོ་ ཀྱིན་པའི་ཚེ་སྲོག་ཤོར་ཚུལ་འདི་ཉིད་གཙོར་གྱིས་གླེང་ན་་་་་་་་་་ འདོད་པའོ།།

དེ་ཡང་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཀྱི་རྩིས་དཔོན་ཞིག་ཡིན་པར་མ་ཟད། བོད་ ཀྱི་ཚན་རྩལ་སློབ་པའི་ཕྱི་བགྲོད་པ་ཐོག་མའི་གྲས་དང་འུ་ཚོའི་་རྒྱལ་ཁབ་དང་ཕྱི་རབས་ཚོའི་དོན་དུ་སྐྱེས་སྲོག་དམར་པོ་བཏང་ཟིན་པའི་དོན་དམ་གྱི་དཔའ་བོ་ཞིག་ཀྱང་རེད། དེ་ཡང་རྒྱལ་ དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་ནི་གཟིགས་རྒྱང་རིང་བའི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དང་མགོན་སྐྱབས་ཤིག་་་་ ཡིན་ནའང་དོན་དངོས་ཐོག་ཁོང་ཉིད་ཤཱཀྱའི་དགེ་སློང་ཞིག་་་་་་ ཡིན་པས་ཆབ་སྲིད་ཀྱི་བྱ་བ་གཙོ་གྲས་ཁག་འོག་གི་དཔོན་་་་་་་་་ རིགས་དམིགས་བསལ་བ་རེ་ལ་ཐག་གཅོད་བྱེད་པའི་ཐོབ་ཐང་སྤྲད་ཀྱི་ཡོད་པར་མ་ཟད། སྐབས་དེའི་བོད་གཞུང་དགའ་ལྡན་ ཕྱོགས་ལས་རྣམ་རྒྱལ་གྱི་བསྟི་གནས་ཀྱང་འབྲས་སྤུངས་དགོན་པར་ཡོད་འདུག

  དེའི་ཕྱིར་ལོ་ངོ་བདུན་བརྒྱ་ཙམ་གྱི་རིང་ལ་བོད་མི་རིགས་ ཀྱི་ཤེས་ཡོན་དཔལ་འབྱོར་དམག་དོན་སོགས་ཡོད་ཚད་ཆོས་་་་་་ ལུགས་དང་།  ཆོས་ལུགས་ཀྱི་མི་སྣ་གཙོ་གྲས་ཁག་གིས་ཐག་་་ གཅོད་དང་མཁྲེགས་བཟུང་བྱས་ནས་ཡོད་པའི་རུལ་སུང་གི་ཆ་ནི་སྐབས་དེ་ནས་ད་བར་དུ་རྒྱུན་བསྲིང་ནས་ཡོད་པ་འདི་ཡིན།   

དེ་ཡང་༡༩༡༣ལོར་རྒྱལ་དབང་བཅུ་གསུམ་པ་ཆེན་པོས་རྒྱ་གར་དང་རྒྱ་ནག་སོག་ཡུལ་སོགས་ཀྱི་རྒྱལ་ཁབ་དག་གི་འཆར་གཞི་དང་དམིགས་འདུན་ལ་སྙོངས་པའི་ཉམས་མྱོང་དང་རང་རིགས་ལ་འཁྲུངས་པའི་སེམས་ཁྲལ་གྱི་སྐྱེན་པས་བཀས་མངགས་ལྟར། ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱིས་བོད་ཀྱི་སྐུ་དྲག་ཆུང་གྲས་ཁག་གི་་་ རིག་པ་ཧ་ཅང་སྐྱེན་པའི་བུ་ཕྲུག་བཞི་ཁྲིད་དེ་དབྱིན་ཇི་ལོན་་་་་་ ཀྲོན་དུ་ཕྱིན། སོ་སོས་རིགས་གཅིག་རྐང་འཛིན་གྱིས་ “ས་ གཤིས་གཏེར་ལས་དང་། སྦྲགས་ཏར་གཏོང་ལེན། དམགས་ ____________________ 《བོད་ཀྱི་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་》འདོན་ཐེངས་བརྒྱད་པ་ལས། དོན་སྦྱོང་བརྡར། གློག་ལས་བཟོ་སྐྲུན་”སོགས་ལ་སྦྱང་པ་རེད་ འདུག དེ་ཡང་དང་ཐོག་སྐུ་དྲག་ཆེ་ཁག་གི་བུ་ཕྲུག་ཁོངས་ ནས་གཏོང་རྩིས་མཛད་ཀྱང་། དབྱིན་ཡུལ་ས་ཐག་རིང་ཞིང་། མཚོ་ཐོག་འགྲུལ་བཞུད་ཡུན་རིང་བྱེད་དགོས་པ་སོགས་ལམ་་་་་ བགྲོད་དཀའ་བས་ཕྱིར་ལོག་ཐུབ་པ་ཨེ་ཡོང་སྙམ་པའི་དོགས་་་་་་འཆར་འཇིགས་སྣང་ཅི་རིགས་ཤིག་ཡོད་པས། སྐུ་དྲག་ཆེ་་་ ཁག་གི་བུ་ཕྲུག་འགྲོ་མི་དགོས་པའི་ཐབས་ཤེས་བཏང་སྟབས། མཐར་སྐུ་དྲག་ཆུང་ཁག་གི་བུ་ཕྲུག་ཁོངས་ནས་གཏོང་རྒྱུ་མཛད།ཚིག་དོན་འདི་དག་གི་བར་གསེང་ནས་རང་གི་རྡོག་སྣ་ལས་་་་་་ གཞན་དུ་བལྟ་མི་ཤེས་པ་དང་། རུལ་སུང་གི་རྐུབ་སྟེགས་དེ་ཁོ་ ནའི་ཆེད་ནང་ཁུལ་ནས་ཤི་འཛིང་བྱེད་རྒྱུ་ལས་གང་ཡང་མི་་་་་་ ཤེས་པའི་སྐུ་དྲག་ཆེ་གྲས་ཁག་གི་དབང་ཤུགས་དང་དངོས་དོན་བོད་རིགས་ཕྱིར་ཚོར་བསམ་བློ་གང་འདྲ་འཆང་ཡོད་པ་རྣམས་གསལ་བོར་མཐོང་ཐུབ་པར་མ་ཟད། དང་ཐོག་མཆོག་དམན་ ཀུན་གྱིས། ལུང་ཤར་མཆོག་གིས་གཙོས་པའི་བོད་མི་རིགས་ ཀྱི་དྲན་ཤིང་དེ་དག་ལ་རེ་བ་རྣལ་མ་ཞིག་དང་ཡིད་ཆེས་གཙང་མ་ཞིག་ཀྱང་གཞག་ཡོད་ཚོད་མི་འདུག

   ལུང་ཤར་མཆོག་གིས་གཙོས་པའི་བོད་ཕྲུག་དེ་དག་་་་་་ རྒྱལ་དབང་མཆོག་དང་སྲིད་བློན་དག་གིས་བཀས་མངགས་་་་་་ ཙམ་ལ་དམིགས་ནས་དབྱིན་ཇིར་སློབ་སྦྱོང་ལ་བཙན་གྱིས་སོང་བ་ནི་ག་ལ་ཡིན་སྲིད་དེ། ཁོང་ཚོས་དོན་དངོས་བོད་མི་རིགས་ ཀྱི་མ་འོངས་པའི་རྒྱལ་ཁབ་ཞེ་ལ་བཞག་ཅིང་སེམས་ལ་འཆང་་་ནས་གཅེས་སྲོག་ལའང་མ་འཛེམས་པར་བྱོན་ནས་ཡོད་འདུགཡང་《བོད་ཀྱི་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་ འདོན་ཐེངས་བརྒྱད་པ་》ལས།  ”ཁོང་ཚོ་ལོན་ཀྲོན་དུ་འབྱོར་

ནས་སློབ་གྲྭར་དངོས་སུ་མ་ཞུགས་གོང་ཐོག་མར་དགེ་རྒན་ཟུར་་བསྟེན་གྱིས་དབྱིན་ཇིའི་སྐད་དང་ཡི་གེ་སྦྱངས།“ ཞེས་འདི་ཚོ་ལས་རང་རང་གི་སྒེར་སེམས་དང་སྒེར་གྱི་ཁེ་ཕན་ཡོད་ཚད་་་་་་་ དོར་ནས་བོད་ཆེན་པོའི་རྒྱལ་ཁབ་དེ་རང་གི་ཡིན་བསམ་པའི་་་་ བློ་སྒེར་ཚུགས་རེ་རེ་སེམས་སུ་ཟུག་ཡོད་ཚོད་འདུག གཞན་ཡང་བྱང་ངོས་པ་རིག་འཛིན་རྡོ་རྗེས། ལོན་ཀྲོན་ལ་་་་ སློབ་སྦྱོང་གནང་རིང་པཱ་ལགས་ཀྱིས་རང་གི་ཆེད་ལས་ལག་་་་་་་རྩལ་ལ་བརྩོན་ཞིབ་ཆེན་པོ་གནང་བར་མ་ཟད། ད་དུང་ལྐོག་ ཏུ་རྫས་མདེལ་བཟོ་སྟངས་ཀྱང་སློབ་སྦྱོང་གནང་འདུག འདི་ལ་དཔག་ན་དངོས་གནས་ཁོ་ཚོ་ནི་ཅི་འདྲའི་སྙིང་་་ སྟོབས་ཆེ་ལ་བོད་ཕྱི་རབས་ཚོར་བཅངས་པའི་བརྩེ་དུང་དེ་ནི་་་་ཇི་འདྲའི་གཏིང་ཟབ་པ་ཞིག་རེད་འདུག་ཨང་།

   དེ་ནས་ཁོང་ཚོ་སློབ་གྲྭར་དངོས་ཞུགས་ཀྱི་རང་གི་ཆེད་་་   སྦྱོང་དག་མཐར་ཕྱིན་ཞིང་ཕྱིར་བོད་དུ་མྱུར་མགྱོགས་ཀྱིས་ལོག དེར་སྡོད་རིང་འཛམ་གླིང་རྒྱལ་ཁབ་དག་གི་གནས་ཚུལ་དང་་་་ ཉམས་མྱོང་གང་མང་སེམས་ངོས་སུ་དཔར་ཡོད་པ་མ་ཟད་མཐོ་་སྒང་དུ་གནས་ཡོད་པའི་རང་རིགས་ཚོར་ཡང་མིག་ཆུ་ཤར་གྱིས་་བཞུར་ནས་ཡོད་ཚོད་འདུག
  ལྷག་ཏུ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ཞུ་བའི་སྐྱེས་མཆོག་དེ་ནི་་་ རང་གི་བུ་ཚེ་དབང་རྡོ་རྗེའམ་ལྷ་ཀླུ་ཞབས་པད་ལགས་ཀྱིས་་་་་གསུང་སྟངས་དང་བོད་ཀྱི་སྲིད་དོན་རྒྱལ་རབས་ལས་བྱུང་་་་་་་་་་ སྟངས། དེ་མིན་དཔྱད་གཞིར་འོས་པའི་འབྲེལ་ཡོད་ཡིག་ཆ་ ཁག་དང་ད་ལྟའི་ཁ་རྒྱུན་“གྲ་མ་ཆགས་གྲུ་མ་ཉམས་”པར་་་་་་་་་་ གནས་འདུག་པ་འདི་ཚོ་གང་ལ་གཞིགས་ཤིང་དཔྱད་ནའང་། སྤྱང་གྲུང་འཛོམས་ཤིང་བློ་གྲོས་ལྡན་པར་མ་ཟད་འཐོབ་རྩོད་ཀྱི་་ལྟ་བ་དང་མི་རིགས་ཀྱི་ལྟ་བ་ཡང་སྐབས་དེར་གཞན་དང་མི་་་་་འདྲ་བ་ཞིག་ཡོད་པ་ནི་སྨོས་མེད་རེད།          

ལྷག་ཏུ་དཔའ་སྙིང་དང་ཆོད་སེམས་ཀྱི་དར་ཆ་གང་ལ་་ བཤར་དགོས་པ་དང་རང་སྲོག་ལས་ཀྱང་རང་མི་རིགས་ཀྱི་རྒྱལ་ཁབ་དང་བདེན་དོན་གལ་ཆེ་བར་རྟོགས་ནས་ཡོད་འདུག བྱང་ ངོས་པ་རིག་འཛིན་རྡོ་རྗེ། སྨོན་གྲོང་མཁྱེན་རབ་ཀུན་བཟང་། སྐྱིད་སྦུག་པ་དབང་འདུས་ནོོར། སྒོ་མཁར་པ་བསོད་ནམས་་་་་་ མགོན་པོ་བཅས་དབྱིན་ཇི་ལོན་ཀྲོན་དུ་སྣེ་ཁྲིད་པ་ཡིན་ལ། ཁོང་ ཚོར་ཡིད་ཆེས་སྐྲུན་ཅིང་དཔའ་སྙིང་ཡང་བཙུད་ཡོད་པ་མ་ཟད། ཁོང་ཚོ་དབྱིན་ཇིར་ཐོན་སྐབས། དེ་ནས་རང་གི་ཆུང་མ་དང་ ལྷནདབྱིན་ཇི་ནས་རྒྱ་གར་རྒྱུད་འགྲུལ་བཞུད་སྐབས་དག་ཏུ་མི་རིགས་ལ་ལའི་རང་དབང་འཆོར་གྱིན་ཡོད་པ་དང་། མི་་་་ རིགས་ལ་ལས་རང་དབང་ཐོབ་ཀྱིན་ཡོད་པ། མདོར་ན་དུས་ རབས་ཀྱི་འཚུབ་རླུང་དེའི་ཁྲོད་ནས་ཕྱོགས་སོ་སོ་ནས་རང་་་་་་་་ དབང་དང་རྒྱལ་ཁབ་ས་ཁུངས་སོགས་ཀྱི་དོན་དུ། མི་བསད་ ཁྲག་སྦྱོར་གྱི་ལས་འགུལ་དང་ཉིན་མཚན་ལྟོས་མེད་ལ། མི་ རིགས་དང་རྒྱལ་ཁབ་ཁག་གི་བར་ལ་གཅིག་གིས་གཅིག་ལ་་་་་་་ དཔུང་འཇུག་བྱེད་ཀྱི་ཡོད་པའི་སྣང་ཚུལ་དང་ལོ་རྒྱུས་དེ་དག ལུང་ཤར་ལགས་ཀྱི་སེམས་ངོས་སུ་ཤར་ཐེངས་དང་མཐོང་ཐེངས་་་རེ་རེར། འུ་ཚོའི་མཐོ་སྒང་གི་མི་རིགས་འདིའི་ལས་དབང་་་་་ དང་སྐྱོ་སྡུག་རེ་རེའང་ཤ་དང་ཁྲག་ལ་འདྲེས་ནས་ཡོད། སྐབས་དེར་བོད་རང་གི་ཐོན་ཁུངས་དང་ས་ཁྱོན་རིག་་་གཞུང་སོགས་ལ་འགྲམ་ཆུ་ལྡང་གིན་པའི་ཁྲིམས་མེད་ལུགས་་་་་ ____________________ དེ་དུས་ནི་འཛམ་གླིང་འཁྲུགས་ཆེན་དང་པོར་ཁེལ་ནས་འདུག མེད་ཀྱི་མི་རིགས་དག་གིས་ཕྱོགས་སོ་སོ་ནས་དཔུང་འཇུག་་་་་་་ བྱེད་ཀྱིན་ཡོད་དུས། སྐྱེས་བུ་ཁོང་གིས་ཀྱང་བོད་མི་རིགས་ འདི་གཅིག་ན་མི་རིགས་གཞན་ཞིག་གི་ཁ་ཟས་དང་ཡང་ན་་་་་སྔར་ཡོད་བོད་རང་གི་རྒྱལ་ཁབ་དེ་ཉིད་འཛམ་གླིང་སྤྱི་མཐུན་་་་ ཅན་ཞིག་ཏུ་བསྒྱུར་ནས་རང་རྐང་ཟིན་པ་ཞིག་དང་། རྒྱལ་ ཁབ་གཞན་ཞིག་གི་ཆོག་མཆན་དང་བཀའ་ལ་སྒུག་མི་དགོས་་་་ པའི་རང་ཚུགས་ཐུབ་པའི་རྒྱལ་ཁབ་ཞིག་ཏུ་འཛུགས་སྐྲུན་མ་་་་་ བྱས་ན་ཐབས་མེད་རེད་འདུག་སྙམ་པའི་སེམས་ཚོར་དང་སྙིང་་རླུང་དྲག་ཏུ་ལྡང་གིན་རབ་ཏུ་འབར་ནས་“སྐྱིད་ཕྱོགས་ཀུན་་་་་་་ འདུས”ཟེར་བའི་ཚོགས་པ་ཞིག་ལྷ་སར་གསང་བའི་སྒོ་ནས་་་་་་་ བཙུགས་གནང་མཛད་པ་རེད་ལ། ལྷག་ཏུ་ང་ཚོ་ད་ལྟའི་ལམ་ ནག་པོ་འདིར་ལྷུང་བའི་ཉེན་ཁའི་མེ་ལྕེས་ནི་ཁོང་གི་སེམས་རྩ་་ཡོངས་སུ་བསྒུལ་ནས་རང་གི་ཚེ་སྲོག་འབེན་དུ་བཙུགས་ཡོད་་་་འདུག

  དེས་ན་དང་ཐོག་ཁོང་ཉིད་དབྱིན་ཇི་ནས་བོད་དུ་ཕྱིར་ལོག་ རྗེས་སུ་རྒྱལ་དབང་བཅུ་གསུམ་པ་མཆོག་ནས་བསྐོ་བཞག་བྱས་ཤིང་། སྐབས་དེ་དག་ཏུ་ལུང་ཤར་སྙན་གྲགས་ཤིན་ཏུ་ཆེ་ཤོས་ ཀྱི་སྐབས་དང་། སྔོན་ནས་ཁོང་ལ་མི་དགའ་བའི་ཤོག་ཁའི་ མིག་ལ་ལྷག་ཏུ་སོང་མི་འདུག ཡིན་ནའང་གཟིགས་རྒྱང་རིང་ བའི་རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་སྐུ་ཕྲེང་བཅུ་གསུམ་པ་་་་་་་་ མཆོག་གིས་ནི་ཁོང་ལ་དམིགས་ཀྱིས་རེ་བ་ཟབ་ནན་ཞིག་་་་་་་་་་ བཞག་མེད་དམ་སྙམ་གྱི་འདུག     

སེམས་ཁྲལ་སྐྱེ་འོང་བ་ཞིག་ལ།ལས་འགུལ་དེ་རྒྱལ་དབང་་ མཆོག་སྐུ་གཤེགས་ཟིན་རྗེས་སྤེལ་བ་ཡིན་དུས་ལམ་སློང་དང་་་ལེགས་འགྲུབ་མི་ཡོང་བའི་ཟུར་གནས་གཙོ་ཆེ་ཞིག་དེའང་་་་་་་་ ཡིན་པར་འདུག དེ་ཡང་རྒྱལ་དབང་མཆོག་སྐུ་གཤེགས་ཟིན་རྗེས་རྒྱལ་་ ཚབ་བསྐོ་བཞག་དང་བཀའ་བློན་བརྗེ་ལེན་སྐོར་གྱི་གྲོས་ཚོགས་གང་མང་བསྡུས་ཡོད་ནའང་། གོང་ནས་ཞུས་པ་བཞིན་དགོན་ པའི་ཁྲིམས་ར་གྲུ་བཞི་ལས་གང་ཡང་རྒལ་མ་མྱོང་ཞིང་། འཛམ་གླིང་རྒྱལ་ཁབ་ཁག་གི་འགྱུར་བ་དང་ཆབ་སྲིད་ཀྱི་་་་་་་་་་་ གནས་སྟངས་དམག་དོན་རིག་གནས་སོགས་གང་ལ་ཡང་་་་་་་་་མཐོང་རྒྱ་མེད་པའི། བླ་རྒན་དང་མཁན་རྒན་རྣམས་ཀྱིས་་་ དབང་ཤུགས་ཀྱི་སྒོ་ནས་མཁྲེགས་འཛིན་དང་བླུན་བཤད་ཁོས་ནས་སྐབས་དེའི་མང་ཚོགས་སྤྱི་དང་ལྷག་ཏུ་ཕྱིས་བོད་རྒྱལ་་་་་་་ ཁབ་སོགས་ལ་ལྷག་བསམ་རྩ་བ་ནས་འཆང་ཡོད་ཚོད་མི་འདུག དཔེར་ན་སྐབས་དེར་རྒྱལ་ཚབ་བསྐོ་བཞག་ཐད་ལུང་ཤར་དང་་་འདོད་བློ་གཅིག་པའི་ལྕང་ཅན་གུང་བསོད་ནམས་རྒྱལ་པོ་་་་་་་་་་ སོགས་ཀྱིས་གཙོས་པའི་སྐྱེས་བུ་ཁག་གཅིག་གིས། རྒྱལ་ཚབ་ ལ་སྐྱ་བོ་ཞིག་འཇོག་དགོས་པ་དང་དེའི་འོག་གྲས་ཀྱི་རྐུབ་་་་་་་་་་ སྟེགས་ཁ་ཤས་ཀྱང་བརྗེ་དགོས་པའི་དོན་གནད་གང་མང་ཞུས་གླེང་བྱས་ཡོད་འདུག གཅིག་བྱས་ན་སྐྱེས་བུ་ལུང་ཤར་གྱི་ལས་འགུལ་དེ་རྒྱལ་ དབང་མཆོག་སྐུ་གཤེགས་ཟིན་རྗེས་སྤེལ་ཡོད་པ་དེ་གནད་ཀ་་་་ འདི་དང་གོ་སྐབས་འདིར་དམིགས་མེད་དམ་སྙམ་སྟེ། གྲོས་ཚོགས་སྐབས་ཀྱི་གླེང་སློང་དང་། རྩེ་དྲུང་བསྟན་པ་་་་་ འཇམ་དབྱངས་དང་ཁོང་གཉིས་མཚན་མོ་མཉམ་འཛོམས་བྱས་ནས་བཀའ་གྲོས་བྱེད་སྟངས་སོགས་ཀྱིས་ཐེ་ཚོམ་ཞིག་ཀྱང་་་་་་་ བསླེབས་ནས་འདུག དེ་ཡང་“སྤྱན་བསལ་ཀུན་འཕེལ་ལགས་བྱུས་ཉེས་ཀྱི་་་ གནས་ཚུལ་མ་དོན་གོང་ཚོགས་འདུ་རྒྱས་འཛོམས་སར་སྲིད་་་་་ སྐྱོང་བསྐོ་གཞག་བྱེད་ཕྱོགས་སྐོར་རྩོད་གླེང་བྱུང་ཞིང་། རྩེ་དྲུང་ ཁག་གཅིག་དང་གདན་སའི་མཁན་པོ་དང་འཐུས་མི་ཚོས་སྔར་ལམ་བཞིན་རྒྱལ་ཚབ་ངེས་པར་དུ་བླ་སྤྲུལ་ཞིག་བསྐོ་གཞག་་་་་་་ བྱེད་དགོས་ཞེས་བཤད་པ་དང་།ལྕང་ཅན་གུང་བསོད་ནམས་་་་་་་ རྒྱལ་པོས་གཙོས་དྲུང་འཁོར་ནང་གི་ཁག་གཅིག་གིས་རྒྱལ་་་་་་་་ ཚབ་བླ་མ་ཡིན་དགོས་དོན་མེད་ཅིང་དེ་སྔོན་སྲིད་བློན་གསུམ་་་ཟུང་སྦྲེལ་བགྱིས་པའང་བྱུང་ཡོད་ལ”། ཞེས་པ་བཞིན་དབང་་ ____________________ 《ཕྲན་ཚེ་དབང་རྡོ་རྗེ་རང་ཉིད་ཀྱི་བྱུང་བ་རགས་རིམ་བརྗོད་པ་》ལས། ཤུགས་ཀྱིས་གདན་སའི་མཁན་པོ་དང་། བླ་མ་འཐུས་མི་ཀུན་ གྱིས་ཕྱིའི་དགྲ་བོས་ནང་གི་སྙིང་ལེན་གྲས་ལ་ཁེལ་འདུག་་་་་་་་ ནའང་། ད་དུང་དམག་དོན་དང་ཆབ་སྲིད་ཀྱི་གོ་རྟོག་དབེན་ པའི་བླ་སྤྲུལ་ཞིག་སྐབས་དེའི་བཀའ་བློ་དབང་ཤུགས་ཅན་གྱི་་་ཕྱོགས་གཏོགས་ཤིག་འཇོག་བསམ་པ་ལས། དོན་དངོས་ལྷག་ བསམ་ཅན་དང་ཆབ་སྲིད་ཀྱི་གོ་རྟོག་ཅུང་ཡོད་པ་ཀུན་ལ་་་་་་་་་ དབང་མ་གཏད་པར་མ་ཟད་དེ་ཚོས་བོད་ཕྱི་རབས་ཚོར་་་་་་་་་་་་ དམིགས་པའི་ལས་འགུལ་ཀུན་ལའང་བར་གཅོད་དང་ལེགས་འགྲུབ་ལ་གཏོར་བཤིག་བཏང་བ་ལྟ་བུ་རེད། ཡང་ལྕང་ཅན་ གུང་བསོད་ནམས་རྒྱལ་པོས། “རྒྱལ་ཚབ་ལ་བླ་སྤྲུལ་ཞིག་་་་་་ བསྐོས་ན་ཆབ་སྲིད་ལ་ཕན་ཐོག་མེད། བླ་མ་ནི་བླ་མ་རང་་་་་ ཡིན་སྟབས་ཁང་པའི་སྦུག་ཏུ་བཞུགས་ནས་ཆབ་སྲིད་ཀྱི་ཕྱག་ལས་མཁྱེན་གྱི་མ་རེད། གཤམ་དུ་ཕྱག་མཛོད་ཅེས་གྲྭ་པ་རྒད་ པོ་སྣ་ཐ་འབོ་གང་ཙམ་འཐེན་མཁན་གང་ཡང་མི་ཤེས་པ་ཞིག་གིས་དབང་ཤེད་བྱེད་ཀྱི་རེད”། ཅེས་བཤད་པ་བཞིན་ཅི་ལ་ མིན། ལས་འགུལ་དེར་”ལུང་ཤར་ལས་འགུལ་“དང་། ”སྐྱིད་ ཕྱོགས་ཀུན་མཐུན“”བསྟན་པ་རྒྱས་པ་“སོགས་སུ་འབོད་ཀྱིན་ཡོད་འདུག བསྟན་པ་རྒྱས་པ་ཞེས་པ་ནི་ཚོགས་པ་དང་གལ་ཆེའི་་ ལས་འགུལ་དེར་ཞུགས་མཁན་རྣམས་ཀྱིས་མི་སྡེ་དང་དམག་་་དཔོན་ཚོར་དང་ཐོག་འབྲེལ་བ་བྱེད་སྐབས་བེད་སྤྱོད་ཆེད་་་་་་་་ བཏགས་པ་ཞིག་ཡིན་ནམ་སྙམ། ལུང་ཤར་ལས་འགུལ་ཞེས་ པ་ནི་ཕྱིས་ཙམ་ནས་ལྷ་སའི་མི་ཚོགས་ཁྲོད་དུ་སིབ་སིབ་དང་་་་ལྐོག་ལྐོག་ཏུ་ཁྱབ་པའི་འཇིགས་གཡེར་བའི་མིང་ཚིག་དེ་ཡིན་་ཚོད་འདུག གཞན་ཡང་། ལུང་ཤར་ལགས་རང་གི་ཆུང་མ་ལྷན་ དབྱིན་ཇིི་ནས་ཧྥ་རན་སི་དང་། ཨི་ཀྲར་ལི་ནས་མགྱོགས་ སྟབས་ཀྱིས་བོད་ལ་ཕེབས་པའི་ལམ་བར་རྒྱ་གར་རྡོ་རྗེ་གླིང་་་་་ ནས་ལུང་ཤར་ལགས་ཀྱི་ཆུང་མར་སྐྱེས་བུ་ཞིག་བཙས་ཡོད། ཁོང་ནི་སྐབས་དེའི་བོད་གཞུང་གི་ཆེ་མཐོའི་མི་དྲག་སྐུ་དྲག་ མང་ཤས་རྐང་ལག་ཡོད་ཚད་སྦྲིད་ནས་ཡོད་པ་དང་། ལ་ཤས་ རྣོ་ལྕགས་ཀྱི་ཁུག་མགོར་ཚུད་ནས་ཡོད་པ། ལ་ཤས་རྒྱལ་ཁབ་ གཞན་དང་མི་རིགས་གཞན་གྱི་ས་གནས་སུ་བོད་མ་འོངས་་་་་་ པར་གནད་ཀྱིས་དམིགས་ནས་བཙན་བྱོལ་གྱིས་ཕེབས་འདུག་སྐབས་ཏེ་སྤྱི་ལོ་༡༩༥༩ལོའི་ཟླ་བ་༣པའི་ནང་ལྷ་སར་རང་དབང་ལྷན་ཚོགས་འཛུགས་པ་པོ་དེ་ཉིད་རེད། ཁོང་གི་མཚན་ལ་ལྷ་ཀླུ་ཞབས་པད་དམ་ཚེ་དབང་རྡོ་་རྗེ་ཞུ་ཡི་ཡོད། དེ་ཡང་”རབ་བྱུང་བཅོ་ལྔ་པའི་ཤིང་སྟག ཕྱི་ ལོ་༡༩༡༤ཟླ་བ་༡༠ཚེས་༡༥དགོང་དྲོ་ཤར་ཙམ་ལ་ངོས་རང་རྒྱ་་་་་ གར་རྡོ་རྗེ་གླིང་དུ་སྐྱེས་འདུག་པས་ཨ་མ་ལགས་ཀྱང་ཐུགས་་་་་ བློ་བདེ་པོ་བྱུང་སྟེ་རྡོ་རྗེ་གླིང་ནི་དེ་སྔ་བོད་ཀྱི་ས་ཆ་ཡིན་པས། འདིར་སྐྱེས་ཐུབ་པ་ཡག་པོ་བྱུང་ཞེས་གསུངས་འདུག“ ༡༩༡༤ལོའི་ཟླ་བ་༣པའི་ནང་དབུས་ཉི་མ་ལྷ་སར་བཙན་པོའི་་་་་་་ ____________________ 《ཕྲན་ཚེ་དབང་རྡོ་རྗེ་རང་ཉིད་ཀྱི་བྱུང་བ་རགས་རིམ་བརྗོད་པ་》ཞེས་པ་ལས། སྲིད་དབང་དེ་ཉིད་མཇུག་རྫོགས་ཟིན་རྗེས་རང་དབང་ལྷན་་་་་་་་ ཚོགས་འཛུགས་པ་པོ་ཐོག་མ་ཡིན་པར་མ་ཟད། ཁོང་གི་སྙིང་ སྟོབས་དང་བོད་མི་རིགས་ཀྱི་བདེ་སྡུག་ལ་གཟར་བའི་ཆོད་་་་་་་་་ སེམས་ལ་བལྟས་ན། ཁོང་ཆུང་ངུ་ཆུང་ངུའི་སྐབས་དག་ཏུ་ཕ་་ དམ་པ་ལུང་ཤར་ལགས་ཀྱིས་སེམས་པའི་དཀྱིལ་འཁོར་ཕྲ་མོ་་་་ རབ་ཏུ་བསྒུལ་བའི་བོད་མི་སྤྱིའི་བདེ་སྡུག་ལ་འབུངས་དགོས་་་་་ ཚུལ་གྱི་སློབ་གསོ་དང་། ཕྱིས་སུ་ཡང་ཁོང་ཕ་བུ་གཉིས་མུན་་་ ནག་གི་གསེང་དེ་ནས་མཚན་མོ་ལྐོག་འཛོམས་ཀྱིས་སྙིང་ཁྲག་་གི་མཆོད་ཁ་བཙན་པོར་བཅགས་ཤིང་། ཚེ་སྲོག་གི་རྒྱུ་བ་མ་ འོངས་ཕྱི་རབས་ཀྱི་དོན་དུ་འབུལ་བའི་དམ་ཚིག་ཞིག་གམ། རྒྱུ་འབྲས་ལ་ཁ་དན་ཞིག་ཕུལ་ནས་ཡོད་འདུག རྗེས་སུ་སྐྱེས་ བུ་ལུང་ཤར་གྱི་མིག་གཉིས་ས་རུ་གཡུགས་པའི་ན་ཟུག་ལས་་་་་སད་དུས་ཁོང་གིས་“ངའི་བུ་གཉིས་ག་རེ་བྱས་སོང་”ཞེས་བོས་་་འདུག་པ་འདིས་ཀྱང་རང་གི་བུའི་གོང་ཚད་བསྐྱོན་ནས་མི་་་་་་་འདུག་གམ། གཞན་ཡང་“ངའི་པཱ་ལགས་དང་བརྩེ་དྲུང་བསྟན་པ་འཇམ་དབྱངས་གཉིས། རྟག་པར་མཚན་མོ་མཉམ་འཛོམས་ཀྱིས་ བོད་ཀྱི་ལམ་ལུགས་བཅོས་སྒྱུར་བྱ་རྒྱུའི་སྐོར་ལ་གྲོས་མོལ་གནང་གི་ཡོད་ཅིང་། ཁོང་གཉིས་ནས་བོད་ཀྱི་ལམ་ལུགས་བཅོས་ སྒྱུར་མ་བྱས་ན་འགྲིག་ཐབས་མེད་པ་དང་། དེ་ཡང་དབྱིན་ ཇིའི་ལམ་ལུགས་ནི། ཧ་ཀྱང་འཚམ་པོ་འདུག་པ་གང་ལགས་ ཤེ་ན། གོང་དུ་རྒྱལ་མོ་ཡོད་པ་དང་བཤམ་དུ་བློན་ཆེན་ནས་ ཞིབ་ཕྲའི་ལས་ཀ་བྱེད་ཀྱི་ཡོད་ལ། གྲོས་ཚོགས་ཀྱི་འདེམས་བསྐོ་ ཡང་བྱེད་ཀྱི་ཡོད་པ་དེ་ལྟར་ང་ཚོ་བོད་དུའང་བྱེད་དགོས་ཤིང་” ཞེས་བྱུང་འདུག ”དབྱིན་ཇིའི་རྗེས་འབྲངས་པ་ཚ་རོང་ཟླ་ བཟང་དགྲ་འདུལ་སོགས་ཀྱིས་ཤོག་སྦུབས་རླུང་འཚང་གིས་་་་་་ གསང་བའི་སྒྲིག་འཛུགས་བཙུགས། ཏཱ་ལའི་བླ་མ་སྐུ་ཕྲེང་ ____________________  ཕུན་ཚོགས་ཚེ་རིང་གིས་བརྩམས་པའི་དེབ་ཐེར་ཀུན་གསལ་མེ་ལོང་ལས། 《ཕྲན་ཚེ་དབང་རྡོ་རྗེ་རང་ཉིད་ཕྲན་ཚེ་དབང་རྡོ་རྗེ་རང་ཉིད་ཀྱི་བྱུང་བ་རགས་རིམ་བརྗོད་པ་》ཞེས་པ་ལས། བཅུ་གསུམ་པའི་སྲིད་དབང་མགོ་རྟིང་སློག་པའི་ལྐོག་གཡོའི་་་་ ངན་བྱུས་བཤམས། སྒྲིག་འཛུགས་དེའི་ནང་ཞུགས་མཁན་ མང་ཆེ་བ་ནི་བོད་དམག་གི་དམག་དཔོན་གཞོན་ནུ་རྣམས་ཡིན།“ཞེས་པ་ནས། ”དབྱིན་ཇིས་བཙུགས་པའི་རྒྱལ་རྩེ་དམག་་་་་ དཔོན་སློབ་གྲྭ་མཚམས་འཇོགས་བྱས། གསང་བའི་སྒྲིག་་་་་་ འཛུགས་ནང་ཞུགས་མཁན་དམག་དཔོན་རྣམས་གནས་དབྱུང་བཏང་།“ ཞེས་པའི་ལོ་རྒྱུས་ཀྱི་འགྲོས་འདི་ཚོར་གཞིགས་ན་་་་ སྐབས་དེའི་དབང་མེད་རྒྱུ་མེད་ཀྱི་བོད་དམག་ན་གཞོན་མང་་་་་ ཤས་ཤིག་དང་དངོས་དོན་འུ་ཚོ་ཕྱི་རབས་ཚོར་སེམས་ཁྲལ་་་་་་་ ལངས་མཁན་ཚོ་དུམ་ཞིག་གིས་བོད་མི་རིགས་ཀྱི་སྲིད་གཞུང་རྙིང་པ་འདི་ད་དུང་འདི་ལྟར་བླ་རྒན་འགའ་ཤས་ཀྱིས་དབང་་་་་་ བསྒྱུར་བྱས་ན། དོན་དངོས་མ་འོངས་པར་ཉེན་ཁ་ཚབས་་་་་་ ཆེན་འཕྲད་ཡོང་བ་ཤེས་མཁན་ནི་དེའི་སྔོན་ཙམ་ནས་བྱུང་་་་་་་་ ཡོད་པར་མ་ཟད་ཁོང་ཚོའི་གོ་སྐབས་དང་བར་སྟོང་ཞིག་ལ་་་་་་་་ ཅིས་ཀྱང་སྒུགས་ཡོད་ཚོད་འདུག མདོ་དོན་”སྐྱིད་ཕྱོགས་ཀུན་འདུས“་སམ་”ལུང་ཤར་ལས་འགུལ་་“དུ་རྩེ་དྲུང་ཐུབ་བསྟན་དགེ་ལྡན་གྱིས་གཙོས་པའི་ཀ་ཤོད་པ་་་་་་ སོགས་མི་གྲངས་བརྒྱད་ཅུ་ཙམ་ཞིག་ལས་འགུལ་ཏུ་ཞུགས། ལས་འགུལ་དེའི་དམིགས་ཡུལ་ནི་བོད་རྒྱལ་ཁབ་འདི་འཛམ་་་་ གླིང་སྤྱི་མཐུན་ཅན་ཞིག་ཏུ་བསྒྱུར་བ་དང་། ད་སྔོན་བཙན་པོ་ དང་བོད་དམག་ཁྲི་ཁྲག་མང་པོས་ཚེ་སྲོག་དང་རྔུལ་ཁྲག་གིས་་་་ བསྐྲུན་པའི་རྒྱལ་ཁབ་འདི་གཞན་ཞིག་གི་ཁ་ཟས་སུ་མི་འགྲོ་བ་་དང་ལྷག་ཏུ་ང་ཚོ་ཕྱི་རབས་ན་གཞོན་ཚོར་དམིགས་པ་ཞིག་་་་་་་ རེད་འདུག ད་གོང་ནས་གནད་ཡོད་འདི་ཚོའི་སྐོར་ཞུས་ཡོད་ཆག་་ཡིན་པས་ངལ་བ་བྱེད་མི་དགོས་པར་སེམས། མང་མང་ཞིག་ གིས་ཀ་ཤོད་པ་ཆོས་རྒྱལ་ཉི་མ་ནི་“ལས་འགུལ་”དེར་ཆེད་དུ་ སྲིད་གཞུང་གིས་ཁོང་ཚོའི་ཚོགས་པའི་ནང་དུ་བཏང་བར་སྙམ་པ་སོགས་བྱུང་ནའང་། ཀ་ཤོད་པ་ནི་སྔོན་ལུང་ཤར་ལགས་སྙན་ གྲགས་ཆེ་ཤོས་ཀྱི་སྐབས་ཁོང་གཉིས་བར་མཐུན་ལམ་དམ་པ་་་་་ དང་། ཁོང་ཚོའི་ཡབ་གཞིས་དང་འབྲེལ་ལམ་ཟབ་པ། བུ་ཚེ་ དབང་རྡོ་རྗེས་གསུངས་སྟངས་སོགས་གང་ལ་བལྟས་ནའང་་་་་་་ ལུང་ཤར་རང་ཡང་ཡིད་ཆེས་སའི་མི་ཞིག་ཏུ་འཁུམས། དེས་ ན་ཁོ་བོས་བསམ་པར་ཀ་ཤོད་པ་ཡང་དང་ཐོག་ཚོགས་པར་་་་་་་་ དངོས་སུ་མིང་རྟགས་བཀོད་ཅིང་ཞུགས་མེད་དམ་སྙམ། ཚེ་ དབང་རྡོ་རྗེའི་”ཀ་ཤོད་པ་ཆོས་རྒྱལ་ཉི་མ་ནི་སྐབས་དེར་ལུང་ཤར་ལས་འགུལ་གྱི་ཚོགས་མིའི་ཁོངས་ཡིན་ལ། པཱ་ལགས་ཀྱི་ ནང་མིའི་བློས་འཁེལ་གྲོགས་པོ་ཡང་ཡིན“ཅེས་བྱུང་། ཀ་ཤོད་ པའི་སྐྱུག་བྲོ་བའི་ལོ་རྒྱུས་ཀུན་ནི་ཧོར་གཙང་འཇིགས་མེད་་་་་་ ཀྱིས་བྲིས་པའི་《དྲང་བདེན་གྱིས་བསླུས་པའི་སློང་མོ་བ་》སོགས་ལས་འབྱུང་བས་ཁོ་བོས་འདིར་མི་སྤྲོ། དམ་པ་དགེ་ཆོས་ ལགས་ཀྱང་མུན་ནག་གི་བཙོན་ཁང་ལ་བཅུག་པའི་བྱེད་གཏེ་་་་གཙོ་བོ་དང་ཕྱིས་ཀ་ཤག་བར་རུལ་སུང་གི་བྱ་ལས་རྒྱུན་སྤེལ་་་་་་ ____________________ 《ཕྲན་ཚེ་དབང་རྡོ་རྗེ་རང་ཉིད་ཀྱི་བྱུང་བ་རགས་རིམ་བརྗོད་པ་》ལས།

བྱེད་མཁན་ཡིན་པ་ཀུན་ཀྱང་ཤེས་ན་འོས། མཇུག་མཐར་ལས་ འགུལ་དེའི་ནང་ཡུན་རིང་བསྡད་ན་ཉེན་ཁ་ཆེ་བར་སེམས་ནས་ཁོང་རང་ཚོགས་པ་ནས་ཐོན་ཅིང་། བཀའ་བློན་ཁྲི་སྨོན་སར་ གསང་བརྡ་བསྐྱོན་གནང་བར་མ་ཟད། བཀའ་བློན་རྣམས་་་་་ གསོད་རྩིས་ཡོད་ཚུལ་སོགས་ཁ་སྣོན་ཡང་བརྒྱབ་སྟེ་གསུངས་་་་་ ཡོད་སྟབས་བཀའ་བློན་ཁྲི་སྨོན་པ་རེ་ཞིག་གསང་བྲོས་བྱས་པ་་་་རེད། དེའི་ཕྱིར་འཛིན་བཟུང་སྐབས་ཀྱང་ཁོར་ཉེས་ཆད་ཕོག་ མེད། དེ་ནས་“སྐྱིད་ཕྱོགས་ཀུན་མཐུན་”གྱི་ཚོགས་མི་ཀུན་ལ་ ཤས་དམར་གསོད་དང་མང་ཆེ་བ་ཕྱོགས་སོ་སོར་རྒྱང་ཕུད་་་་་་་་་་ བཏང་། སྐྱེས་བུ་ལུང་ཤར་མཆོག་ནི་ཚོགས་པ་འཛུགས་པོ་དང་ དམིགས་ཡུལ་འདིང་མཁན་ཡིན་དུས་འཛིན་བཟུང་གིས་མིག་་གཉིས་བྲུས་པ་རེད། དེ་རྗེས་བཙོན་ཁང་དུ་ཚེ་བཙོན་དུ་སྦྱར་ ཞིང་ད་སྐབས་མཐོང་དུ་ཡོད་པའི་ལུང་ཤར་བཙོན་མགུར་འདི་་ཡང་རང་གིས་བཙོན་ཁང་ནས་བྲིས་པ་རེད།

    ལོ་རྒྱུས་ཀྱི་ངོས་ལས་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ལ་ལྟ་བ།
གོར་མ།

ལུང་ཤར་རྡོ་རྗེ་ཚེ་རྒྱལ་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་སུ་ཐོག་ དང་པོར་དེང་རབས་རིག་གནས་ཀྱི་དགོས་གལ་ཆེ་ཚུལ་དང་་་་་ མིག་རྒྱང་རིང་བའི་འཛམ་གླིང་ལ་ལྟ་དགོས་པ་གསལ་རྟོགས་་་་བྱུང་མཁན་གྱི་སྣ་ཞིག་ཡིན་ལ། འོན་ཀྱང་སྐབས་དེའི་བོད་ཀྱི་ སྤྱི་ཚོགས་ཀྱི་མུན་འཐོམས་དང་རྗེས་ལུས། ཀླ་ཀློ་བཅས་ཀྱི་ གནས་བབ་ཀྱིས་དམ་པ་ཁོང་ཉིད་སྐུ་དྲག་དང་མཐོ་རིམ་མི་སྣ།བླ་སྤྲུལ་མཁན་ཆེན་དག་གིས་ཏཱ་ལའི་བླ་མའི་ཁ་ཆེམས་དང་་་་་་ འགལ་ཡོད་པ་དང་བོད་ཆོས་ལྡན་གྱི་ཞིང་ཁམས་འདིར་དབྱིན་་ཇིའི་ལམ་ལུགས་ལག་ཏུ་བསྟར་མི་རུང་ཞེས་ངོ་རྒོལ་བྱས། ལོ་ རྒྱུས་ཀྱི་ཁྲོད་དུ་ལུང་ཤར་གྱི་བསམ་བློ་དེ་བོད་ཀྱི་བཀའ་ཤག་་་་་་་ སྲིད་གཞུང་གི་བཀའ་བློན་དག་གི་ཁེ་ཕན་དང་འགལ་བ་ལྟག་་་སྤྲོད་དུ་སོང་སྟབས། རྗེས་རབས་པ་དག་གིས་ཀྱང་རང་གི་ དཔྱོད་ཤེས་ལ་མི་བརྟེན་པར་ལུང་ཤར་ཁོང་ཉིད་ལ་བསྟན་དགྲ་ལྟ་བུ་ཞིག་གི་ངེས་ཤེས་བཟུང་ཡོད་རྐྱེན། ང་རང་ཚོར་ཤེས་ ཟབ་མོ་ཞིག་གིས་ཀུན་ནས་བསླངས་ཏེ་མཐོང་སྣེ་གསར་བ་ཞིག་ནས་ལུང་ཤར་ཁོང་ཉིད་ཀྱི་མི་ཚེ་དང་མཛད་པའི་སྐོར་ལ་དཔྱད་པ་གཏོང་རྩིས་ཡོད། ང་རང་སྤྱིར་ཤེས་བྱ་ཡོན་ཏན་དང་སྒོས་སུ་ ལོ་རྒྱུས་ཐད་ལ་བློ་སྦྱོང་ཞན་པའི་ཁར་བོད་ཀྱི་ཉེ་རབས་ལོ་རྒྱུས་ཐད་ཀྱི་དཔྱད་གཞིའི་ཡིག་ཆ་ལྷག་པར་དཀོན་པས་དཔྱད་པ་་་་་་ གཏོང་རྒྱུའི་ཐད་ལ་དཀའ་ཚོད་དུ་སྣང་མོད། འོན་ཀྱང་རང་ ཉིད་ཀྱིས་བོད་ཀྱི་ལོ་རྒྱུས་ལ་བློ་སྦྱོང་བྱེད་པའི་གོ་རིམ་ཁྲོད་དུ་་་་་ ལུང་ཤར་རྡོ་རྗེ་ཚེ་རྒྱལ་ལྟ་བུ་གཞན་དྲིང་མི་འཇོག་པའི་སྐྱེས་་་་་ བུ་དག་ལ་དད་པའི་སྟོབས་ཀྱིས་ཁེངས་ཏེ་དཔྱད་ཁུལ་བྱས་པ་་་་་ལགས། དང་པོ། དམ་པ་ཁོ་རང་འཚོ་བཞུགས་སྐབས་བོད་ཀྱི་ སྤྱི་ཚོགས་གནས་བབ། ལུང་ཤར་རྡོ་རྗེ་ཚེ་རྒྱལ་ཁོ་རང་འཚོ་བཞུགས་བྱེད་པའི་དུས་སྐབས་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་ཡོངས་སུ་བཞེས་བ་དང་སྐུ་ཉིད་སྐུ་གཤེགས་རྗེས་རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་མཆོག་གིས་རྒྱལ་ཚབ་གནང་བཞིན་པའི་སྐབས་ཡིན་ལ། དབྱིན་ཇིས་ གཙོས་པའི་མ་རྩ་རིང་ལུགས་རྒྱལ་ཁབ་དག་གིས་བོད་ལྗོངས་་་་ ལ་བཙན་འཛུལ་བྱེད་ཆེད་མངོན་སུམ་འཛེམ་མེད་ཀྱིས་བོད་་་་ཡུལ་ལ་དམག་འཐབ་བྱེད་རྒྱུའི་སྟ་གོན་བྱེད་བཞིན་ཡོད་ལ། ཨུ་རུ་སུས་སྔ་མོ་ནས་བོད་ཡུལ་བཙན་འཛུལ་བྱེད་འདོད་ཀྱི་་་་་་་ ཧམ་སེམས་བཅངས་ཡོད། ཁོང་ཚོས་བོད་ལ་དབང་སྒྱུར་བྱེད་ན་ གཙོ་བོ་ཆོས་དང་ཁ་བྲལ་ཐབས་མེད་པ་ཤེས་ནས། ཆོས་་་་་་་་ ལུགས་མི་སྣ་སྤྱད་ནས་རྡོ་རྗེ་གཡིབ་སོགས་བོད་དུ་གསང་མྱུལ་་་དུ་མངགས་ནས་བོད་ཡུལ་ཉེན་ཁའི་གནས་སུ་ལྷུང་ཡོད། རྒྱལ་ དབང་སྐུ་ཕྲེང་བཅུ་གསུམ་པ་ནི་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་་་་ལས་དགུང་གྲངས་ཅུང་མཐོ་ཤོས་ལ་བཞུགས་མཁན་ཅིག་ཡིན་་་པ་དང་བོད་ཀྱི་མཐའ་མཚམས་སྲུང་བ་དང་དབྱིན་འགོག་་་་་་་་་ འཐབ་རྩོད་ཁྲོད་དུ་སེར་སྐྱ་ཡོངས་ལ་རམ་འདེགས་གང་མང་་་་བྱས་པ་དང་”དབྱིན་ཇིའི་བཙན་རྒྱལ་རིང་ལུགས་ལ་མདུན་་་་་་ དཔྲལ་བ་བསྟན་ནས་འཛིང་དགོས་པ་ལས། རྒྱབ་ལྕང་ལོ་་་་་་་ བསྟན་ནས་བྲོས་རྒྱུ་མེད་”ཅེས་གསུངས་ནས་བོད་མི་དག་ལ་་་་་་སེམས་ཤུགས་བླ་ན་མེད་པ་བསྐྲུན། རྒྱལ་དབང་སྐུ་ཕྲེང་བཅུ་ གསུམ་པ་ཁོང་གིས་ད་དུང་བོད་ཡུལ་གྱི་”སྐྱ་ཟད་སྔོ་སྡུག་”གི་་་་་ གནས་བབ་ལ་གཞིགས་ནས་བོད་དུ་ཚན་རིག་ལག་རྩལ་དང་་་་དོ་དམ་ལམ་ལུགས། དམག་དཔུང་ཧྲག་སྒྲིག་སོགས་བོད་་་་་་་་ ཁམས་འཕེལ་རྒྱས་སུ་གཏོང་བར་འཛད་འཕྲིན་བསྐྱངས་རྐྱེན།སྤྱི་ལོ་༡༩༣༠ལོའི་ཟླ་༡༠བའི་ཚེས་༣༠ཉིན་དགོངས་པ་རྗོགས་་་་་་ རྗེས་བོད་ཀྱི་སེར་སྐྱ་ཡོངས་སྡུག་གིས་མནན། སྤྱི་ལོ་༡༩༣༡ལོའི་ཟླ་༡པའི་ཚེས་༣༠ཉིན་གཟའ་ཟླ་་་་་་་་་ འབྱུང་འཕྲོད་མཆོག་ཏུ་རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་་་་་་ ཤེས་མཆོག་རྒྱལ་ཚབ་ཀྱི་འགན་བཞེས་གནང་རྒྱུའི་རེ་བ་ཞུས་་པ་བཞིན་རྒྱལ་ཚབ་རྭ་སྒྲེང་མཆོག་གིས་སྲིད་བློན་གླང་མདུན་་་་ དབང་ཕྱུག་དང་ལྷན་དུ་ལོ་ལྔ་ཙམ་ལ་ཐུགས་འགན་ཡོངས་སུ་་་་བཞེས། ལུང་ཤར་མཆོག་ནི་ཕྱི་ན་མི་རིགས་གཞན་གྱི་བཙན་ འཛུལ་བྱེད་པའི་ཉེན་ཁ་དང་ནང་ཁུལ་ན་དབང་སྒྱུར་གྲལ་རིམ་བར་གྱི་འགལ་བས་ཁེངས་པའི་སྤྱི་ཚོགས་ཤིག་གི་སྟེང་འཚོ་་་་་་ བཞུགས་གནང་ཡོད། གཉིས་པ། ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱི་མི་ཚེ། ༡ བཅོས་སྒྱུར་སྔོན་གྱི་མི་ཚེ། ལུང་ཤར་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྲིད་་་་ བློན་གྲས་ཀྱི་གཅིག་ཡིན་ལ།མི་རིགས་ཀྱི་ལས་དོན་ལ་དུང་བའི་ན་གཞོན་ཁུར་པོ་ཅན་ཞིག་ཀྱང་ཡིན། ཆུང་དུས་ནས་བཟུང་ གསོ་རིག་དང་རོལ་ཆས་ཀྱི་ཕྱོགས་ལ་སྤྲོ་བ་བརྟས་ཡོད་པའི་ན་གཞོན་དགའ་སྣང་ཅན་ཞིག་ཀྱང་ཡིན། ཁོང་རོལ་ཆས་ཀྱི་ཕྱོགས་ ལ་བྱང་ཆ་ལྡན་པས་རྒྱུན་དུ་ལྷ་སའི་རོལ་མོ་དཀྲོལ་རྡུང་མཁན་གཞན་དག་དང་མཉམ་དུ་”རྗོ་ཧྲི་རོལ་མོའི་རང་མོས་དཀྲོལ་རྡུང་སྤྲོ་ཚོགས་”བསྡུ་ཡི་ཡོད། ཁོས་ལོ་ངོ་ཉི་ཤུའི་རིང་ལ་བོད་་་་ གཞུང་རྩིས་དཔོན་གྱི་འགན་ཁུར་མྱོང་ལ་ལས་དོན་ཐད་ཤ་ཐང་རུས་ཐང་དུ་འབད་པས་ཏཱ་ལའི་བླ་མའི་ཐུགས་དགོངས་ཆེ་བའི་སྲིད་བློན་འགངས་ཆེན་ཞིག་ཡིན། ཁོང་ནི་བོད་ཀྱི་ཉེ་རབས་ ལོ་རྒྱུས་སུ་དེང་རབས་ཚན་རྩལ་དང་སློབ་གསོ་སོགས་ཐོག་མར་བོད་དུ་འདྲེན་མཁན་ཡིན་ཏེ། སྤྱི་ལོ༡༩༡༢ལོར་ཏཱ་ལའི་བླ་མའི་ ཐུགས་དགོངས་ལྟར་སྐུ་དྲག་དཀྱུས་མའི་ཁྱིམ་ནས་ཡིན་པའི་བུ་ཕྲུག་བཞི་དབྱིན་ཇིར་སློབ་གཉེར་བྱེད་པར་ཁྲིད། ཐེངས་་ འདིའི་འགྲུལ་བཞུད་ནི་ཁོར་མཚོན་ན་མི་ཚེའི་སྟེང་ཆེས་དོན་་་སྙིང་ལྡན་པར་སྣང་སྟེ། ཁོའི་ཐོག་དང་པོར་ཕྱི་རྒྱལ་གྱི་ངོ་་་་་་་་ མཚར་བའི་ཡུལ་གྲུ་དག་མཐོང་ལ་སློབ་སྦྱོང་བྱེད་པའི་གོ་རིམ་་་ཁྲོད་དུ་དབྱིན་ཇིའི་”དམངས་གཙོའི་”སྲིད་ལུགས་སྐོར་གྱིས་་་་་ ཁོར་ངེས་ཤེས་ཟབ་མོ་ཞིག་བསྐྱེས། ཕྱིར་བོད་ཡུལ་དུ་ལོག་་་་་་ རྗེས་བོད་ཡུལ་གྱི་ཉམས་ཆག་འཁོས་ཞན་གྱི་རྣམ་པ་དང་མཐའ་ཁུལ་མི་རིགས་གཞན་གྱི་ཉེན་ཁའི་ཀློང་ན་གནས་ཡོད་པ་མཐོང་འཕྲལ་འགན་འཁྲིའི་འདུ་ཤེས་ཤིག་གིས་ཀུན་ནས་བསླངས་ཏེ།ཐོག་མར་བཀའ་ཤག་སྲིད་གཞུང་གི་དབང་སྒྱུར་བའི་ནུས་པའི་་་ཐད་ལ་དོགས་པ་སྐྱེས་པ་དང་ཉིན་རེ་བཞིན་ཚབས་ཆེན་དུ་་་་་་་ འགྲོ་བཞིན་པའི་བོད་ལྗོངས་ཀྱི་གནས་བབ། ད་དུང་བཀའ་་་་་ བློན་དག་གིས་བོད་ཀྱི་ཉམས་ཐག་པའི་གནས་བབ་འདི་སྐྱོབ་་་་ ཐུབ་མིན་ཐད་ལ་སེམས་ཁྲལ་བྱས། རྒྱལ་དབང་སྐུ་ཕྲེང་བཅུ་ གསུམ་པ་ཞལ་བཞུགས་པའི་སྐབས་སུ་ཁོས་སྲིད་གཞུང་གི་ཡོང་འབབ་དང་སྲིད་གཞུང་གི་ལས་དོན་ལ་འབད་པ་ལྷད་མེད་དུ་་་་་ བྱས་པས། ཏཱ་ལའི་བླ་མར་ཡང་དབང་སྟོབས་ཆེ་བའི་དབང་ སྒྱུར་པ་ཞིག་གིས་ད་གཟོད་ཉམས་རྒུད་དུ་ཕྱིན་པའི་སྲིད་གཞུང་ཤིག་སྐྱོབ་ཐུབ་པའི་ངེས་ཤེས་བརྩལ་ལ་ལུང་ཤར་ཁོང་ཉིད་ནི་་་ ཕུགས་འདུན་འདི་མངོན་སུམ་དུ་སྒྲུབ་ཐུབ་མཁན་ཀྱི་མི་དེར་ རློམ། འོན་ཀྱང་རྒྱལ་དབང་སྐུ་གཤེགས་པ་དང་རྒྱལ་ཚབ་ཏུ་ རྭ་སྒྲེང་མཆོག་བསྐོས་པར་བརྟེན་ཁོའི་བསམ་པར་ཡུན་རིང་ ཉར་བའི་ཕུགས་འདུན་དང་བསམ་བློ་སྐབས་དེའི་གནས་བབ་་་ཁྲོད་མངོན་འགྱུར་བྱེད་མི་ཐུབ་པ་རྭ་སྤྲོད་བྱས། གནས་ཚུལ་ དེ་འདྲའི་འོག་ཏུ་ཁོས་བོད་ཀྱི་གནས་བབ་དེས་ཆབ་སྲིད་ལམ་་་་ལུགས་ཀྱི་གནད་མང་པོར་བཅོས་སྒྱུར་བྱེད་སྒོ་ཚུགས ། ༢ བཅོས་སྒྱུར་གྱི་ལམ་བུ། ལུང་ཤར་ཁོང་ཉིད་ཀྱིས་སྒྲོག་བཞིན་པའི་བཅོས་སྒྱུར་གྱི་”ལས་འགུལ་”ནི་བཀའ་ཤག་དང་འབྲེལ་ཡོད་ལ། ཁོའི་ལོ་་་་་ བཞིའི་བར་ཐེངས་གཅིག་བསྐོ་བཞག་བྱེད་པའི་ལམ་ལུགས་་་་་་ ཀྱིས་བཀའ་བློན་དག་གི་ཚེ་གཅིག་ལ་སྒེར་སྡོམ་བྱེད་པའི་ལམ་ལུགས་ཀྱི་ཚབ་བྱེད་པ་དང་། ད་དུང་”མང་ཚོགས་ལྷན་་་་་་་་ འཛོམས”་ཀྱིས་བཀའ་བློན་འདེམས་པ་དང་བཀའ་བློན་དག་་་་་ གིས་མང་ཚོགས་ལ་འགན་ཁུར་དགོས་པར་འདོད་བཞིན་ཡོད། ཁོའི་རང་ཉིད་ཀྱི་བཅོས་སྒྱུར་ལས་འགན་འདི་འགྲུབ་ཆེད་ཐོག་མར་དབང་སྒྱུར་མི་སྣ་དང་དགོན་པ་ཁག་གི་བླ་ཆེན་དག་གིས་ཁས་ལེན་དགོས་པར་འདོད་ནས། ཐོག་མར་ཆོས་ལུགས་པའི་ མགོ་བ་བསྟན་པ་འཇམ་དབྱངས་དང་ལྐོག་ཏུ་གྲོས་མོལ་བྱས་་་་་་ ནས་རྒྱབ་སྐྱོར་ལ་རེ། བཅོས་སྒྱུར་ལ་རྒྱབ་སྐྱོར་ཐོབ་སླད་དུ་་་་་ གསང་བའི་སྒྲིག་འཛུགས་ཤིག་བཙུགས་ཏེ་ཕྱི་རྒྱར་བརྗོད་་་་་་་་་་་ མཁས་ཚིག་འཇམ་གྱིས་”སྐྱིད་ཕྱོགས་ཀུན་མཐུན་”ནམ་”་་་་་་་་་ བསྟན་པ་རྒྱས་པ”ཞེས་པ་ཞིག་བཙུགས།ལུང་ཤར་རྡོ་རྗེ་ཚེ་རྒྱལ་དང་རྩེ་དྲུང་ཐུབ་བསྟན་དགེ་ལྡན་གཉིས་གཙོ་བྱས་པའི་སྒྲིག་་་་་ འཛུགས་དེའི་སྐུལ་སློང་འོག་རྩེ་སྐོར་གྱི་རྩེ་དྲུང་ནང་མོལ་ལ་་་་་་ གན་རྒྱ་རུ་མིང་རྟགས་འགོད་དུ་བཅུག ཟླ་ངོ་གཉིས་ལྷག་་་་་་་ འགོར་རྗེས་ལུང་ཤར་དང་བསྟན་པ་འཇམ་དབྱངས་གཉིས་ཀྱིས་བཅོས་སྒྱུར་གྱི་ལམ་ཁར་རྒྱབ་སྐྱོར་བྱེད་པའི་མི་གྲངས་ཚང་་་་་་་ རྩིས་བྱས་ནས། ཚོགས་འདུ་བསྡུས་ནས་རྒྱབ་སྐྱོར་བྱེད་པའི་མི་ གྲངས་འདུ་འཛོམས་ཀྱིས་བཅོས་བསྒྱུར་བྱེད་པར་དུས་ཚོད་་་་་་་ རན་འདུག་པར་ཁ་ཚོན་བཅད། ཁོང་ཚོའི་སྟུད་མར་གསང་ བའི་གྲོས་ཚོགས་ཐེངས་གཉིས་ལ་བསྡུས། ཁོང་ཚོའི་གྲོས་ཚོགས་ ཀྱི་ནང་དོན་ནི་ད་ལྟའི་བཀའ་ཤག་ནང་བཀའ་བློན་ཁྲི་སྨོན་གྱིས་དྲང་པོ་དྲང་བཞག་བྱེད་མིན་སྐོར་དང་བཅོས་སྒྱུར་བྱེད་སྒོས་་་་་་་ མིན་སྐོར་གྱི་གནད་དོན་ཡིན་ལ། སྟབས་མ་ལེགས་པ་ཞིག་ལ་ ཀ་ཤོད་ཆོས་རྒྱལ་ཉི་མས་གསང་གྲོས་བྱས་པའི་གནས་ཚུལ་་་་་་་་ རྣམས་བཀའ་བློན་ཁྲི་སྨོན་ནོར་བུ་དབང་ཆེན་ལ་གསལ་བརྡ་་་་་ བྱས། ཁྲི་སྨོན་གྱིས་གནས་ཚུལ་དེ་ཐོས་འཕྲལ་རྒྱལ་ཚབ་རྭ་ སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་ལ་གསེར་སྙན་སྒྲོན། ཀ་ ཤོད་པ་ཆོས་རྒྱལ་ཉི་མ་དང་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གཉིས་ཀྱི་་་་་ འབྲེལ་བ་སྤྱིར་བཏང་ཤིན་དུ་བཟང་ལ་ཀ་ཤོད་པ་ལུང་ཤར་གྱི་་་་་ ཚོགས་པའིི་ནང་ཞུགས་རྗེས།ཁོ་རང་སྤྱིར་བཏང་གི་ཚོགས་མི་་་གཅིག་ཏུ་འདུག་མ་འདོད་པར་ལུང་ཤར་ལ་ཁོ་རང་”ནང་མིའི”་གྲལ་དུ་ཚུད་པར་རེ་བ་བྱས་མོད། ལུང་ཤར་གྱིས་དང་ལེན་མ་ བྱས་པས་ཁོས་ད་ཐེངས་ཀྱི་གོ་སྐབས་འདིར་བསྟུན་ནས་ལུང་་་་་ ཤར་ལ་སྒྲོ་བཏགས་ནས་བཀའ་བློན་ཁྲི་སྨོན་ལ་བཤད་རྒྱུར” བཀའ་བློན་ཁྲི་སྨོན་གསོད་རྒྱུ་ནི་ལུང་ཤར་གྱི་བཅོས་སྒྱུར་གྱི་་་་་་་ དམིགས་ཡུལ་ཉག་གཅིག་ཡིན་པར”བཤད། ལུང་ཤར་གཙོས་ པའི་བཅོས་སྒྱུར་ཕྱོགས་ཁག་གི་བཅོས་སྒྱུར་གྱི་དམིགས་ཡུལ་་་་་་ གྱིས་རྒྱལ་ཚབ་རྭ་སྒྲེང་མཆོག་དང་བོད་ཀྱི་བཀའ་ཤག་སྲིད་་་་་་་་ གཞུང་གི་བཀའ་བློན་དག་གི་ཁེ་ཕན་དང་འགལ་ཡོད་སྟབས་་་་་ མཇུག་མཐར་ཁོའི་བཅོས་སྒྱུར་གྱི་ལམ་བུ་ཡང་བཀའ་བློན་ཁྲི་་་་་ སྨོན་གཙོས་པའི་མཐོ་རིམ་མི་སྣ་དག་གིས་གཉའ་གནོན་བྱས་་་་ མཐར་ཕམ་ཉེས་ཐེབས། ལུང་ཤར་ཁོང་ཉིད་ཀྱང་བཀའ་ཤག་ སྲིད་གཞུང་གིས་ཤི་ལམ་ལ་རྫོང་རྩིས་བྱས་མོད། ཁོང་ཚོས་ ལུང་ཤར་ཤི་རྗེས་ཁོའི་རྣམ་ཤེས་འདྲེ་རུ་སྐྱེས་ནས་འཁོན་ལན་་་་ སློག་པར་སྐྲག་ནས་ཁོའི་མིག་འབྲས་གཉིས་ཀ་བཏོན། ལུང་ ཤར་བཅོས་སྒྱུར་ཚོགས་ཁག་གི་ཚོགས་མི་གཙོ་བོ་ཡོངས་ཆབ་་སྲིད་ཀྱི་ཁོངས་གཏོགས་ལས་ཕྱིར་འཕུད་བྱས་པ་དང་མི་ལ་ལར་དངུལ་སྒོར་གྱི་ཆད་པ་བཅད། མི་ལ་ལའི་ས་ཞིང་དང་རྒྱུ་ནོར་ སོགས་གཞུང་བཞེས་བྱས། ལུང་ཤར་གྱི་བཅོས་བསྒྱུར་ལ་ཕམ་ ཁ་བྱུང་ནས་བཙོན་དུ་བླངས་པའི་མགུར་ནི་འདི་ལྟ་སྟེ། སྐྱིད་ ཕྱོགས་ཀུན་དགེའི་བྱ་བ་འགའ་རྩོམ་ཚེ། །བར་ཆད་སྤྲིན་ནག་ དྲག་པོའི་ཀློང་དུ་ཚུད། །དེ་དུས་གཤེད་མ་བརྒྱ་ཕྲག་མཐའ་་་་་་ ནས་བསྐོར། །རྩུབ་མོའི་ཚིག་བཅས་མིག་གཉིས་ས་ལ་དབྱུངས། །ཆུ་ཝུར་མིག་གཉིས་ས་ལ་དབྱུངས་ན་ཡང་། །ཡེ་ཤེས་སྤྱན་ རས་འདི་ལ་དབྱུངས་ཐབས་ཅི། །མིག་ལུང་རྟག་ཏུ་མུན་པའི་ རང་བཞིན་ལ། །བཙོན་ཁང་མུན་ནང་འཇུག་པ་ཨེ་མ་མཚར། ། བསགས་པའི་རྒྱུ་ནོར་གཞན་གྱིས་འཕྲོག་ན་ཡང། །འཕགས་་་ པའི་ནོར་བདུན་འདི་ལ་འཕྲོག་ཐབས་ཅི། །གཞན་གྱིས་བཙོན་ ཁང་མུན་པ་གཏིང་རིང་ཟེར། །རང་སྣང་འོད་གསལ་ཀློང་ཡངས་ ཕུག་པ་ནས། །སྙོམས་ལས་འདུ་གསུམ་བཀའ་འབངས་ལུང་་་་་་ ཤར་བ། །རྡོ་རྗེ་ཚེ་རྒྱལ་ཞེས་པས་ཕྱག་བཅས་ཕུལ། །འདི་ལས་ ཀྱང་དམ་པ་ཁོང་ཉིད་ཀྱི་མུན་ནག་དང་སྒེར་གཅོད་ལ་མགོ་མི་སྒུར་བའི་སེམས་འདུན་དང་ཁོང་གི་བདེན་པའི་ཨུ་ཚུགས་དང་སྙིང་སྟོབས་དང་དཔའ་སྟོབས་བཅས་མཚོན་ཐུབ། ལུང་ཤར་ ཁོང་ཉིད་ལ་བུ་གཉིས་ཡོད་ལ་བཅོས་བསྒྱུར་ལ་ཕམ་ཁ་བྱུང་་་་་་་་ རྗེས་ཁོང་གི་བུ་ཆབ་པ་རུ་ཟུར་ལགས་ཞྭ་ལིའི་གྲོང་ཚོ་ཞིག་ཏུ་་་་ རྒྱང་འཕུད་བཏང་བ་དང་ལྷ་ཀླུ་ཚེ་རིང་རྡོ་རྗེ་ཡིས་རྗེས་ནས་ཁོང་གི་མཛད་འཕྲིན་བསྐྱངས།ལུང་ཤར་ཁོང་ཉིད་སྤྱི་ལོ་༡༩༣༨ལོའི་ཟླ་༥བའི་ནང་བཙོན་གྲོལ་བཏང་རྗེས་ཁོང་གི་མ་འོངས་པའི་་་་་་ ཆུང་མའི་བདག་གཉེར་བྱས་པ་དང་ཕལ་ཆེར་ལོ་གཅིག་ཙམ་་་་་འགོར་རྗེས་སྐུ་འདས། གསུམ་པ། ལུང་ཤར་བཅོས་སྒྱུར་གྱི་དོན་སྙིང་། ལོ་རྒྱུས་གྱི་ཆུ་ཀློང་ཁྲོད་དུ་ལུང་ཤར་བཅོས་སྒྱུར་ལ་ཕམ་ཉེས་ ཐེབས་མོད།འོན་ཀྱང་ལུང་ཤར་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་སུ་་་ཐོག་དང་པོར་སྲིད་ལུགས་བཅོས་སྒྱུར་བྱེད་དགོས་པར་འདོད་་་་་ མཁན་ཡིན་ལ།སྐབས་དེའི་བོད་དུ་ཕྱི་རུ་མི་རིགས་གཞན་པའི་་བཙན་འཛུལ་གྱི་མེ་སྟག་མཆེད་རྩིས་ཡོད་པ་དང་ནང་ཁུལ་ན་་དབང་སྒྱུར་གྲལ་རིམ་བར་གྱི་འགལ་བ་མངོན་གསལ་དུ་འགྲོ་་་་ བཞིན་པའི་སྐབས་དེར་ལུང་ཤར་གྱི་བཅོས་བསྒྱུར་ནི་སྐབས་་་་་་ དེའི་བོད་ཡུལ་ཉམས་ཉེན་ལས་ཐར་བྱེད་ཀྱི་ལམ་བུ་ཞིག་དང་་་་ བོད་ཡུལ་སྟོབས་འབྱོར་མངའ་ཐང་ལྡན་པའི་རྒྱལ་ཁའི་ལམ་བུ་འཚོལ་སྙེག་གི་ཚོད་ལྟ་ཐེངས་གཅིག་ཀྱང་ཡིན། ལུང་ཤར་གྱི་ བཅོས་སྒྱུར་ནི་འཛམ་གླིང་དམག་ཆེན་ཐེངས་གཉིས་པའི་ཡར་་སྔོན་བོད་ལྗོངས་ཀྱི་སྲོལ་རྒྱུན་ཆབ་སྲིད་ལམ་ལུགས་ལ་བཅོས་་སྒྱུར་བྱེད་པའི་མཇུག་མཐའི་ཚོད་ལྟའང་ཡིན། བཅོས་སྒྱུར་ལ་ ཕམ་ཉེས་བྱུང་བ་དེ་བོད་ཀྱི་ལོ་རྒྱུས་གྱི་ཁ་ཕྱོགས་འགྱུར་་་་་་་ མཚམས་ཤིག་ཀྱང་རེད་ལ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ནི་བོད་ཀྱི་ལོ་རྒྱུས་སྟེ་གི་ཕུལ་བྱུང་མི་སྣ་ཞིག་ཀྱང་རེད། དཔྱད་གཞིའི་ཡིག་ཆ། ༡ ༼སེར་མོ་བའི་རྒྱལ་ཁམས་འཇིག་པ༽ མེ ཀེར་སི་ཐེན ༼ཨ་རི༽ ༢ ༼ རང་གཤིས་གདུང་འབོད༽ ཕུན་ཚོགས་རྒྱལ། ༣ ༼ ན་གཞོན་རབ་བྱེད༽ བདུད་ལྷ་རྒྱལ་དང་མེ་ལྕེ་ཡིས་གཙོ་སྒྲིག་བྱས། ༤ ༼ བོད་ཀྱི་ཉེ་རབས་ལོ་རྒྱུས་ཏ་མྦུ་རའི་སྒྲ་དབྱངས༽ ཤར་ཡུལ་ཕུན་ཚོགས་ཚེ་རིང་།









ལུང་ཤར་ལུགས་བསྒྱུར་ཐད་ཀྱི་སྐད་ཆ།

རས་པ།

ང་ཚོའི་ལོ་རྒྱུས་ཁྲོད་དུ་བདེན་དོན་གྱི་ཆེད་དུ་མིག་འབྲས་དབྱུང་བར་འཇུག་ཕོད་པའི་མི་ཞིག་གི་དགོས་མཁོ་ཡོད་ན་ངས་འདིའི་ཐད་ཅི་ཡང་བཤད་མི་ཤེས། དེ་མིན་རྩིས་པ་ལུང་ཤར་ གྱི་སྐོར་ལ་བྲིས་པ་ལྷ་ཀླུ་ཚེ་དབང་རྡོ་རྗེ་ཡི་“ངའི་ཕ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ལ་དྲན་གསོ་ཞུ་བ་“ཞེས་པ་གཅིག་པུ་མ་ཡིན་པར་་་་་ སྐབས་དེའི་སྐུ་དྲག་རིམ་པ་དང་། གཞུང་ཞབས་མང་དག་ཅིག་ གིས་རང་དང་འབྲེལ་ཡོད་ཀྱི་གནས་ཚུལ་བཀོད་པའི་དཔེ་དེབ་་ཁ་གྲངས་ལོངས་པ་ཞིག་ཡོད་པར་དཔྱད་ན་ལུང་ཤར་གྱི་ལུགས་བསྒྱུར་ནི་རིག་གསར་གྱི་ངོས་ནས་ལྟ་ཐུབ་པ་ཞིག་མ་ཡིན་པར་་་དབང་ཆའི་འཐབ་རྩོད་ཀྱི་ཚད་རིམ་རིམ་པ་འཕར་མ་ཞིག་གམ་སྐབས་དེའི་སྡེ་བ་གཞུང་གི་སྟོབས་ཤུགས་མི་སྣའི་གོ་ཐོབ་དང་་་་ འབྲེལ་བ་ངེས་ཅན་ཡོད་པ་ཞིག་རེད་འདུག འོན་ཀྱང་། རྩོམ་ ཁག་ཅིག་ཏུ་"མ་འཁྱོག་དྲང་པོའི་མིག་གིས་བལྟས་ན་"ཞེས་་་་་་་ བརྗོད་དེ་ལུང་ཤར་གླེང་སྲོལ་ཅིག་ཡོད་པའི་དགོངས་དོན་ཅི་་་་་་ ཞིག་ཡིན་པའི་ཐད་ངའི་ངོས་ནས་ཚད་གཞི་ཞིག་འཇོག་ཐུབ་་་་་ མ་སོང་། ལྷག་པར་དུ་”ལུང་ཤར་གྱི་ལས་འགུལ་”དེ་རིག་་་་་་་ གསར་གྱི་རྣམ་པར་ལྟ་དགོས་ན་སྤྱི་ཡོངས་ལྟར་སྐབས་དེའི་ལྷ་་་་ སའི་འུར་ཟིང་ཆེ་བའི་མི་དམངས་དང་འབྲེལ་བ་ངེས་ཅན་་་་་་་་ ཆགས་དགོས་པ་ཞིག་ཡིན་པ་དང་། ལུང་ཤར་ལུགས་བསྒྱུར་ ནི་”དམངས་གཙོའི་ལམ་ལུགས”་སུ་འགྲེལ་བཤད་བྱེད་པོ་་་་་་་་་ རྣམས་ལྟར་ན་ལྷག་པར་ཏུ་མི་དམངས་དང་འབྲེལ་བ་མ་བྱུང་་་་་ཐབས་མེད་ཡིན་མོད། ལུང་ཤར་གྱི་འབྲེལ་བ་བྱེད་ཡུལ་ནི་སྡེ་ བ་གཞུང་གི་དཔོན་རིགས་རིམ་པ་རྣམས་ཀྱི་ཁྲོད་ཡོད་པ་ལས་་་་མི་དམངས་ཁྲོད་མེད་པ་རེད། འདིས་ཅི་ཞིག་མཚོན་པ་རེད་་་་ དམ། སུན་ཀྲུང་ཧྲན་གྱི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་ ལྟ་བུ་ཞིག་མཚོན་པ་ཡིན་ནམ། ང་ཚོས་ལུང་ཤར་ལུགས་བསྒྱུར་གྱི་སྒྲོམ་གཞི་གཅིག་རང་བརྗོད་ཐུབ་པ་ནི་"བཀའ་བློན་རྣམས་དུས་ཡུན་ངེས་ཅན་གྱི་་་་་མཚམས་ནས་བརྗེ་བསྒྱུར་བྱེད་དགོས་" ཞེས་པ་འདི་ལས་མེད། འདི་ལྟ་བུའི་འཛིན་སྐྱོང་གི་སྒྲོམ་གཞིའི་གཟུགས་རིས་ཙམ་་་་་་གྱིས་དམངས་གཙོར་འགྲེལ་བཤད་ཅི་ཡང་བྱེད་མི་ཐུབ་པ་ཡིན།སྐབས་དེའི་སྤྱན་གསལ་ཐུབ་བསྟན་ཀུན་འཕེལ་གྱི་དོན་རྐྱེན་་་དང་། ལུང་ཤར་གྱི་དོན་རྐྱེན་གང་ཡིན་ཡང་། ནང་ཁུལ་གྱི་ གནད་དོན་དང་འབྲེལ་བ་ཤིན་ཏུ་ཆེ་ཞིང་། ཀུན་འཕེལ་གྱི་་་་ འཛིན་སྐྱོང་འོག་ཡོད་པའི་དམག་ཁུལ་གྱི་སྒྲིག་འཛུགས་སྟོབས་ཤུགས་གློ་བུར་དུ་ཕམ་ཉེས་བྱུང་དགོས་པའི་རྒྱུ་མཚན་ལ་་་་་་་་་་དམངས་ཁྲོད་ཀྱི་བཤད་རྒྱུན་ཞིག་གཞི་ལ་བཞག་ནས་བཤད་ན་་སྒོར་རྡོག་འགའ་ཡི་རྐྱེན་གྱིས་བསླངས་པའི་སྙིང་ནད་རྩད་པ་་་་་ རང་ལས་མེད་ཅིང་།ལུང་ཤར་གྱི་གནད་དོན་ལའང་འདི་དང་་་་་ འདི་ལྟ་བུའི་རྐྱེན་ངན་མང་དུ་ཡོད་དེ་ལུང་ཤར་དང་ཀུན་འཕེལ་སུ་ཡིན་ཡང་རྒྱལ་དབང་བཅུ་གསུམ་པས་བསྐྱངས་པའི་གཞོན་་སྐྱེས་རེ་བ་ཅན་ཡིན་པས་སོ།། རྒྱལ་དབང་བཅུ་གསུམ་པ་སྐུ་འཚོ་བཞུགས་སྐབས་སྡེ་བ་་་གཞུང་གི་དཔོན་རིགས་ཁྲོད་དུ་ལུང་ཤར་དང་ཀུན་འཕེལ་་་་་་་་་གཉིས་ལ་དབང་ཚད་ངེས་ཅན་གྱི་སྟོབས་ཤུགས་ཡོད་པ་དང་། སྟོབས་ཤུགས་དེ་ལ་བསྟེན་ནས་ཁོང་གཉིས་ཀྱིས་མི་མུས་བརྒྱུད་བཅས་ཀྱི་མི་དྲག་ཁག་ཅིག་ལ་ཕོག་ཐུག་ཡང་ཡང་བཏང་མེད་་་པའང་རྩ་བ་ནས་མ་ཡིན་པས་"ཞལ་འཛུམ་ལག་ནས་གཏར་ག་གཅོག་མཁན་"གྱིས་སྟོབས་ཤུགས་ཀྱི་རིན་ཐང་ལས་སླ་བོར་ག་་ལ་འཇོག་སྲིད། དེའི་རྐྱེན་གྱིས་ནམ་ཡང་སྐབས་དང་དུས་་་་་ འཚོལ་བའི་ཆབ་སྲིད་པ་ནི་ཡོད་ཡོད་པ་རེད། ”ལུང་ཤར་ ལུགས་བསྒྱུར་”ནི་”སྐྱིད་ཕྱོགས་ཀུན་མཐུན་”ཞིག་ཡིན་ནམ། དེ་ཡིན་ངེས།འོན་ཀྱང་།ཁོང་གིས་ཅིའི་ཕྱིར་མི་མང་གི་སྟོབས་་་་ཤུགས་མ་བཙལ་བ་རེད། ཁོང་ནུབ་ཕྱོགས་སུ་ཕེབས་ནས་ལམ་ལུགས་གསར་བའི་ངོ་གདོང་མཐོང་ཡོད་པ་དང་། ཆབ་སྲིད་ཁོར་ཡུག་ནང་ཆུང་ དུས་ནས་འཚར་ལོངས་བྱུང་བས་དོ་སྣང་བྱེད་དགོས་སའི་་་་་་་་་གནད་དོན་ཅི་ཡིན་པའང་ནོར་མི་སྲིད། དེའི་རྐྱེན་གྱིས་ལུང་ ཤར་གྱི་ལུགས་བསྒྱུར་ནི་ང་ཚོས་དམངས་གཙོའི་ལེགས་བཅོས་ཤིག་ཏུ་ལྟ་མི་ཐུབ་ལ། སྤྱི་མཐུན་མཉམ་ལས་ཀྱི་གསར་བརྗེ་ ཞིག་ཏུའང་ལྟ་མི་ཐུབ། དེང་གི་སྐབས་སུ་ངས་”སྐྱིད་ཕྱོགས་་་ ཀུན་མཐུན་གྱི་ལས་འགུལ་”ནི་སྟོབས་ཤུགས་ཕྱོགས་ཁག་གི་་་་་་ འཐབ་རྩོད་ཅིག་ལས་ཅི་ཡང་མི་ཚོར། དེ་ལ་རྒྱུ་མཚན་གཅིག་ རང་ཡོད་པ་སྟེ། ཀ་ཤོད་པའི་སྙན་གསེང་གཅིག་གིས་ལུང་ཤར་ གྱི་རྗེས་འབྲས་ཡོངས་སུ་མཚམས་ཆད་པས་ཡིན། གལ་སྲིད། སྟོབས་ཤུགས་ཕྱོགས་ཁག་གི་འཐབ་རྩོད་ལས་བརྒལ་ནས་རིག་་གསར་ལ་མོས་པ་སྐྱེས་པའི་ཕྱོགས་ཁག་ཅིག་གྲུབ་ཡོད་པ་ཡིན་་་ན་སྐྱིད་ཕྱོགས་ཀུན་མཐུན་གྱི་ཁྲོད་དུ་ལུང་ཤར་རྗེས་སུ་ལུང་་་་་་་ཤར་ཞིག་ཅི་ལ་མ་ཐོན་པ་རེད། འོན་ཀྱང་། ”སྐྱིད་ཕྱོགས་ཀུན་ མཐུན་”གྱི་མི་སྣ་རྣམས་ནི་སྐབས་དེའི་གཞུང་ཞབས་གྲས་རྐྱང་་བ་ཡིན་པས་མུ་མཐུད་ནས་འཐབ་རྩོད་ཀྱི་མཇུག་མཐུད་པ་ཡིན་ན་ཁ་གཏད་ཕྱོགས་ཁག་གིས་མཇུག་སྐྱོང་མཁན་ལ་ལས་སླ་་་་་་་ བོར་ཡ་ང་བའི་མཇུག་འབྲས་ཤིག་གི་གསོལ་རས་སྟེར་ཐུབ་ཀྱི་་་ཡོད་པ་མ་ཟད། ཧ་ཅང་ལས་སླ་བོ་ཡིན་པ་རེད། རྩ་འཛུགས་འདི་ལ་དམངས་གཙོའི་ལེགས་བཅོས་ཀྱི་རེ་བ་ཡོད་པར་ཆ་བཞག་ནས་གླེང་བ་ཡིན་ནའང་ལུང་ཤར་ལ་མིག་ཡོད་བཞིན་དུ་མི་མང་གི་རྩ་འཛུགས་སུ་མ་བསྒྱུར་བ་ནི་ཧ་ཅང་དགོད་བྲོ་བ་ཞིག་ཀྱང་རེད། སྟོབས་ཤུགས་ཕྱོགས་ཁག་གི་འཐབ་རྩོད་ཀྱི་རིག་ལམ་་་་་ མམ་བོད་ཀྱི་ཆབ་སྲིད་འཁྲབ་མཁན་གྱི་འཐབ་རྩོད་ངོས་ནས་ཧ་ལས་པ་ཡིན་ན་ལུང་ཤར་ལུགས་བསྒྱུར་ལས་ཀྱང་ཧོན་འཐོར་་་་་ བར་ངེས་པའི་སྒྱུ་རྩལ་མང་དག་གཅིག་ལྷག་ཡོད་པ་ཞིབ་པར་་་་འཇལ་བས་ཤེས་ནུས། ལྷ་སའི་དམངས་ཁྲོད་ཏུ་"བྱང་ཆུབ་་་་ སེམས་དཔའ་ཡིན་ཟེར། །སྤྱན་གཉིས་སྦྱིན་པར་བཏང་སོང་། ། "ཟེར་བ་ལྟ་བུའི་གཞས་ཤིག་སྐབས་དེར་བཏང་མྱོང་ཡོད་འདུག གལ་སྲིད་ཁོང་གི་ལུགས་བསྒྱུར་མི་མང་གི་དགོས་མཁོ་དང་་་་་་་་ འབྲེལ་བ་ཡོད་པ་ཡིན་ན་འདི་ལྟ་བུའི་གཞས་དབྱངས་འཐེན་་་་་སྲིད་དམ། ལུང་ཤར་བས་སྦར་བའི་བསམ་བློའི་མེ་སོན། འཛུམ་གྲོལ། གཅིག དེ་ཡང་དུས་རབས་ཉི་ཤུ་པའི་སྟོད་དུ་རྨོངས་ཞེན་གྱི་སྒྲོག་གིས་བཅིངས་པའི། བོད་གངས་ཅན་གྱི་མི་རིགས་འདི་ཆོས་ མིན་སྲིད་མིན་གྱི་ལམ་ལུགས་རྙིང་པ་ཞིག་གི་ཐོག་ནས། རྙིང་ ཞེན་དང་།ཨུ་ཚུགས་ཀྱིས་བསྐྱོད་བཞིན་པའི་སྐབས་སུ། ནུབ་ ཕྱོགས་རྒྱུན་ཤེས་དང་ལྡན་པའི་མི་རིགས་དག་གི་སྤྱི་ཚོགས་ཀྱི་་་དཔལ་ཡོན་དར་བའི་ཡང་རྩེར་སོན་པ་གཟིགས་་ཤིང་། རང་ དབང་དང་། འདྲ་མཉམ། དམངས་གཙོའི་ལམ་བཟང་ཐོག་ མར་མཐོང་བའི་བོད་ཀྱི་བློ་འབྱེད་བསམ་བློ་བ་ལུང་ཤར་རྡོ་རྗེ་་་་ཚེ་རྒྱལ་མཆོག་གིས་བོད་ཀྱི་སྤྱི་ཚོགས་ཉམས་རྒུད་དང་། རྗེས་ ལུས་ཀྱི་རྣམ་པ་འདི་ཡར་རྒྱས་ཀྱི་ལམ་དུ་འགྲོ་དགོས་ན་རྨོངས་ཞེན་གྱི་དབང་དུ་སོང་བའི་སྒེར་གཅོད་དབང་བསྒྱུར་གྲལ་རིམ་གྱི་ལམ་ལུགས་ངན་པ་ལེགས་བཅོས་མ་བྱས་ཐབས་མེད་ཀྱི་་་་་་བསམ་བློ་ཐུགས་ལ་འཁྲུངས་ཤིང་། རང་དབང་དང་། དམངས་ གཙོའི་ལམ་བཟང་བོད་ལ་སྤེལ་བའི་བསམ་བློའི་“སྐྱིད་ཕྱོགས་ཀུན་མཐུན་”ཞེས་པའི་གསང་བའི་ཚོགས་པ་ཞིག་བཙུགས་ཏེ། བོད་ཡུལ་མུན་ནག་གི་ཡུལ་གྲུ་རུ་བློ་འབྱེད་ཀྱི་བསམ་བློའི་ མེ་ཕུང་ཞིག་སྦར་བའི་འཆར་གཞི་བཀོད། དེ་ནི་བོད་ཡུལ་་་་་ སྒེར་གཅོད་མུན་ནག་གི་ཡུལ་གྲུ་རུ་རང་དབང་དང་དམངས་་་་་་གཙོའི་ལུགས་བཟང་སྤེལ་བའི་བསམ་བློའི་མེ་སོན་ཆེས་ཐོག་་་་མར་བསོས་པའི་རླབས་ཆེན་གྱི་ཉིན་མོ་ཞིག་རེད། ཡིན་ནའང་། ཇི་སྐད་དུ། དགེ་ཆོས་ཀྱིས།“རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་ བསྒྲགས། །གསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས། །ངོ་མཚར་ཕལ་ཆེར་ཐན་ལྟས་ཉིད་དུ་སྒོམ། །ཆོས་ཀྱི་རྒྱལ་ཁམས་ ཏྲི་བྷོ་ཊ་ཡི་སྲོལ་“ཞེས་པ་ལྟར། གང་ལའང་གནས་་ལུགས་མི་་་་་ བརྩི་བའི་བླུན་རྨོངས་པ་དག་གིས། སྲོལ་རྙིང་ཡོད་ཚད་ལེགས་་་ ____________________ ལུང་ཤར་ལས་འགུལ་ཡང་ཟེར། ཉེས་མི་དཔྱོད་པར་ལྷ་ཡི་སྲོལ་དང་ཚད་མ་རུ་མཐོང་ཞིང་། གསར་བྱུང་ཐམས་ཅད་བཟང་ངན་མི་བལྟ་བར་ཐན་དུ་མཐོང་་་་ནས། དེ་དུས་ཀྱི་སྒེར་གཅོད་བཀའ་ཤག་སྲིད་གཞུང་ལ། ཀ་ཤོད་ ཆོས་རྒྱལ་ཉི་མ་ས་པས་”ལྐོག་ཞུས་”བྱས་པར་བརྟེན། ཁོང་ གིས་ཇི་ལྟར་བདེན་དོན་དང་། གནས་ལུགས་བཤད་ཀྱང་མ་ ཉན་པར། སྒེར་གཅོད་ཀྱི་སྲིད་དབང་ལ་གནོད་པར་དོགས་ནས། “སྐྱིད་ཕྱོགས་ཀུན་མཐུན་“གྱི་གསང་བའི་ཚོགས་པ་གཏོར་ཞིང་།ཁོང་གི་བློ་འབྱེད་ཀྱི་བསམ་བློ་དང་། རླབས་ཆེན་གྱི་སྦྱོར་བ་ ཕྲག་དོག་གིས་འཇོམས་པར་བྱས། དེ་ནི་འུ་ཅག་གི་རིག་་་་་་ གནས་ལོ་རྒྱུས་ཁྲོད་ཆེས་ནོངས་འགྱོད་སྐྱེ་འོས་པའི་ཕམ་ཁ་ཞིག་རེད། ད་དུང་ཁོང་ལ་ཨུ་རུ་སུའི་དམར་པོའི་ལམ་ལུགས་བོད་ལ་སྤེལ་རྩིས་ཀྱི་ནག་ཉེས་ཡོད་པར་ཉེས་འགེལ་བྱས་ནས། བོད་ ཀྱི་ཤེས་ཡོན་ཅན་གྱི་སྤྱན་མིག་སྟེ།ཁོང་གི་མིག་འབྲས་གཉིས་པོ་གྲི་བརྒྱབས་ཏེ་ཕྱུངས་བར་མ་ཟད། ཁྲིམས་མུན་དུ་བཅུག བླུན་ རྨོངས་ “ཤེས་མེད་ཀྱི་གྲོང་རུང་“མུན་ནག་ཏུ་འགྲེང་བའི་རྒྱུ་་་་་ འབྲས་བློ་མིག་ལྡན་པའི་ཤེས་ཡོན་ཅན་གྱི་མི་བུ་ཞིག་དེ་ལྟར་་་་་ འབུར་འཇོམས་བཏང་བ་སྟེ། ཁྲག་གིས་རྫིས་པའི་ལོ་རྒྱུས་དེ་ནི་ བོད་ཀྱི་རིགས་གནས་ལོ་རྒྱུས་སྟེང་བྱུང་བའི་ཤེས་ཡོན་ཅན་གྱི་་སྐྱོ་གར་རིང་མོ་ཞིག་མིན་པར་སུ་ཡིས་བསྙོན། དུས་དེ་ནས་་་་་ བཟུང་གདོལ་སྤྱོད་མཁན་དེ་དག་གིས་འཇིག་རྟེན་གྱི་འོད་་་་་་་་་ དཀར་ལ་རྟག་ཏུ་འཐབས་ཤིང་། བླུན་རྨོངས་ཉམ་ཆུང་་་་་་་་ འབངས་མི་རྣམས་མུན་ནག་ནས་མུན་ནག་དང་། ལོག་ལམ་ ནས་ལོག་ལམ་དུ་ཁྲིད་པ་རེད་དོ།། གཉིས། རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཡུས་ཏ་ཧྥུ་郁达夫 ཡིས”རླབས་ཆེན་གྱི་མི་སྣར་བརྩི་བཀུར་དང་། དགའ་ཞེན། ཡིད་སྨོན་བཅས་མི་བྱེད་པའི་རྒྱལ་ཁབ་ནི་རེ་བ་མེད་པའི་བྲན་་ ____________________  ཡུས་ཏ་ཧྥུ་郁达夫རྒྱ་ནག་གི་ཉེ་རབས་རྩོམ་པ་པོ་ཞིག་གོ། གཡོག་རྒྱལ་ཁབ་ཅིག་རེད། ”ཅེས་གསུངས་པ་ལྟར་ལུང་ཤར་ བའི་སྐྱོ་གར་དང་། ལས་སྐལ་ལ་བལྟས་ན་ང་ཚོའི་མི་རིགས་་་་ འདི་རླབས་ཆེན་གྱི་མི་སྣར་བརྩི་བཀུར་དང་། དགའ་ཞེན། ཡིད་ སྨོན་བཅས་མི་བྱེད་པའི་བྲན་གཡོག་ལམ་ལུགས་སྐྱོང་བའི་་་་་་་་ གདོལ་སྤྱོད་ཀྱི་མི་རིགས་ཤིག་ཡིན་པར་ར་སྤྲོད་བྱས་ཡོད་པ་མ་་་ཡིན་ནམ། དེ་ལས་ཀྱང་རླབས་ཆེན་གྱི་མི་སྣ་དམར་གསོད་་་ བྱེད་པའི་ནག་ཉེས་མཁན་་ཡིན་པར་མཚོན་ཡོད་པ་མ་ཡིན་་་་་་ ནམ། དེ་ནི་ཞི་བདེའི་རིག་གནས་སྐྱོང་ཞིང་སྙིང་རྗེའི་མངའ་ བདག་ཏུ་འདོད་པའི་མི་རིགས་ཞིག་གི་བཟོད་ཐབས་མེད་པའི་་་ངོ་ཚ་ཆེན་པོ་ཞིག་རེད་འདོད། འདི་ནི་མི་རིགས་ཤིག་གི་མཁས་མདོག་འཇོན་མདོག་གིས། དུང་ཞེན་དང་ཨུ་ཚུགས་རྐྱང་པས་གནས་ལུགས་ལ་རྒྱབ་ཀྱིས་་་་ ཕྱོགས་ཤིང་། དྲང་བདེན་ལ་རྡོག་བརྫིས་བཏང་སྟེ། ཆོས་མིན་ སྲིད་མིན་གྱི་ཟློས་གར་རྩུབ་མོས་རང་ཕུང་རང་བརླག་བྱེད་་་་་་་བཞིན་པའི་རང་མཚང་ཕྱིར་བུད་པ་ཞིག་རེད་འདོད། འདི་ནི་འགྲོ་བ་མིའི་ཐོབ་ཐང་དང་། འདྲ་མཉམ། རང་དབང་། དམངས་གཙོའི་ཐབས་ལམ་སོགས་འཛམ་གླིང་སྤྱིའི་འགྲོ་་་་་་་་་་་ ཕྱོགས་ལ་མཐོང་ཐོས་མྱོང་གསུམ་བྲལ་བས།བྲན་གཡོག་གི་ལྟ་་་་བ་སོགས་ཀྱིས་རུལ་སུངས་ཀྱི་སྤྱོད་པ་ཁོ་ན་སྐྱོང་བའི་བླུན་་་་་་་་་་རྨོངས་སྒྱིད་ལུགས་ཀྱི་མི་རིགས་ཤིག་གི་རང་སྐྱོན་ངོ་མ་ལྷང་ལ་བུད་པ་ཞིག་རེད་འདོད། གང་ལྟར་འདི་ནི་བསམ་ཤེས་ཅན་གྱི་མི་བུ་ངོ་མ་ཞིག་ཡིན་ ཕྱིན་སེམས་པ་སྐྱོ་གདུང་གི་ལྕིད་ཀྱིས་གནོན་པའི་ལོ་རྒྱུས་ཀྱི་སྐྱོ་གར་ཞིག་རེད་ལ། གནས་ལུགས་དང་། དྲང་བདེན་དཔང་པོར་ འཇོག་པའི་སྐྱེ་བོ་དག་གི་བརྗེད་དུ་མེད་པའི་ཕམ་ཁ་ཆེན་པོ་་་་་ ཞིག་གོ། དོན་ངོ་མར་བླུན་ཞིང་རྨོངས་པའི་མི་རིགས་ཤིག་གིས་ནོར་ བུ་རང་ལག་ཏུ་ཡོད་ཀྱང་ནོར་ངོ་མ་ཟིན་པར་གད་སྙིགས་ཁྲོད་་་་ དུ་དོར་བའི་ནོར་འཁྲུལ་ཚབས་ཆེན་ཞིག་ཡིན་ཞིང་། ཕྱིས་་་་ བྱུང་རྣམས་ཀྱིས་འགྱོད་གདུང་དྲག་པོ་སྐྱེས་ཀྱང་ཐབས་ཤིག་་་་་གང་ནས་འཚོལ། ཁོང་སྐུ་བཞུགས་རིང་ལ་དགའ་ཞེན་དང་། བརྩི་བཀུར་བྱེད་མཁན་མེད་ལ། ལྷག་ཏུ་དེའི་དུས་ཀྱི་ཆོས་་་་ སྲིད་གཉིས་ཀྱི་མངའ་བདག་དང་། ས་སྐྱོང་ཆེན་མོ་རུ་འདོད་ པ་དེ་དག་གི་བསམ་སྤྱོད་ལ་ཕྱིར་བལྟས་རེ་བྱས་ན། ཁོ་ཚོའི་་་་ དོན་དངོས་གོང་གི་དེ་དག་ལས་ལྡོག་ཕྱོགས་ཀྱི་ངོ་གདོང་འཇིགས་སུ་རུང་བ་ཞིག་མཐོང་མི་ཡོང་ངམ། གསུམ། ད་ལྟའི་ཆར་ང་ཚོའི་འདས་པའི་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གྲགས་ ཅན་དག་གི་སྐྱོ་གར་ལ་ཕྱི་མིག་བྱས་ཏེ། ནོར་འཁྲུལ་དང་ནག་ ཉེས་ལ་འགྱོད་བཤགས་བྱེད་ཅིང་། ལེགས་བཅོས་བྱེད་པའི་་་་་་ སྤོབས་པ་སེམས་ལ་འཆང་ནས། ལུང་ཤར་རྡོ་རྗེ་ཚེ་རྒྱལ་་་་་་་་ མཆོག་གི་བསམ་བློའི་མེ་སོན་སླར་གསོ་བྱེད་པ་དང་། དུས་་་་ རབས་ཉེར་གཅིག་པའི་བོད་གངས་ཅན་གྱི་སྤྱི་ཚོགས་ཁྲོད་དུ་་་་ ཁོང་གི་རེ་བའི་དམིགས་ཡུལ་ངོ་མ་མངོན་འགྱུར་ཡོང་བའི་་་་་་་འབད་པ་རྒྱུན་འཁྱོང་བྱེད་པ་དང་སྦྲགས། ཁོང་གི་རླབས་ཆེན་ གྱི་བསམ་སྦྱོར་ལ་རྗེས་དྲན་ཞུ་ཞིང་། ནོར་འཁྲུལ་གྱི་ནག་ཉེས་ ལ་འགྱོད་བཤགས་བྱས་ཏེ་ཕྱིར་བཅོས་བྱེད་པ་དང། ཕྱིན་ཆད་་་ ནོར་འཁྲུལ་གྱི་ནག་ཉེས་དེ་རིགས་མི་བྱེད་པའི་དམ་བཅའ་་་་་་་འཇོག་དགོས་པ་ཞིག་རེད་འདོད། སྐབས་འདིར་བདག་གིས་ཨུ་རུ་སུའི་ཤེས་ཡོན་ཅན་གྱི་མི་་སྣ་གྲགས་ཅན་ཞིག་གི་སྐྱོ་གར་གྱི་ལོ་རྒྱུས་ཡིད་ལ་དྲན་འོང་། ཁོང་གི་མིང་ལ་ཕུའུ་ཞི་ཀིནA.Spushkin.ཟེར་ཞིང་་་་་་་་ ཨུ་རུ་སུའི་རྩོམ་རིག་གི་རྨང་འདིང་མཁན་ཡིན་ལ། “ཨུ་རུ་་་་་ སུའི་རྩོམ་རིག་གི་ཕ་ཡབ་“ཅེས་འབོད། ཁོང་གིས་དེ་དུས་སྲིད་ དབང་གདུག་རྩུབ་ཅན་ལ་ངོ་རྒོལ་བྱས་ཤིང་། རང་དབང་དང་། དམངས་གཙོའི་ལམ་བཟང་ལ་བསྟོད་པ་ཚད་མེད་བྱས་པ་བརྒྱུད།མཐར་རུལ་སུངས་ཀྱི་སྤྱོད་ངན་འཆང་མཁན་དག་གི་ལྐོག་གཡོ་ ____________________  ཕུའུ་ཞི་ཀིནA.Spushkinཨུ་རུ་སུའི་རླབས་ཆེ་བའི་སྙན་ངག་མཁན། བརྩམས་ཆོས་《རང་དབང་ལ་བསྟོད་པ་》སོགས་འདུག་གོ། ངན་འཁྲུལ་འོག་སྐུ་གཤེགས། ཁོང་འཇིག་རྟེན་མི་ཡུལ་དང་ཁ་བྲལ་ཡང་། ཁོང་གི་བླ་ན་མེད་ པའི་བསམ་བློ་དང་། མི་གཞི། སྤྱོད་པ་སོགས་ནི་ནམ་ཡང་ ཉམས་པ་མེད་པར་རྡོ་ལ་རི་མོ་བརྐོས་པ་བཞིན་དུ་ཕྱི་རབས་ཀྱི་་་མི་བུ་དག་གི་སེམས་ཁོང་དུ་གསལ་ལྷང་ངེར་གནས་ཡོད། བལྟས་ཡོང་ནས་ང་ཚོའི་རིག་གནས་ལོ་རྒྱུས་སྟེང་གི་མི་སྣ་་་་་་་་་ གྲགས་ཅན་ལུང་ཤར་བའི་སྐྱོ་གར་དེ་དང་། ཨུ་རུ་སུའི་ལོ་རྒྱུས་ ཁྲོད་ཀྱི་ཕུའུ་ཞི་ཀིན་གཉིས་ཀྱི་ལས་སྐལ་ཕལ་ཆེར་གཅིག་་་་་་་་་ མཚུངས་རེད། ད་ལྟ་གོང་གི་དེ་དང་འདྲ་བར་ལུང་ཤར་མཆོག་ ང་ཚོ་དང་ཁ་བྲལ་ནས་མི་ལོ་དེ་འདྲ་མང་པོ་ཞིག་ཕྱིན་སོང་ཡང་།ཁོང་གི་བླ་ན་མེད་པའི་བསམ་སྦྱོར་གྱི་རིན་ཐང་ནི་ང་ཚོ་བསམ་ཡོད་སུས་ཀྱང་སེམས་ལ་ཁྲིགས་སེ་ཡོད་པ་ཞིག་ལུས་ཡིན། འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་འགྱུར་་་་་་ ཁྲོད་བལྟས་ན་སྐྱོ་གར་དང་། ཕམ་ཉེས། ནོར་འཁྲུལ་ཅི་རིགས་ བྱུང་མྱོང་ཡོད་ལ། བྱུང་ཚར་བའི་རྗེས་སུ་ནོར་འཁྲུལ་ངོས་ཟིན་ ཐོབ་ཏེ་ཕྱིན་ཆད་དེ་ལྟ་བུའི་ལམ་དུ་མི་གོལ་བའི་ཉམས་མྱོང་ནི་ལེགས་གྲུབ་ཡོང་བའི་རྩ་བར་ངོས་ཟིན་ཐོབ་པའོ།། བཞི། དུས་རབས་ཉེར་གཅིག་པའི་ནང་སྔོན་ཆད་དང་བསྡུར་ན། ཁྱོན་ཡོངས་ནས་ཕྱི་དངོས་པོའི་ལོངས་སྤྱོད་དང་། ནང་བསམ་ པའི་དཔལ་ཡོན་སོགས། ཕྱོགས་གང་ཐད་ནས་ཡར་རྒྱས་ཅུང་ ཟད་ཕྱིན་ཡོད་ལ།ལྷག་པར་དུ་ན་གཞོན་རྟོགས་སད་པ་འགའ་་་་་རེས་བོད་ཀྱི་ཤེས་ཡོན་ཅན་གྱི་མི་སྣ་གྲགས་་ཅན་དག་ལ་མཐོང་ཆེན་དང་། བརྩི་བཀུར། དགའ་ཞེན་གྱིས་ཞིབ་འཇུག་དང་རྟོག་ དཔྱོད་བྱེད་པའི་འགོ་བརྩམས་ཤིང་། བསམ་གཞིག་སྐོར་གྱི་རྩོམ་ ཡིག་མང་པོ་ཞིག་ཀྱང་སྤེལ་དང་སྤེལ་བཞིན་འདུག ཡིན་ནའང་། ད་དུང་སེམས་སྐྱོ་བ་ཞིག་ལ་བོད་ཀྱི་ཤེས་ ཡོན་ཅན་གྱི་མི་སྣ་གྲགས་ཅན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་མཆོག་་་་གི་ལོ་རྒྱུས་དང་། བསམ་བློ། སྤྱོད་པ་སོགས་ལ་ཞིབ་འཇུག་ བྱེད་མཁན་ཧ་ཅང་ཉུང་ལ། ལྷག་ཏུ་ཁོང་གི་རླབས་ཆེན་་་་་་་ གྱི་བསམ་སྦྱོར་ལ་རྗེས་དྲན་གྱི་རྩོམ་ཡིག་ཞིག་ཀྱང་འབྲི་མཁན་མེད་པས་ཁོ་བོའི་སེམས་པ་སྐྱོ་གདུང་གི་ཚོར་བས་ནོན་པར་་་་་གྱུར། དེ་དག་ལ་བལྟས་ན་ང་ཚོའི་ད་དུང་ཤེས་ཡོན་ཅན་གྱི་་སྡེ་ལ་ལྟ་ཚུལ་ལེགས་པོ་ཞིག་ཆགས་ཐུབ་མེད་པ་ཤེས་ཐུབ་པར་་མ་ཟད། རྗེས་ལུས་བླུན་རྨོངས་ཀྱི་མུན་པའི་ར་བ་ལས་བརྒལ་ ཐུབ་མེད་པ་གསལ་པོ་རེད། སྔོན་འདས་ཀྱི་ལོ་རྒྱུས་ལ་ཕྱིར་་་་་ རྟོག་དང་། གྲགས་ཅན་མི་སྣ་དག་ལ་ཞིབ་འཇུག་བྱེད་པ་ནི་་་ ལོ་རྒྱུས་རྒྱུས་ལོན་དང་། མི་སྣ་འཚོལ་རྟོག་བྱེད་པ་ཙམ་མ་ཡིན་ པར། གྲགས་ཅན་མི་སྣའི་བརྗེད་དུ་མེད་པའི་ལོ་རྒྱུས་ཀྱི་ཕམ་ ཁ་དང་། སྐྱོ་གར་དེ་དག་གི་ཉམས་མྱོང་ལེན་པ་དང་། ཤེས་ཡོན་ ཅན་དེ་དག་གི་རླབས་ཆེན་གྱི་སྙིང་སྟོབས་དང་། ཕུགས་་་་་་་་་ བསམ་ལས་བཅུད་བཟང་ལེན་པ་ནི་ང་ཚོའི་མ་འོངས་འཕེལ་་་་་ འགྱུར་ཁྲོད་ལེགས་གྲུབ་ཡོང་བའི་རྩ་བ་ཡིན། དེ་བས་ཤེས་ ཡོན་ཅན་གྱི་བསམ་བློའི་སྙིང་སྟོབས་དང་། མི་གཞི་སྤྱོད་པ་ སོགས་ལས་ལེགས་ཆ་ཇི་སྙེད་ཅིག་“ཚུར་ལེན་“བྱ་རྒྱུ་ནི་བསམ་བློའི་འཚོ་བཅུད་ཀྱིས་དབུལ་བའི་ང་ཚོར་མཚོན་ན་དགོས་་་་་་་་ ངེས་ཤིག་རེད་འདོད་དོ།། ལྔ། མཇུག་ཏུ་རྗེས་ལུས་ཀྱི་མུན་ཁྲོད་དུ་བསམ་བློའི་མེ་སོན་་ ཆེས་ཐོག་མར་སྦར་བའི་བོད་ཀྱི་ཤེས་ཡོན་ཅན་ལུང་ཤར་རྡོ་རྗེ་་་ཚེ་རྒྱལ་ཁོང་ལ་རྗེས་དྲན་ཞུ་བ་དང་ལྷན་དུ། མདུན་བསྐྱོད་་་ ཀྱི་ལམ་བུ་གཅིག་པའི་ན་གཞོན་རྣམས་ལ་ཁོང་གི་སྙིང་སྟོབས་་་དང་། མི་གཞི། མཛད་སྤྱོད་སོགས་ལ་སློབ་སྦྱོང་མཛོད་ཅེས་ འབོད་སྐུལ་ཞུ་བ་ཡིན་ལ། དེ་ནི་རྗེས་ལུས་ཀྱི་མུན་པར་འཕྱན་ པའི་མི་རིགས་ཤིག་ལ་མཚོན་ན་ལམ་འཚོལ་གྱི་དཔལ་འབར་་་བརྟེན་པ་དང་གཉིས་སུ་མ་མཆིས་པས་སོ།། མཚམས་འདི་ནས་ལུང་ཤར་མཆོག་གིས་བཙོན་ནས་ བླངས་པའི་“མགུར་གླུ་“ཚན་པ་ཞིག་ངོ་སྤྲོད་ཞུས་ཏེ་རྩོམ་ཐུང་འདིའི་མཇུག་བསྡུ་རྒྱུ་ཡིན། མགུར་གླུ་ཚན་པ་འདིའི་ཁོང་གི་སྙིང་སྟོབས་དང་། མི་གཞི། བསམ་བློ་སོགས་ཀྱི་རིན་ཐང་གི་ངོས་ཟུར་འགའ་རེ་མཐོང་སྲིད་སྙམ། མགུར་གླུ་ནི་འདི་ལྟ་སྟེ། སྐྱིད་ཕྱོགས་ཀུན་དགེའི་བྱ་བ་འགའ་རྩོམ་ཚེ།། བར་ཆད་སྤྲིན་ནག་དྲག་པོའི་ཀློང་དུ་ཚུད།། དེ་དུས་གཤེད་མ་བརྒྱ་ཕྲག་མཐའ་ནས་བསྐོར།། རྩུབ་མོའི་ཚིག་བཅས་མིག་གཉིས་ས་ལ་དབྱུངས།། ཆུ་བུར་མིག་གཉིས་ས་ལ་དབྱུངས་ན་ཡང་།། ཡེ་ཤེས་སྤྱན་རས་འདི་ལ་དབྱུངས་ཐབས་ཅི།། མིག་ལོང་རྟག་ཏུ་མུན་པའི་རང་བཞིན་ལ།། བཙོན་ཁང་མུན་ནང་འཇུག་པ་ཨེ་མ་མཚར།། བསགས་པའི་རྒྱུ་ནོར་གཞན་གྱིས་འཕྲོག་ན་ཡང་།། འཕགས་པའི་ནོར་བདུན་འདི་ལ་འཕྲོག་ཐབས་ཅི།། གཞན་གྱིས་བཙོན་ཁང་མུན་པ་གཏིང་རིང་ཟེར།། རང་སྣང་འོད་གསལ་ཀློང་ཡངས་ཕུག་པ་ནས།། སྙོམས་ལས་འདུ་གསུམ་བཀའ་འབངས་ལུང་ཤར་བ།། རྡོ་རྗེ་ཚེ་རྒྱལ་ཞེས་པས་ཕྱག་བཅས་ཕུལ།། ཅེས་སོ།།







འགྱོད་བཤགས་དང་རྗེས་དྲན།

       _______________ལུང་ཤར་རྡོ་རྗེ་ཚེ་རྒྱལ་ལ་རྗེས་དྲན་དུ།

འཛུམ་གྲོལ། 1 ལུང་ཤར་རྡོ་རྗེ་ཚེ་རྒྱལ་མཆོག་ནི་བོད་ཀྱི་བློ་འབྱེད་བསམ་ བློ་མཁན་དང་། ནུབ་ཕྱོགས་ཀྱི་རང་དབང་དང་དམངས་་་་་་ གཙོའི་ལམ་བཟང་གི་འོད་སྣང་ཆེས་ཐོག་མར་མཐོང་བའི་མི་བུ་་ཞིག་སྟེ། རང་ཅག་བླུན་རྨོངས་དང་། སྒྱིད་ལུགས་ཀྱིས་་་ བཅིངས་པའི་སྒེར་གཅོད་དབང་སྒྱུར་གྱི་ལམ་ལུགས་ལ་བཅོས་སྒྱུར་དང་། གོང་འཕེལ་གཏོང་བའི་བསམ་བློ་ཐུགས་ལ་འཁྲུངས་ ཤིང་། བོད་ཀྱི་དོན་དུ་དམངས་གཙོའི་ལམ་བཟང་དང་མཐུན་ པའི་འོས་འདེམས་ཀྱི་ལུགས་བཟང་སྤེལ་བའི་ལས་འགུལ་ཆེས་ཐོག་མར་སྤེལ་བའི་རླབས་ཆེན་གྱི་ཕྱག་ལས་གནང་མཁན་ཞིག་ཀྱང་ཡིན་ནའང་། བོད་ཀྱི་ལུགས་གཉིས་ཟུང་འབྲེལ་ལམ་་་་་ ལུགས་ཀྱི་སྲོལ་རྒྱུན་རྙིང་པའི་བག་ཆགས་འོག་ཏུ་འཁོབ་ཅིང་།གྱོང་བའི་དེ་དུས་ཀྱི་“ས་སྐྱོང་ཆེན་མོ་”དང་། ཆོས་རྒྱལ་དུ་་་་ འདོད་པའི་སྒེར་གཅོད་སྲིད་དབང་བཟུང་མཁན་འཁོར་དང་་་་་བཅས་པས་སྒེར་གཅོད་སྲིད་དབང་ལ་གནོད་པར་དོགས་ནས་་་་ཞུ་གཏུགས་བྱས་ཤིང་། མ་ཉེས་ཁ་གཡོགས་དང་། ཞྭ་མོ་སྐོན་ ནས་ཁྲིམས་མུན་དུ་བཙུད་པར་མ་ཟད། སྤྱན་གཉིས་ཀ་གཏོན་ པ་དང་། འབུ་སྲིན་སྡིག་པའིི་བཙོན་ཁང་དུ་བཅུགས་པ་་་་་་་ སོགས་སྡུག་རྩུབ་ཀྱི་ཉེས་ཆད་ལྕི་མོས་མནར་གཅོད་བཏང་བ་་་་སོགས་ནི་ཀླ་ཀློ་སྒེར་གཅོད་དབང་སྒྱུར་པའི་བྱ་སྤྱོད་ཁོ་ན་སྟེ། ཤེས་རིག་དར་བའི་མི་ཡི་བྱ་སྤྱོད་ལས་ཡོངས་སུ་འདས་པ་ཞིག་རེད། དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་ལ་མཚོན་ན་སྐྱོ་གར་ཆེན་ པོ་ཞིག་ཡིན་པར་མ་ཟད། ལྷག་པར་དུ་རང་ཅག་བོད་མི་རིགས་ ཀྱི་ལོ་རྒྱུས་སྐྱོ་གར་ཆེན་པོ་ཞིག་དང་། ནོར་འཁྲུལ་དང་ནག་ ཉེས་ཀྱི་ལོ་རྒྱུས་ནག་པོ་ཞིག་ཀྱང་ཅི་ལ་མིན། 2 མིའི་རིགས་ཀྱི་བློ་རིག་ཡར་རྒྱས་དང་དུས་རབས་ཀྱི་འགྱུར་ ལྡོག་ལ་བརྟེན་ནས་ལམ་ལུགས་དང་། བྱ་སྤྱོད་གང་ལའང་་་་ འགྱུར་བ་ཐེབས་བཞིན་པ་ནི་སུས་ཀྱང་ལྡོག་ཏུ་མེད་པའི་ཆོས་་་་ཉིད་ཡིན་ལ། ད་བར་བོད་ཀྱི་སྤྱི་ཚོགས་ལ་ཡང་དར་རྒུད་ཀྱི་ འཕོ་འགྱུར་ཅི་རིགས་བྱུང་ཞིང་། ད་ལྟའི་དུས་རབས་ཉེར་་་་་་་ གཅིག་པ་སྟེ་བརྡ་འཕྲིན་གྱི་དུས་རབས་གསར་པ་འདིར་གཞི་་་་་ གནས་མི་བུ་གོ་རྟོག་སད་ཅིང་། ཤེས་རིག་ཡར་རྒྱས་ཅུང་ཟད་ ཕྱིན་པ་དང་། རང་ཅག་གི་ནོར་འཁྲུལ་དང་ཉེས་བྱས་ལ་ཕྱིར་ མིག་དང་བསམ་གཞིག་བྱེད་པའི་མགོ་རྩོམ་བཞིན་ཡོད་ནའང་།ང་ཚོའི་ཆེས་ཆེ་བའི་ནོར་འཁྲུལ་གྱི་ཉེས་བྱས་གཅིག་ངོས་ཟིན་མི་འདུག་ལ།ད་དུང་སྣང་མེད་དུ་ལུས་འདུག་སྟེ། བོད་ཀྱི་བློ་ འབྱེད་བསམ་བློ་པའམ་ཤེས་ཡོན་ཅན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་་་་ བརླགས་པའི་ཉེས་བྱས་ལ་ད་དུང་“འགྱོད་བཤགས་”དང་“རྗེས་དྲན་”བྱེད་མཁན་མི་འདུག་པ་དེ་རེད། སྤྱིར་ལོ་རྒྱུས་ཀྱི་ནོར་འཁྲུལ་ངོས་ཟིན་ཞིང་། “ཉེས་བྱས་” ལ་འགྱོད་བཤགས་དང་རྗེས་དྲན་བྱེད་པའང་དོན་དུ་དེ་དག་ལ་ཕྱིར་བཅོས་བྱེད་པའི་ཕྱིར་དང་ཕྱིན་ཆད་དེ་ལྟ་བུའི་ལོ་རྒྱུས་ཀྱི་་་ནོར་འཁྲུལ་གྱི་ནག་ཉེས་མི་སྐྲུན་པའི་ཆེད་དུ་དང་། ལྷག་པར་ དུ་དུས་རབས་ཀྱི་འགྱུར་འགྲོས་དང་མཐུན་པར་འཇིག་རྟེན་གྱི་མི་བུ་རླབས་ཆེན་དག་གི་བསམ་སྤྱོད་རླབས་ཆེན་དག་“ཚུལ་་་་ལེན་”བྱེད་པའི་ཆེད་དུ་ཡིན། སྔར་བྱས་ནོར་འཁྲུལ་གྱི་ཉེས་ བྱས་ངོས་མི་ཟིན་ཞིང་། ད་དུང་དེ་ཉིད་བྱས་རྗེས་སུ་སྒོམ་ནས་ གཟི་བརྗིད་དུ་མཐོང་བའི་མི་རིགས་དེ་ནི་དོན་ངོ་མར་རེ་བ་་་་མེད་པའི་མི་རིགས་སོ།། ལོ་རྒྱུས་ཀྱི་ནོར་འཁྲུལ་གྱིས་བསླད་པའི་མི་རིགས་ཤིག་ལ་ མཚོན་ན་གལ་ཆེན་གྱི་ལོ་ཚིགས་རེ་རེ་ནི་འགྱོད་བཤགས་དང་། རྗེས་དྲན། ཕྱིར་བཅོས་བྱེད་པའི་དུས་ཚིགས་འགངས་ཆེན་་་་་ ཞིག་ཡིན་ཀྱང་། ང་ཚོའི་གལ་ཆེན་གྱི་ལོ་ཚིགས་རེ་རེ་ལ་ཐུག་ ཀྱང་སྔོན་མ་ལྟར་ཁུ་སིམ་དུ་འདུག་ལ། ཕྱིར་རྟོག་དང་། དགག་ སྒྲུབ་མེད་པར་མ་ཟད། ཐ་ན་འགྱོད་བཤགས་དང་རྗེས་དྲན་་་་་་ ཀྱང་ཉུང་ཉུང་དུ་སྣང་ལ། དེ་ལས་ཀྱང་རང་ཅག་གི་རླབས་་་་་ ཆེན་སྐྱེས་བུ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་བརླགས་པའི་ཉེས་བྱས་ལ་འགྱོད་བཤགས་དང་རྗེས་དྲན་གྱི་རྩོམ་ཡིག་ནི་ཉིན་མོའི་སྐར་་་་མ་ལྟར་མཐོང་རྒྱུ་མི་འདུག་པས། ཁོང་གི་བསམ་བློ་དང་སྙིང་ སྟོབས་བརྗོད་པའི་རྩོམ་ཡིག་ནི་དེ་བས་ཀྱང་རི་རྭའི་དཔེ་ཟླ་རེད། རང་ཅག་གི་ལོ་རྒྱུས་ལ་མཚོན་ན་ནོར་འཁྲུལ་གྱི་བྱས་ཉེས་ཀྱིས་ནག་ཐིག་མ་བཏབ་ས་མེད་ཀྱང་། ལྷག་པར་དུ་ལུང་ཤར་བའི་ འཕེལ་རྒྱས་ཀྱི་ཆེད་དུ་ལེགས་བཅོས་དང་དམངས་གཙོའི་་་་་་་་ལུགས་བཟང་ནང་འདྲེན་བྱེད་པའི་རླབས་ཆེན་གྱི་བསམ་སྤྱོད་འབུར་འཇོམས་བྱས་ཤིང་། མི་གཞི་དང་ཀུན་སྤྱོད་ཀྱི་རྒལ་་་་ ཚིགས་སྲ་བའི་སྐྱེས་བུ་ལུང་ཤར་མེད་བརླགས་བཏང་བའི་ལོ་་་་་ རྒྱུས་ཀྱི་ནོར་འཁྲུལ་ལམ་བྱས་ཉེས་ནི་ཆེས་ཆེ་བའི་ནོར་འཁྲུལ་་ཞིག་ཡིན་པས་འགྱོད་བཤགས་དང་རྗེས་དྲན་བྱ་འོས་པ་ཞིག་་་་་ཡིན་ལ། “ཕྱིར་བཅོས་”སམ་ཕྱིན་ཆད་ནོར་འཁྲུལ་གྱི་བྱས་ ཉེས་དེ་ལྟ་བུ་མི་འབྱུང་བའི་དམ་བཅའ་འཇོག་དགོས་པ་ཞིག་་་་་དང་། ཁོང་གི་རླབས་ཆེན་གྱི་བསམ་བློ་དང་། སྙིང་སྟོབས། སྤྱོད་པ་སོགས་ནི་དེང་སང་རང་ཅག་“ལྟོ་སྐྱ་གོས་ཧྲུལ་”དུ་གྱུར་པའི་སྐབས་འདིར་“ཚུལ་ལེན་”བྱེད་དགོས་པ་ཞིག་རེད། 3 ལུང་ཤར་རྡོ་རྗེ་ཚེ་རྒྱལ་མཆོག་ནི་ངེས་པ་དོན་གྱི་ཤེས་ཡོན་ཅན་ཞིག་ཡིན་ལ། ཁོང་གི་བློ་འབྱེད་བསམ་བློ་དང་། མི་ གཞི་སྙིང་སྟོབས། སྲོག་ལ་བབ་ཀྱང་དྲང་བདེན་སྐྱོང་བའི་བློ་་ སྤོབས་དེ་དག་ལ་བལྟས་ན་ར་སྤྲོད་བྱེད་ཐུབ་ལ། གཡོ་རྫུན་གྱི་ སྒེར་གཅོད་དབང་སྒྱུར་ལ་མགོ་བོ་མི་སྒུར་བའི་བདེན་པའི་་་་་་་་དཔའ་བོ་ཞིག་སྟེ། ཁོང་གི་“ལས་འགུལ་”དེའི་རྐྱེན་གྱིས་སྒེར་ གཅོད་དབང་སྒྱུར་སྲིད་གཞུང་ལ་ངོ་རྒོལ་གྱི་ལྐོག་ཇུས་ཡོད་པར་ཉེས་མེད་ཉེས་འགེལ་དང་། ཨུ་རུ་སུའི་དམར་པོའི་སྲིད་ཇུས་ བོད་ལ་སྤེལ་འཆར་ཡོད་པའི་ཞྭ་མོ་གཡོགས་ནས་ཁྲིམས་ལ་་་་་་སྦྱར་བས། ཁོང་གིས་བདེན་དོན་དང་། གནས་ལུགས་ཀྱི་ གསལ་བཤད་ཇི་ལྟར་བྱས་ཀྱང་རེ་བ་དོན་མེད་དུ་གྱུར་པས། མཐའ་མཇུག་ཁོང་གིས་འདི་སྐད་གསུང་འདུག་སྟེ། “ངས་ཞུས་པར་བདག་སྤྲོད་མ་གནང་ན་ད་ནི་ཁྱོད་ཚོས་ག་རེ་་་་་གནང་ན་ཡང་གནང་རོགས་གནང་།” ཞེས་གཡོ་རྫུན་གྱི་ སྒེར་གཅོད་སྲིད་གཞུང་ལ་མགོ་མ་སྒུར་ཞིང་། དྲང་བདེན་གྱི་ ཆེད་དུ་ཉེས་ཆད་ལྕི་མོ་ཁུར་བ་སོགས་ཀྱིས་ཁོང་གི་མི་གཞི་དང་།སྙིང་སྟོབས་མཚོན་ཞིང་། དེས་ཤེས་ཡོན་ཅན་རྣལ་མ་ཞིག་་་་་་ ཡིན་པའི་བདེན་སྤང་བྱས་ཡོད་པ་མ་ཡིན་ནམ། དེ་དུས་ཀྱི་བོད་མིའི་བསམ་སྤྱོད་ལ་ལྟོས་ན་ཁོང་ནི་བློ་འབྱེད་་་་་བསམ་བློ་བ་ཞིག་ཀྱང་ཡིན་ཏེ། དེ་དུས་བོད་མིས་ས་སྒང་ལེབ་ ཟླུམ་གང་ཡིན་གྱི་རྒྱུན་ཤེས་ཙམ་ལའང་བློ་མ་རྒྱས་པའི་སྐབས་་་སུ་ཁོང་གིས་རང་དབང་དང་། དམངས་གཙོའི་ལམ་བཟང་ དང་མཐུན་པའི་”སྐྱིད་ཕྱོགས་ཀུན་མཐུན་“ནམ་”ལུང་ཤར་ལས་འགུལ་“སྤེལ་བའི་འཆར་གཞི་སོགས་བློ་འབྱེད་ཀྱི་བསམ་བློའི་སྒྲོན་མེ་སྦར་བས་མཚོན་བོད་ཀྱི་སྒེར་གཅོད་སྲིད་ལུགས་འདི་་ ___________________ 《བོད་ཀྱི་རིག་གནས་ལོ་རྒྱུས་སྒྱུ་ཆ་བདམས་བསྒྲིགས___འདོན་ཐེངས་གཉིས་པ》་ལས་དྲངས། ལེགས་བཅོས་མ་བྱས་ན་ཡར་རྒྱས་ཀྱི་ལམ་དུ་འགྲོ་ཐབས་མེད་་_པའི་གནས་ལུགས་རྟོགས་ཤིང་། དེ་ཉིད་བཅོས་སྒྱུར་བྱེད་ཆེད་ དམངས་གཙོའི་འོས་འདེམས་གྱི་ལམ་ལུགས་སྤེལ་བའི་འཆར་་གཞིའི་ཐོག་མར་ལམ་ལུགས་དེར་བློ་མོས་ཡོད་མེད་ཀྱི་གྲོས་་་་་འཆར་ཙམ་དུ་བཀོད་རྗེས། མོས་མཐུན་ཡོད་པའི་མིའི་ཕྱག་ རྟགས་བཀོད་ནས་ཀ་ཤག་སྲིད་གཞུང་ལ་གྲོས་གཞི་ཙམ་དུ་་་་་་་འབུལ་བའི་འཆར་གཞི་བཀོད་པ་སོགས་ཁོང་གི་རླབས་ཆེན་གྱི་བསམ་སྤྱོད་དེ་དག་ལ་བལྟས་ན་བློ་འབྱེད་བསམ་བློ་བ་མིན་པར་སུ་ཡིས་འདོད། 4 སྲོལ་རྒྱུན་རྙིང་པའི་སྟོབས་ཤུགས་ཀྱི་རྒྱབ་ལྗོངས་མཐུག་པའི་་་་་བོད་མིའི་མདུན་ནས་གུ་དོག་པའི་”སྲིད་ལུགས་བཅོས་སྒྱུར་“གྱི་དགོང་བཞེད་དང་”ལས་འགུལ་“སྤེལ་བ་ནི་ལས་སླ་མོ་ཞིག་་་་་་མིན་ལ། རླབས་ཆེན་གྱི་མི་བུ་གང་ཞིག་གི་རིན་བྲལ་གཅེས་ སྲོག་གཏའ་མར་འབུལ་དགོས་འདུག་སྟེ། ལུང་ཤར་རྡོ་རྗེ་ཚེ་ རྒྱལ་མཆོག་གིས་བཙོན་ནས་བླངས་པའི་མགུར་གླུ་ལས།”སྐྱིད་ཕྱོགས་ཀུན་དགེའི་བྱ་བ་འགའ་རྩོམ་ཚེ། །བར་ཆད་སྤྲིན་ནག་ དྲག་པོའི་ཀློང་དུ་ཚུད། །“ཅེས་པ་ལྟར་རླབས་ཆེན་གྱི་སྐྱེས་བུ་ སུ་ཞིག་གིས་སྐྱིད་ཕྱོགས་ཀུན་དགེའི་བྱ་བ་འགའ་རྩོམ་ཚེ། ཁོར་ ཡུག་དོག་མོ་དེ་ནས་བར་ཆད་སྤྲིན་ནག་དྲག་པོའི་ཀླུང་དུ་ཚུད་་་པར་ཐེ་ཚོམ་མེད་ལ། ཁོང་གིས། ”དེ་དུས་གཤེད་མ་བརྒྱ་ཕྲག་ མཐའ་ནས་བསྐོར། །རྩུབ་མོའི་ཚིག་བཅས་མིག་གཉིས་ས་རུ་ དབྱུང་། །“ཞེས་གསུངས་པ་ལྟར། དེ་དུས་སྒེར་གཅོད་སྲིད་ དབང་བཟུང་བའི་གཤེད་མ་བརྒྱ་ཕྲག་གིས་མཐའ་ནས་བསྐོར་་་ཏེ།རྒྱོབ་སོད་ཀྱི་རྩུབ་མོའི་ཚིག་བཅས་མིག་གཉིས་གྲི་རྩེ་རྣོན་་་་་པོས་ས་རུ་དབྱུངས་བའི་སྡུག་རྩུབ་ཀྱི་ཁྲིམས་ཆད་བཏང་བའི་་་་་ མནར་གཅོད་ནི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་དང་། བཟོད་པར་དཀའ་བའི་དམྱལ་བའི་སྡུག་བསྔལ་ཞིག་རེད་ཨང་། ད་དུང་ཡང་སྙིང་མ་ཚིམས་པར། སྡིག་སྡོམ་འབུ་སྲིན་གྱིས་་་་་ གང་བའི་བཙོན་དོང་དུ་འཕངས་ནས་མནར་གཅོད་བཏང་བ་་་་སྟེ། ཁོང་གིས། ”མིག་ལོང་རྟག་ཏུ་མུན་པའི་རང་བཞིན་ལ། ། བཙོན་ཁང་མུན་ནང་འཇུག་པ་ཨེ་མ་མཚར། །“ཞེས་གསུངས་ པ་ལྟར་ལགས་ཤིང་། ཕྱིས་བཙོན་གྲོལ་ཐོབ་རྗེས་བཙོན་ཁང་གི་ ས་འཁྱགས་དང་། འབུ་སྲིན་གྱི་གནོད་པས་དབང་པོ་བདེ་ཐང་ མིན་པ་ཆགས་ཤིང་མཐར་སྐུ་གཤེགས་པ་རེད། གུ་དོག་གི་་་་ སྲོལ་རྒྱུན་རྙིང་པའི་སྤྱི་ཚོགས་ལེགས་བཅོས་བྱེད་པ་དང་། དྲང་ བདེན་ཁྲིམས་སྐྱོང་བྱེད་རྒྱུ་དེ་དེ་འདྲའི་དཀའ་ཁག་ཆེན་པོ་བྱུང་བའང་། རང་ཅག་གཅིག་པུ་མིན་ཏེ། གནའ་རབས་ཀེ་རི་སིའི་ སོ་ཁུ་ར་ཐེ་དང་།ཡོ་རོབ་གླིང་གི་ཧྥོར་ཐེར་སོགས་ཀྱི་རྣམ་ཐར་་་་་ལ་བལྟས་པས་ཀྱང་ཤེས་ཐུབ་ལ། འགྲོ་བ་མིའི་རིགས་ཚང་་་་་ མའི་སྲོལ་རྒྱུན་རྙིང་པ་བཅོས་སྒྱུར་གྱི་ཐོག་ནས་སྐྱོ་གར་གྱི་ལོ་་་་་རྒྱུས་མང་པོ་བྱུང་མྱོང་ཡོད་པ་རེད། ཡིན་ནའང་ག་ལེ་ག་ལེར་ ལོ་རྒྱུས་ཀྱི་ནོར་འཁྲུལ་དང་ཉེས་བྱས་ལ་ངོས་ཟིན་ཐོབ་ཅིང་། ལེགས་བཅོས་བྱས་པ་ལས་ད་གཟོད་ཡར་རྒྱས་ཀྱི་ལམ་དུ་སོང་་་་ དང་འགྲོ་བཞིན་པ་ལགས་པས་རང་ཅག་ཀྱང་སྔོན་མ་ལྟར་ཨུ་་་་ ཚུགས་མཐའ་སྐྱེལ་དང་། ཕྱོགས་ཞེན་འཐེན་འཁྱེར་མི་བྱེད་ པར་ཕྱིར་རྟོགས་དང་བསམ་གཞིགས་ནན་མོ་བྱས་ཏེ། རང་་་་་་ དབང་དང་དཀྱེལ་ཡང་གི་དུས་རབས་དང་མི་གྲལ་དུ་སྙེགས་་་་་དགོས་པ་སྨོས་མེད་རེད། 5 ལུང་ཤར་རྡོ་རྗེ་ཚེ་རྒྱལ་མཆོག་སྤྱི་ལོ་༡༩༤༠ལོར་སྐུ་གཤེགས་ ནས་ལོ་འཁོར་༧༠ལོན་པའི་ལོ་སྟེ་༢༠༠༩ལོ་ནི་གལ་ཆེན་གྱི་ལོ་་་ཚིགས་ཤིག་ཡིན་ལ་འགྱོད་བཤགས་དང་རྗེས་དྲན་གྱི་དུས་་་་་་་་ ཚིགས་གལ་ཆེན་ཞིག་རེད། ལོ་དེར་རྗེས་དྲན་བྱེད་མཁན་མི་ འདུག་ལ་བོད་ཀྱི་ཤེས་ཡོན་པའི་སྡེར་ཁོང་གི་རླབས་ཆེན་གྱི་་་་་་ བསམ་བློ་དང་། ལྷད་མེད་ཀྱི་མི་གཞི། དྲང་བདེན་གྱི་སྙིང་ སྟོབས། བློ་འབྱེད་ཀྱི་ལས་འགུལ་དེ་དག་མཐོང་བའི་མིག་་་་་་ དབང་ལྡོང་བ་འདྲ། ཡིན་ནའང་ཁོང་གི་རླབས་ཆེན་གྱི་བསམ་སྦྱོར་རེ་རེའི་གཟི་ འོད་དང་། རིན་ཐང་རེ་རེ་ལ་འཚོལ་རྟོག་་གདེང་འཇོག་བྱེད་ འོས་ལ། ངས་འདི་ནས་རླབས་ཆེན་གྱི་སྐྱེས་བུ་ཁོང་ཉིད་མེད་ བརླག་བཏང་བའི་ནོར་འཁྲུལ་གྱི་བྱ་ཉེས་ལ་འགྱོད་བཤགས་་་་་་་དང་། རྗེས་དྲན་གྱི་དོད་དུ་རྩོམ་ཐུང་འདི་བྲིས་པ་ཡིན་ནོ།།







ལུང་ཤར་གདེང་འཇོག དང་པོ། ___________________ལོ་རྒྱུས་ལས་ལུང་ཤར་གདེང་འཇོག་བྱེད་སྟངས་སྐོར་ཞིག ཁམས་འཛུམ་གྲོལ། 〈བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གྲགས་ཅན་ལུང་་་་་ ཤར་རྡོ་རྗེ་ཚེ་རྒྱལ་མཆོག་ད་བར་བོད་ཀྱི་ཤེས་ཡོན་པའམ་ཡོན་ཏན་པའི་མིག་ནང་ནས་ཁ་གཅིག་གིས་ལོ་རྒྱུས་ཀྱི་མི་སྣ་གྲགས་ཅན་དུ་མཐོང་ནས་དྲན་གསོ་བྱེད་བཞིན་ཡོད་ལ། ཁ་གཅིག་ གིས་ལོ་རྒྱུས་ཀྱི་ཉེས་ཅན་མི་སྣ་ཞིག་ཏུ་མཐོང་ནས་ངན་སྨོད་་་བྱེད་བཞིན་པ་སོགས་མདོར་ན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གདེང་འཇོག་སྐོར་གྱི་ལོ་རྒྱུས་མང་པོ་ཞིག་སྤེལ་བཞིན་མཆིས་པ་ལས་འདིར་ལུང་ཤར་ཞིབ་འཇུག་གི་དཔྱད་གཞིར་དམིགས་ནས་ལོ་རྒྱུས་ཆེ་ཁག་འགའ་ཞིག་ལས་ལུང་ཤར་གདེང་འཇོག་བྱེད་་་་་་་་ སྟངས་སྐོར་ཞིག་ཕྱོགས་སུ་བཏུས་པ་ཡིན།〉 _____མཆན།

ཞྭ་སྒབ་པ་ན་རེ། ཤིང་ཁྱི་༡༩༣༤ཟླ་༡་ཚེས་༡༠ཉིན་སྐྱབས་མགོན་རྒྱལ་བའི་༧རྒྱལ་ཚབ་ཀྱི་ཁྲིར་ཕེབས་པ་དང་། སྲིད་བློན་གླང་མདུན་གུང་ཀུན་ དགའ་དབང་ཕྱུག་ནས་ཕྱག་རོགས་གནང་བ་རེད། རིང་པོར་ མ་སོང་བ་ན། རྩིས་དཔོན་ལུང་ཤར་གྱིས་འགོ་ཁྲིད་འོག་གཞུང་ ཞབས་སེར་སྐྱ་མང་པོ་ཞིག་ཟུར་འཚོགས་བྱེད་པའི་གནས་ཚུལ་ཐོན་པ། ལ་ལས་དུས་བསྟུན་གསར་བརྗེའི་ལུགས་སྲོལ་ལྟར་་་་ དབང་ཆར་མོས་སྙོམ་ལྟ་བུ་དགོས་ཚུལ་གྱི་སྤྱི་དོན་ཡག་པོ་ཞིག་་རེད། ཅེས་དང་། ལ་ལས་ནི་ཆབ་སྲིད་མགོ་མཇུག་ལྡོག་པའི་ དམར་པོའི་ལམ་ལུགས་ཡིན་ཚུལ་བརྗོད་དེ་བར་གནས་ཀྱི་་་་་་་གཞུང་ཞབས་མང་ཆེ་ཅི་ཆ་མ་རྟོགས་པར་གནས་མུར། གསར་ བརྗེ་པའི་ནང་ཚོགས་ཁོངས་རིམ་བཞི་ཀ་ཤོད་པ་ཆོས་རྒྱལ་ཉི་་་་མ་ནས་ནང་གནས་རྣམས་བཀའ་བློན་ཁྲི་སྨོན་པར་ཞུས་པ། གློ་བུར་བཀའ་བློན་ཁྲི་སྨོན་མཆོག་ནས་རྒྱལ་ཚབ་རྭ་སྒྲེང་རིན་་་པོ་ཆེར་གནས་ལུགས་སྙན་ཞུ་མཛད་དེ་ལམ་སེང་འབྲས་སྤུངས་སུ་ཕེབས། དེ་ཉིན་འཕྲལ་མར་ཤོད་གཟིམ་ཆུང་འགག་ནས་་་་་ རྩིས་དཔོན་ལུང་ཤར་དང་། རིམ་བཞིན་ཀ་ཤོད་པ་གཉིས་འཛིན་ བཟུངས་དོ་དམ་གནང་ཞིང་། ཧོར་ཞིབ་མཁན་དྲུང་མཁྱེན་་་་ རབ་དབང་ཕྱུག སྐུ་སྲུང་མདའ་དཔོན་སྣང་དཀར་བ་དབང་་་་ ཕྱུག་མཐར་ཕྱིན། ལྷ་གཉེར་བདེ་མཁར་བ། “ཀླུ་ཁང་པ།” ཚེ་ དབང་རབ་བརྟན། རྩེ་དྲུང་བསྟན་པ་འཇམ་དབྱངས་བཅས་ བཞི་སྦྲེལ་ལ་ཞིབ་གཅོད་བྱེད་རྒྱུ་གནང་སྟེ། ཀ་ཤོད་པའི་ཞུ་་་་ ཁོངས་སུ་ལུང་ཤར་ཅན་ནས་“སྐྱིད་ཕྱོགས་ཀུན་མཐུན་”ཞེས་་་་་པའི་ཚོགས་པ་སྒྲིག་འཛུག་གིས་ཆབ་སྲིད་ལ་ལེགས་བཅོས་་་་་་་ཡོད་པ་ཕྱི་རྒྱར་བརྗོད་མཁས་ཙམ་ལས་ནང་དོན་བཀའ་བློན་བླ་མ་དགེ་འདུན་ཆོས་དར་དང། བཀའ་བློན་ཁྲི་སྨོན་པ་གཉིས་ མེད་པ་བཟོས་རྗེས་ཆབ་སྲིད་ལུང་ཤར་ཅན་རེ་ཟུང་ནས་ལེན་་་་རྒྱུའི་ནང་གྲོས་ཡོད་ཚུལ་ཞུས་པ་ལྟར་ཡིག་ཆ་ཁག་དང་། བྱེད་ གཏེ་རྣམས་ཨ་རུ་སྡེར་བཏོན་བགྱིས་པར་བྱེད་གཙོ་རྩིས་དཔོན་་ལུང་ཤར་ལ་མིག་འབྲས་ཕྱུང་བའི་ཉེས་པ་དང་། ལེ་ཐོག་བྱེད་ གཏེ་སེར་སྐྱ་བརྒྱད་གནས་དབྱུང་གིས་འཛིན་བཟུང་རྒྱང་ཕུད་་་་དུ་གནས་པ་སོགས་བཀའ་དཔྱད་འཁྲུན་གཅོད་གནང་། ད་་་ མཚམས་བསམ་ཞིབ་སྐབས། རྩིས་དཔོན་ལུང་ཤར་ནི་ཨིང་་་་ ལེན་དུ་ལོ་འཁོར་ལྷག་ཙམ་བསྡད་པས་ཡར་ཐོན་རྒྱལ་ཁབ་ཀྱི་་་སྲོལ་ལ་རྗེས་སུ་ཞུགས་ཏེ་གསར་བརྗེའི་བཅོས་བསྒྱུར་གྱི་གོམ་་་་ འགྲོས་ཤིག་ལས། གཞུང་སྲིད་མགོ་མཇུག་ལྡོག་པའི་སྤྱི་ཚོགས་ དམར་པོའི་ལམ་ལུགས་ནི་ཨེ་ཡིན་སྙམ། དེ་ཡང་འཛམ་གླིང་རྒྱལ་ཁབ་ཚང་མར་གསར་བརྗེ་ཐོོག་ མར་ལངས་དུས་སྐབས་བབས་དཔུང་ཤུགས་ཅན་རེ་ཟུང་ལ་མ་་གཏོགས། ཐོག་མར་གསར་བརྗེ་པ་ཚང་མ་ཕམ་ཉེས་བྱུང་་་་་་་ བ་ཤ་སྟག་གི་ལོ་རྒྱུས་མང་པོ་བྱུང་དང་། འབྱུང་བཞིན་པ་ལྟར་ རེད། ཞྭ་སྒབ་པས་བརྩམས་པའི་《བོད་ཀྱི་སྲིད་དོན་རྒྱལ་རབས་》ལས་དྲངས། དམུ་དགེ་བསམ་གཏན་ན་རེ། རྒྱལ་དབང་བཅུ་གསུམ་པ་ཆེན་པོ་གཤེགས་ནས་ཟླ་བ་གཉིས་ཙམ་ལ་སྲིད་བཀའ་ལྷན་རྒྱས་ནས་གཞུང་དོན་བསྒྲུབས། དེ་ནས་སྲིད་འཛིན་རྒྱལ་ཚབ་ཅིག་དགོས་ཚུལ་གྲོས་བསྡུར་བྱས་ཏེ། དགའ་ལྡན་ཁྲི་པ་ལས་ཐོག་པ་མི་ཉག་ཨ་མི་ཡེ་ཤེས་དབང་ ལྡན་དང་། རྭ་སྒྲེང་ཧོ་ཐོག་ཐུ་འཇམ་དཔལ་ཡེ་ཤེས་བསྟན་པའི་ རྒྱལ་མཚན། ཕུར་ལྕོགས་ཡོང་འཛིན་སྤྲུལ་སྐུ་ཐུབ་བསྟན་་་་་་ བྱམས་པ་ཚུལ་ཁྲིམས་གསུམ་གྱི་མཚན་ཤོག་ཟན་རིལ་བསྒྲིལ་་་་ ནས་རྩེ་འཕགས་མཆོག་ལོ་ཀེ་ཤྭ་རའི་སྤྱན་སྔར་སྲིད་བཀའ། དྲུང་རྩིས། ཚོགས་འཐུས་བཅས་པའི་དབུས་སུ་དགའ་ལྡན་ཁྲི་ ཟུར་བྱམས་པ་ཆོས་གྲགས་སང་གིས་ཐུགས་སྨོན་བདེན་ཚིག་་་་་བརྗོད་བཞིན་ཟན་རྟགས་བསྒྲིལ་བས་རྭ་སྒྲིང་ཧོ་ཐོག་ཐུ་ཐོན་པ་་ལྟར་ཤིང་ཁྱི་༡༩༣༤ལོའི་ཟླ་༡་ཚེས་༡༠ཉིན་རྒྱལ་ཚབ་ཀྱི་ཁྲིར་་་་་་་ ཕེབས། དེ་ནས་རིང་པོ་མ་སོང་བར། རྩིས་དཔོན་ལུང་ཤར་གྱི་ འགོ་ཁྲིད་ཁའི་གཞུང་ཞབས་མང་པོ་ཞིག་ཟུར་འཚོགས་བྱེད་་་་་་པའི་གནས་ཚུལ་ཐོན། ལུང་ཤར་དེ་ནི་ཕྱི་རྒྱལ་དུ་འདུག་མྱོང་བས་ཡར་ཐོན་་་་་ རྒྱལ་ཁབ་ཀྱི་ལམ་ལུགས་མཐོང་སྟབས། གསར་བརྗེའི་བཅོས་ བསྒྱུར་བྱེད་རྒྱུ་བྱས་པ་རེད་ཟེར་སྲོལ་འདུག གང་ལྟར་རྩིས་ དཔོན་ལུང་ཤར་སོགས་འཛིན་བཟུང་དང་། ལུང་ཤར་གྱི་མིག་ བཏོན། གཞན་དག་གནས་དབྱུང་སོགས་ཀྱི་ཁྲིམས་བཅད།

   དམུ་དགེ་བསམ་གཏན་གྱིས་བརྩམས་པའི་《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་》ལས་དྲངས།

རྒྱལ་མོ་འབྲུག་པ་ན་རེ། རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་སྤྱི་ལོ་༡༩༣༤ལ་གཞུང་སའི་དྲུང་རྩིས་སོགས་ཚོགས་འདུ་རྒྱས་འཛོམས་སྟེང་རྒྱལ་ཚབ་གསར་བསྐོའི་བྱེད་ཕྱོགས་སྐོར་གྲོས་ཀྱི་སྙིང་པོར། རྭ་སྒྲེང་རིན་པོ་ཆེ་ ཐུབ་བསྟན་འཇམ་དཔལ་ཡེ་ཤེས་རྒྱལ་ཚབ་གསར་བསྐོ་དང་གླང་མདུན་ཀུན་དགའ་དབང་ཕྱུག་སྔར་མུས་སུ་སྲིད་བློན་ལས་རོགས་བསྐོ་འཇགས་བྱས། དེའི་ཚེ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གཙོས་་་ པའི་དཔོན་རིགས་འགའ་དབྱིན་ཇིའི་ངན་སྦྱོར་འོག་ཤོར་ཏེ། ལྐོག་ཏུ་“སྐྱིད་ཕྱོགས་ཀུན་མཐུན་”ཞེས་པའི་གསང་བའི་ཚོགས་པ་ཞིག་སྒྲིག་འཛུགས་ཀྱིས་གཞུང་གི་སྲིད་དབང་འཕྲོག་རྩིས་་་་་ ཡོད་པར་བརྟེན། རྭ་སྒྲེང་གཙོས་པའི་བོད་གཞུང་ནས་ལུང་ཤར་ བ་རྡོ་རྗེ་ཚེ་རྒྱལ་གྱི་མིག་འབྲས་བཏོན་པ་སོགས་ཁྲིམས་གཅོད་ ཚ་ནན་བྱས།

རྒྱལ་མོ་འབྲུག་པས་བརྩམས་པའི་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》ལས་དྲངས།

ཕུན་ཚོགས་ཚེ་རིང་ན་རེ། ཏཱ་ལའི་བླ་མ་དགོངས་པ་རྫོགས་འཕྲལ་བོད་ཀྱི་དབང་སྒྱུར་གྲལ་རིམ་ནང་ཁུལ་སྲིད་དབང་འཕྲོག་ལེན་བྱེད་པའི་འཐབ་་་་་ རྩོད་སྔར་ལས་མངོན་གསལ་དོད་པ་དང་། ཛ་དྲག རྣོ་ངར་་ ཅན་དུ་གྱུར། དེ་སྔ་ཏཱ་ལའི་བླ་མ་ཞལ་བཞུགས་སྐབས་སུ་སྤྱན་ བསལ་ཀུན་འཕེལ་ལགས་དང་། རྩིས་དཔོན་ལུང་ཤར་རྡོ་རྗེ་ ཚེ་རྒྱལ། ཚ་རོང་ཟླ་བཟང་དགྲ་འདུལ། སྤྱན་གསལ་གནམ་ གང་ཡང་ཟེར། བཅས་དབང་ཤུགས་ཧ་ཅང་ཆེ་བས་བཀའ་་་་་ བློན་དང་། སེར་སྐྱ་དཔོན་རིགས་མང་པོ་ཡི་མ་རང་པར་གྱུར། ད་ལྟ་འཁོན་ལན་སློག་པའི་གོས་སྐབས་རྙེད། ཚ་རོང་དང་། ལུང་ཤར། ཀུན་འཕེལ་ལགས་དབར་ལའང་སྤྲང་པོ་ཟ་བར་མ་ འཆམ་ཞེས་པའི་གནའ་གཏམ་ལྟར་ཕན་ཚུན་ཕྲག་དོག་རབ་ཏུ་ཆེ། རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱིས་དམག་སྤྱིའི་གོ་ གནས་བཟུང་རྗེས། ཚ་རོང་ཟླ་བཟང་དགྲ་འདུལ་གྱིས་དམག་ སྤྱི་བྱེད་སྐབས་གོ་མཚོན་མང་པོ་མི་ཚང་བར་ཁ་གཡར་ཏེ་་་་་་་་་བཀའ་བློན་གནས་དབྱུང་བཏང་། དེ་རྗེས་ཤར་པ་རྒྱལ་པོས་་་་་ དོན་གནད་སྐོར་ལབ་གླེང་རྙོག་ཟིང་མང་ཙམ་བྱུང་བས། རྒྱལ་ བ་བཅུ་གསུམ་པ་ཆེན་པོས་ལུང་ཤར་བོད་དམག་གི་དམག་སྤྱི་་་་གནས་དབྱུང་བཏང་སྟབས། སྤྱན་བསལ་ཀུན་འཕེལ་ལགས་ ཀྱིས་གཡོ་སྒྱུའི་བྱ་བ་བྱས་པར་དོགས་ནས་ལུང་ཤར་དང་ཀུན་་་་་འཕེལ་ལགས་དབར་གྱི་འགལ་བའང་རྣོ་ངར་ཅན་དུ་གྱུར། མདོར་ན། རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོའི་སྤྱན་གསལ་་་་་་་ དབར་ཕན་ཚུན་སྲིད་དབང་འཕྲོག་རེས་བྱེད་པའི་འཐབ་རྩོད་དེ་རྣོ་ངར་དང་། ཛ་དྲག་རྙོག་འཛིང་ཆེ་བར་འགྱུར་བའི་སྐབས་ སུ། རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་གློ་བུར་དུ་དགོངས་པ་་་་་ རྫོགས། ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱིས་གོ་སྐབས་དེ་དང་བསྟུན་ ནས་དྲུང་རྩིས་དང་། གདན་ས་གསུམ་གྱི་འཐུས་མིར་ངན་སྐུལ་ ཐོག་མ་ཉེས་ཁག་གཡོགས་ཀྱིས་སྤྱན་གསལ་ཀུན་འཕེལ་ལགས་་དང་ཞབས་འབྲང་གཉིས་འཛིན་བཟུང་བྱས་ཏེ་མཐར་ཀོང་པོར་རྒྱང་འབུད་བཏང་། དེ་རྗེས་ཀུན་འཕེལ་ལགས་རྒྱ་གར་དུ་བྲོས། རྒྱ་གར་བས་ཁོང་ལ་དོགས་པ་མང་ཙམ་བྱས་སྟབས་གནས་་་་་་་་ཐབས་མེད་པར་མཐར་མེས་རྒྱལ་ནང་ཁུལ་དུ་ཕྱིར་ལོག་ཕེབས། དེ་ནས་རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་སྤྱི་ལོ་༡༩༣༤ལོར་དྲུང་་་་རྩིས་ཚོགས་འདུ་ཆེན་མོའི་ཐོག་སྲིད་བློན་གསར་བསྐོས་བྱེད་་་་ཕྱོགས་སྐོར་མོལ་བསྡུར་དང་འབྲེལ་གོ་མིན་ཏང་ཀྲུང་དབྱང་་་་་སྲིད་གཞུང་ལ་གསེར་སྙན་སྒྲོན་པ་ལྟར། རྭ་སྒྲེང་ཐུབ་བསྟན་ འཇམ་དཔལ་ཡེ་ཤེས་སྲིད་བློན་དང་། གླང་མདུན་ཀུན་དགའ་ དབང་ཕྱུག་སྲིད་བློན་ལག་རོགས་སུ་བསྐོ་བཞག་བསྩལ། རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་མེས་རྒྱལ་ལ་བློ་སེམས་དཀར་བས་དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་སླར་ཡང་ངན་སྐུལ་གྱིས་བོད་ཀྱི་སྲིད་དབང་མགོ་རྟིང་སློག་པའི་ངན་བྱུས་བཤམས། དུས་དེར་ལུང་ཤར་རྡོ་རྗེ་ཚེ་རྒྱལ་སོགས་ནས་” སྐྱིད་ཕྱོགས་ཀུན་མཐུན་“ཞེས་པའི་གསང་བའི་སྒྲིག་འཛུགས་་་བཟོས། སྒྲིག་འཛུགས་འདིས་ཕྱི་ཚུལ་དུ་བསྟན་པ་རྒྱས་པ་དང་། འགྲོ་བ་འཕེལ་བ་སོགས་འབོད། དབྱིན་ཇིའི་རྗེས་འབྲངས་པ་ནས་ལྐོག་ཏུ་གྲོས་ངན་བཤམས་ ཏེ། བོད་ལ་སྦྲིད་མོ་ཁེ་རིན་སི་ཞེས་དམངས་གཙོའི་ལམ་ལུགས་ ལག་ལེན་བསྟར་དགོས་ཟེར། དོན་དུ་རྭ་སྒྲེང་གི་སྲིད་དབང་ མགོ་རྟིང་བསློགས་ཏེ་བོད་ཡོངས་སུ་ཁ་ལོ་བསྒྱུར་ནས་བོད་འདི་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་བསྒྱུར་རྒྱུ་དེ་རེད། ཁོ་པ་ཚོའི་ ལྐོག་གཡོ་མཐའ་དག་རིམ་བཞི་ཀ་ཤོད་པས་ཤེས་འཕྲལ་ཁྲི་སྨོད་བརྒྱུད་སྲིད་སྐྱོང་རྭ་སྒྲེང་ལ་སྙན་སེང་ཞུས། བཀའ་ཤག་ནས་་ འཕྲལ་དུ་རྩིས་དཔོན་ལུང་ཤར་འཛིན་བཟུང་ཐོག་ཁྱིམ་ཚང་་་་་་ བསྔོོགས་བཤེར་བྱེད་སྐབས་དཔང་རྟགས་ཡིག་རིགས་མི་ཉུང་་་་བ་ཞིག་རྙེད། ཁོ་པ་ཁྲིམས་ལ་སྦྱར་ནས་མིག་ཧྲིལ་གཉིས་ཀ་་་་་ བཏོན། ཁ་དབང་གཞུང་བཞེས་ཐོག་ཚེ་གང་བཙོན་དུ་བཅུག་ པས་དབྱིན་ཇི་བཙན་རྒྱལ་རིང་ལུགས་པ་དང་། ཁོ་པ་ཚོའི་་་ རྗེས་འབྲང་པ་ཚོར་རྡུང་རྡེག་ཚ་ནན་ཕོག་པ་རེད། ཕུན་ཚོགས་ཚེ་རིང་གིས་བརྩམས་པའི་《དེབ་ཐེར་ཀུན་གསལ་མེ་ལོང་》ལས་དྲངས། ཐུབ་བསྟན་ཕུན་ཚོགས་ན་རེ། སྤྱི་ལོ་༡༩༣༣ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་སྐུ་གཤེགས་པ་དང་ཕ་བོང་ཁ་པར་བཅིངས་འགྲོལ་ཐོབ་སྟེ་སྐུ་མཚམས་ལས་ཐོན། མཁས་ཕྱོགས་སུ་ཕྱིན་ནས་སློབ་དཔོན་པད་མ་འབྱུང་་་་ གནས་ལ་དགག་པ་དང་དོར་རྒྱལ་ཤུགས་ལྡན་སྤེལ་རྒྱུའི་ཕྱག་་་་ལས་རྒྱ་ཆེན་པོ་གནང་། དུས་དེར་སྤྱན་གསལ་ཀུན་འཕེལ་་་་ དང་། རྩིས་དཔོན་ལུང་ཤར་རྡོ་རྗེ་རྒྱལ་མཚན། ཚ་རོང་ཟླ་ བཟང་དགྲ་འདུལ་སོགས་དཔོན་རིགས་རྣམས་སྲིད་དབང་་་་་་་་་འཕྲོག་རེས་ཀྱི་འཐབ་རྩོད་སྔར་ལས་རྣོ་ངར་ཆེ་བར་གྱུར། སྐབས་དེར་དབྱིན་ཡུལ་སོགས་ཕྱི་རྒྱལ་ག་ས་གང་ལ་སོང་ནས་་་མཐོང་རྒྱ་ཅུང་ཆེ་བ་དང་། སྔོན་ཐོན་གྱི་བསམ་བློ་ཅན་གྱི་ལུང་ ཤར་བ་གཙོས་པའི་ཡར་ཐོན་ཚོགས་པས་བོད་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་བཟོ་བཅོས་གཏོང་རྒྱུའི་རེ་བ་བཏོན། བཀས་་་་་་ བཀོད་རྒྱུད་འཛིན་གྱི་ལམ་ལུགས་རྙིང་པ་དང་། མི་ཚེར་་་་་ བདག་བཟུང་བྱ་བའི་བཀའ་བློན་གྱི་གོ་གནས་དེ་དག་མེད་པར་བྱེད་ཀྱང་། མི་དམངས་འཐུས་ཚོགས་བཙུགས་རྒྱུ་དང་། མི་་་་ དམངས་འཐུས་ཚོགས་ཀྱིས་འོས་ཤོག་བླུག་ནས་བཀའ་བློན་་་་་་འདེམས་སྐོ་བྱ་རྒྱུ་དང་། བཀའ་བློན་གྱི་ཁྲི་རེས་ལོ་བཞི་རེ་དང་། ལོ་བཞི་རེའི་ནང་ཐེངས་རེ་འོས་ཤོག་བླུག་རྒྱུའི་བསམ་འཆར་་་་་བཀའ་ཤག་ལ་ཕུལ་རྗེས། ཁྲི་སྨོན་ནོར་བུ་དབང་རྒྱལ་སོགས་ རྙིང་ཞེན་ཕྱོགས་ཁག་གིས་དེ་ལ་ངོ་རྒོལ་བྱས། མཐར་བཀའ་ ཤོད་པའི་དབྱེན་དཀྲུག་ལ་བརྟེན་ལུང་ཤར་བའི་ཆབ་སྲིད་ལམ་་ལུགས་བཅོས་བསྒྱུར་གྱི་བསམ་འཆར་དེ་ཁྲི་སྨོན་ལྐོག་བསད་་་་་ བྱས་ནས་དབང་ཆ་གཡོ་འཕྲོག་བྱེད་རྒྱུ་དང་། བཀའ་ཤག་གི་་་་ སྲིད་དབང་མགོ་རྟིང་སློག་རྒྱུའི་ངན་ཇུས་ཡིན་པའི་ཁག་ངན་་་་གཡོགས་ནས་ལུང་ཤར་བ་བཙོན་དུ་བཟུང་། སྤྱི་ལོ་༡༩༣༤ལོ་ ཟླ་བ་༥པའི་ཚེས་༢༠ཉིན་ལུང་ཤར་བའི་མིག་གཉིས་བཏོན་ནས་ཁྲིམས་ཆད་བཅད། ལུང་ཤར་བ་ཕྱོགས་ཀྱི་ཡར་ཐོན་པའི་་་ དཔོན་རིགས་རྣམས་གནས་དབྱུང་གཏོང་རྒྱུ་དང་། དཔལ་་་་ འབྱོར་གྱི་ཉེས་ཆད་གང་འཚམ་རེ་བཅད། རྙིང་ཞེན་ཚོགས་ ཁག་ལ་རྒྱལ་ཁ་འཐོབ་སྟབས་མི་དམངས་ཀྱི་འཚོ་བའི་བདེ་སྡུག་དང་། དམངས་གཙོའི་ལམ་ལུགས་ལ་གོད་ཆག་ཆེན་པོ་ཐེབས་ ཏེ། བོད་ཀྱི་གནས་སྟངས་ཉིན་ལྟར་ཇེ་སྡུག་ཏུ་ཕྱིན། ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའི་བོད་ཀྱི་ལོ་རྒྱུས་《སྤྱི་དོན་པདྨ་རཱ་གའི་ལྡེའུ་མིག་》ལས་དྲངས། བོད་ཀྱི་ལོ་རྒྱུས་གཡུ་ཡི་ཕྲེང་བ་ལས། རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་ཁྲི་ལ་འཁོད་མ་་་ཐག་ཏུ་དབྱིན་ཇི་བཙན་རྒྱལ་རིང་ལུགས་སླར་ཡང་གཤོག་སྦུག་རླུང་ཚང་གིས་དེའི་སྲིད་དབང་འགོ་རྟིང་སློག་པའི་ངན་བྱུས་་་་་མང་ཙམ་སྤེལ་ཞིང་། དུས་དེར་ལུང་ཤར་རྡོ་རྗེ་ཚེ་རྒྱལ་སོགས་ ནས་སྐྱིད་ཕྱོགས་ཀུན་མཐུན་ཞེས་པའི་གསང་བའི་སྒྲིག་འཛུགས་ཤིག་བཙུགས། སྒྲིག་འཛུགས་དེར་ཕྱི་རྒྱལ་བསྟན་པ་རྒྱས་་་་ པའམ་འགྲོ་བ་བདེ་བ་སོགས་འབོད། ཁོ་པ་ཚོས་ལྐོག་ཏུ་ཚོགས་ འདུ་བསྐོངས་ཏེ་བོད་དུ་སྒྲིད་མོ་ཁེ་རིན་སིའི་”དམངས་གཙོ་་་་་་ཞེས་པའི་དོན་“ལམ་ལུགས་ལག་ལེན་བསྟར་དགོས་བརྗོད་སྐབས་ཚོགས་ཞུགས་དཔོན་རིགས་འགའ་ཞིག་གིས་ཐ་སྙད་དེའི་གོ་་་་དོན་གང་ཡིན་ཞེས་འདྲི་སྐབས་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱིས་་་་་དབྱིན་ཇིའི་ལམ་ལུགས་ལ་ཟེར་བ་རེད་ཅེས་འགྲེལ་བཤད་ཁུངས་མ་དག་ཅིག་བརྒྱབ་སྟབས་ཚོགས་ཞུགས་དཔོན་རིགས་ལ་ལས་བོད་ལ་དབྱིན་ཇིའི་ལམ་ལུགས་འཛུགས་རྒྱུར་ངོ་རྒོལ་མཐའ་་་་་གཅིག་ཏུ་བྱས་སྟབས་སྒྲིག་འཛུགས་དེའི་ཁོངས་མི་ནང་ཁུལ་་་་དུ་འགལ་བ་ལངས་ཏེ་གསང་བའི་གྲོས་མོལ་བྱས་པའི་གནས་་་་ཚུལ་རྣམས་བཀའ་བློན་ཁྲི་སྨོན་ལ་སྙན་སེང་ཞུས་ཤིང་། ཁྲི་ སྨོན་གྱིས་གནས་ཚུལ་དེ་ཐོས་འཕྲལ་སྲིད་སྐྱོང་རྭ་སྒྲིང་ཐུབ་་་་་་ བསྟན་འཇམ་དཔལ་ཡེ་ཤེས་ལ་སྙན་སྒྲོན་ཞུས་སྟབས་བཀའ་་་་་ཤག་གིས་ལུང་ཤར་རྡོ་རྗེ་ཚེ་རྒྱལ་འཛིན་བཟུང་ཐོག་མིག་འབྲས་གཉིས་ཀ་བཏོན་པ་མ་ཟད། མཁར་དབང་གཞུང་བཞེས་དང་། ཚེ་གང་བཙོན་དུ་འཇུག་རྒྱུའི་གཏན་འབེབས་བྱས་ཤིང་། གྲོས་ མི་གཙོ་གྲས་འགའ་ཞིག་ཀྱང་རྒྱང་འབུད་བཏང་། 《བོད་ཀྱི་ལོ་རྒྱུས་རག་རིམ་གཡུ་ཡི་ཕྲེང་བ་》ལས་དྲངས།


ལུང་ཤར་གདེང་འཇོག གཉིས་པ། ________________བོད་ཀྱི་ཤེས་ཡོན་པས་ལུང་ཤར་གདེང་འཇོག་བྱེད་སྟངས་སྐོར་ཞིག འཛུམ་གྲོལ། 〈བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གྲགས་ཅན་ལུང་ ཤར་རྡོ་རྗེ་ཚེ་རྒྱལ་མཆོག་ད་བར་བོད་ཀྱི་ཤེས་ཡོན་པའམ་ཡོན་ཏན་པའི་མིག་ནང་ནས་ཁ་གཅིག་གིས་ལོ་རྒྱུས་ཀྱི་མི་སྣ་གྲགས་ཅན་དུ་མཐོང་ནས་དྲན་གསོ་བྱེད་བཞིན་ཡོད་ལ། ཁ་གཅིག་ གིས་ལོ་རྒྱུས་ཀྱི་ཉེས་ཅན་མི་སྣ་ཞིག་ཏུ་མཐོང་ནས་ངན་སྨོད་་་བྱེད་བཞིན་པ་སོགས་མདོར་ན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གདེང་འཇོག་སྐོར་གྱི་རྩོམ་ཡིག་མང་པོ་ཞིག་སྤེལ་བཞིན་མཆིས་པ་་་ལས་འདིར་ལུང་ཤར་ཞིབ་འཇུག་གི་དཔྱད་གཞིར་དམིགས་་་་ནས་རྩོམ་ཡིག་འགའ་ཞིག་ལས་ལུང་ཤར་གདེང་འཇོག་བྱེད་་་སྟངས་སྐོར་ཞིག་ཕྱོགས་སུ་བཏུས་པ་ཡིན།〉 _____མཆན།

དགུ་རོང་སྤུན་གྲོལ་ན་རེ། ཡེ་ལོ་༡༩༣༤ཟླ་༢་པའི་མཐའ་མཇུག་ཏུ་རྟ་ནག་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ལགས། འཛིན་བཟུང་བཀག་སྐྱིལ་བྱས་པ་དང་། བཀའ་ཤག་གིས་ཉེས་གཅོད་ཞིབ་དཔྱོད་ཚོགས་ཆུང་ཟུར་འཛུགས་བྱས་པ་བརྒྱུད། ལུང་ཤར་གྱི་དམངས་གཙོའི་སྲིད་ལུགས་གསར་ འཛུགས་ཀྱི་བསམ་བློའི་དགོངས་པ་དེ། ཨུ་རུ་སུ་དམར་པོའི་ ལམ་ལུགས་སྤེལ་རྩིས་ཀྱི་ངོ་བོར་བསྒྱུར་ཏེ། ནག་ཉེས་དེ་ཉིད་ ངོས་འཛིན་གྱིས་ལུང་ཤར་གྱི་ཁར་དབང་གཞུང་བཞེས་བགྱིས་་་ནས་ཁོང་ཉིད་ལོང་བར་བཟོས། ལུང་ཤར་གྱི་མགོ་ལ་དབྱུག་པ་ ཞིག་བཞག་སྟེ་འབྲེང་བུས་བསྐོར་བ་བྱས་ནས་བསྡམས། མི་ འབྲས་འདོན་མཁན་དེས། དབྱུག་པ་དེ་བསྐོར་ནས་འབྲེང་བ་ ཇེ་དམ་དུ་བཏང་སྟེ། མིག་འབྲས་སར་མ་ལྷུང་བར་དུ་ཐེ་གེས་ ཤ་ནང་དུ་དེད། སྟབས་མ་ལེགས་པ་ཞིག་ལ། ར་རྒྱ་བ་སྟེ་མིག་ འབྲས་འདོན་མཁན་དེས་བྱེད་སྟངས་ནོར་ནས། མིག་འབྲས་ ཟུང་གཅིག་མ་གཏོགས་ཕྱིར་བཏོན་མ་ཐུབ་པས། ར་རྒྱ་བས་གྲི་ གཅིག་བླངས་ནས་མིག་འབྲས་གཞན་པ་དེ། གྲི་རྩེ་རྣོན་པོ་ དེས་གཅུས་ནས་བཏོན། མནར་གཅོད་གཏོང་སྟངས་དེ་ནི་ཅི་ འདྲའི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད་ཨང་། ལུང་ཤར་ནི་ བོད་ཀྱི་ལོ་རྒྱུས་སྟེང་དམངས་གཙོའི་སྲིད་ལུགས་གསར་འཛུགས་ཀྱི་བསམ་བློའི་སྐྱ་ཐིག་འཐེན་མཁན་ཐོག་མ་ཡིན། 《ལོ་རྒྱུས་ཀྱི་རབ་ཁ་ནས་འཕྲད་པའི་ལྷ་ཀླུ་ཞབས་པད་》ཅེས་པའི་རྩོམ་ལས་དྲངས། ཕུན་ཚོགས་རྒྱལ་ན་རེ། བོད་ཀྱི་མ་འོངས་མདུན་ལམ་གྱི་ཕྱིར་དུ་ལུང་ཤར་གྱི་མགོ་ལ་གསོན་བཞིན་དུ་མིག་ཟུང་བྲུས་པའི་མནར་གཅོད་ཡ་ང་བ་་་་དེ་ཐོན་པ་རེད། འོན་ཀྱང་མགོ་ལ་ཉི་མ་དམར་པོ་ཤར་བ་ལྟ་ བུའི་ཁྲིམས་ཆད་དེའི་བརྒྱལ་བ་ལས་དྲན་པ་སོས་དུས་ཁོང་གི་་་ངག་ནས་ཐོག་མར་ཤོར་འོང་བ་ནི་རྣ་བས་མི་བཟོད་པའི་ན་ཟུག་གི་འཁུན་སྒྲ་མ་རེད། འོ་དོད་མ་རེད། དེ་བས་ཀྱང་སྔོན་ཆད་ ཀྱི་རྒྱའི་རི་འགོག་དམག་འཁྲུག་གི་གློག་བརྙན་ཁྲོད་ན་སྒྲོག་་་་་་ གིན་པའི་དཔའ་བོའི་མཐའ་མཇུག་གི་ངར་སྐད་དང་ཁ་གཡང་ཡང་མ་རེད། ཁོས་རང་གི་དཔྲལ་བའི་མིག་ཟུང་ཁྲག་དམར་ཙར་རེར་ཐང་དུ་འགྲིལ་སོང་ཡང་ད་དུང་ངག་ནས་མི་གཤིས་དང་མིའི་བརྩེ་་་་་་་འདང་སླད་མེད་ཀྱིས་ཁེངས་ཡོད་པའི་སྐད་ཆ་འདི་འདྲ་གསུངས་འོང་བས་ནི་བདག་གི་མཆི་མ་ཐེངས་གཅིག་མིན་པར་སེམས་་་་ཀྱི་གཏིང་ནས་སྒུལ་བར་བྱས་སོང་། བདག་གི་དྲན་པའི་འཕར་ འཇགས་ཐེངས་གཅིག་མིན་པར་མཚོ་མོའི་རླབས་བཞིན་སྐྱོམ་དུ་བཅུག་སོང་། འདིས་བདག་ལ་བཙན་པོོ་སྲོང་བཙན་སྐབས་ ཁྱུང་པོ་སྤུང་སད་སི་ཙེས་ཁྱིམ་རྒྱུད་དང་རུ་ཚོགས་ཀྱི་མ་འོངས་་་བདེ་འཇགས་ཀྱི་ཕྱིར་དུ་རང་གི་མགོ་བོ་བྲེགས་ཏེ་བུའི་ལག་ལ་་བཞག་ནས་རྒྱལ་པོའི་སར་རང་གི་ཉེས་པར་གུ་ཡངས་སློང་དུ་་་་ བཅུགས་པའི་གཏམ་རྒྱུད་དེ་དྲན་དུ་བཅུག་ཡོང་། དེ་ཡང་མི་འདྲ་ས་ཞིག་ཡོད་པ་ནི་བགྲེས་པོ་ཁྱུང་པོ་ཁོས་ཕྲག་དོག་དང་ང་རྒྱལ་མ་བཟོད་དེ་བཙན་པོ་སློག་རྩིས་བྱས་པ་་་་རེད་ལ།ལུང་ཤར་གྱིས་ནི་བོད་ཀྱི་དམངས་གཙོ་བཅོས་སྒྱུར་གྱི་་་་ཕྱིར་དུ་མནར་གཅོད་འདི་འདྲ་མྱངས་པ་རེད། དེ་ལྟར་ཁོས་ རྗེས་སོར་ཡང་དད་སེམས་རྩེ་གཅིག་གིས་བུ་གཉིས་ཀྱི་མགོ་ལ་་་ཁོ་རང་རྐྱེན་བྱས་ཏེ་ཆག་འཇིག་སོགས་མི་ཡོང་བར་གསོལ་བ་་་ཕུར་ཚུགས་སུ་འདེབས་པ་རེད། ད་དུང་ཁོས་བརྒྱ་ལ་བདག་ གི་བུ་གཉིས་ཀྱི་མགོར་ཡང་ཁོ་ལྟ་བུའི་མནར་གཅོད་གཏོང་བ་་་་ཡིན་ན་བདག་འཇིག་རྟེན་འདི་ནས་གསོན་རེ་རྦད་དེ་ཆད་པ་་་་ ཡིན། ཞེས་གསུངས་ཡོད་པ་རེད། འོན་ཀྱང་ཆེས་བརྙས་བཅོས་ ཀྱི་བྲོ་བ་ལྡན་པ་ཞིག་ནི་རྗེས་སོར་སྲིད་ཀྱི་ཐོབ་དང་གོ་སའི་ཕྱིར་་་་ བུ་ལྷ་ཀླུ་ཚེ་དབང་རྡོ་རྗེས་བཀའ་ཤག་ལ་རང་ཉིད་ལུང་ཤར་གྱི་་་བུ་ངོ་མ་མིན་ཚུལ་དང་། ཁོའི་མ་ཡིས་ཀྱང་བུ་ཡི་ཕ་ངོ་མ་ནི་ ཧྲིལ་དགར་རྙིང་པ་ཟེར་བའི་སྐུ་དྲག་ཅིག་ཡིན་ཚུལ་བསྒྲགས་་་་ཤིང་མཐར་བཀའ་ཤག་ནས་ཀྱང་ཚེ་དབང་རྡོ་རྗེ་ལ་དཔོན་ཐོབ་་སླར་གསོ་བྱས་པ་རེད། དཔྱད་ཐུང། འུ་ཚོ་ནི་རྒྱུ་འབྲས་ཀྱིས་འཚོ་བའི་མི་རིགས་ཤིག་ཡིན་ཞེས་ཇི་ལྟར་འུད་དུ་སྒྲོག་ན་ཡང་དབང་ཐང་དང་རྒྱུ་འབྱོར་གྱི་ཕྱིར་་་་ རང་ལ་དཔྲལ་བའི་མིག་ལས་གཅེས་པའི་ཕ་རྒན་ཡང་རྒྱབ་ཏུ་་་བསྐྱུར་ཕོད་ན། མི་དེས་ཁོ་རང་དང་འབྲེལ་བ་ཅི་ཡང་མེད་ པའི་མི་གཞན་ཞིག་གི་བདེ་སྡུག་འཚོ་ཚིས་ལ་སེམས་ཁུར་ག་་་་་འདྲ་བྱེད་སྲིད། ལར་ཁོས་ཤ་དང་རུས་པའི་གསེང་ནས་རང་གི་ བྱས་ཉེས་ལ་འགྱོད་བཤགས་བྱེད་པ་མིན་ན། ཁོ་པ་མཐར་་་་ འཇིག་རྟེན་མགོན་པོར་གྱུར་ཡང་ཁོའི་རུལ་ཟིན་པའི་མི་གཤིས་དེ་སླར་ཡང་སོས་པར་འགྱུར་རྒྱུ་ཡོད་དམ་ཅི། ལས་དབང་ཟེར་ བ་ཞིག་ཡོད་ན་བོད་ཉེ་རབས་ལོ་རྒྱུས་སྟེང་ལུང་ཤར་གྱི་ལས་་་་་་དབང་ནི་ཆེས་སྡུག་ཤོས་དེ་ཡིན་རྒྱུ་རེད། བོད་ལ་ལྷག་བསམ་ རྣམ་དག་ཇི་འདྲ་འཆང་ཡང་མཐར་མིག་ཟུང་འབྲུ་བའི་མནར་གཅོད་མགོར་ཡོང་བ་རེད། བུ་ལ་བརྩེ་བ་རང་གི་མིག་ལས་ ལྷག་ཀྱང་མཐར་དེས་རང་གི་དུངས་སེམས་རླུང་ལ་བསྐུར་སོང་བ་རེད། གལ་ཏེ་རྣམ་ཤེས་ཟེར་བ་ཞིག་ཀྱང་ཡོད་པ་བདེན་ན། སྤྱི་ཚོགས་ཀྱི་ཕྱི་རུ་བཅད་ཅིང་ནང་མི་ཡིས་རྒྱབ་ཏུ་བོར་བའི་མི་ཚེའི་སྐྱོ་སྒྲུང་སྐྱ་མོ་དེ་དྲན་གྱིན། ལུང་ཤར་གྱི་རྣམ་ཤེས་ཁེར་ རྐྱང་བ་དེ་དེ་རིང་ད་དུང་བོད་ཀྱི་མཐོང་ནང་མཁའ་གྲུའི་ཟུར་་་་ཞིག་ན་བོད་ཀྱི་བླ་མ་ཆེ་དགུ་སུས་ཀྱང་མ་འདྲོངས་པར་ཕངས་་སེམས་ཚད་མེད་དང་ཡི་མུག་ཚད་མེད་ངང་ན་ལུས་ཏེ་ཡོད་་་་་་ སྲིད། ཕུན་ཚོགས་རྒྱལ་གྱི་བརྩམས་དེབ་《རང་གཤིས་གདུང་འབོད་》ཅེས་པ་ལས་དྲངས། གདོན་ན་རེ། ལུང་ཤར་རྡོ་རྗེ་ཚེ་རྒྱལ་ལགས་ཀྱིས་བོད་འདི་འཛམ་གླིང་སྤྱི་དང་མཐུན་པའི་གོམ་པ་སྤོ་དགོས་ཚེ། ངེས་པར་ཁ་རུབ་སྒོ་ གཏན་གྱི“སྲིད་ལུགས་བཅོས་སྒྱུར”མཛད་དགོས་པར་དགོངས་ནས། “སྐྱིད་ཕྱོགས་ཀུན་མཐུན”ཞེས་པའི་ཚོགས་པ་བཙུགས་ ཤིང་། དམངས་གཙོའི་འོས་འདེམ་ལམ་ལུགས་བོད་ལ་སྤེལ་ མགོ་བརྩམས་མོད། ཡིད་ཕངས་པ་ཞིག་ལ། སྐབས་དེའི་བོད་ཀྱི་ སྲིད་དབང་སྒེར་སྡོམ་གྱི་དབང་བཙན་པོའི་རྐྱེན་གྱིས། ཁོང་གི་ བསམ་སྦྱོར་རླབས་ཆེན་པོ་དེ་ལ་བཀག་སྡོམ་བྱས་པ་མ་ཟད། ཐ་ན་ཨུ་རུ་སུའི་དམར་པོའི་ལམ་ལུགས་བོད་ལ་སྤེལ་བའི་ནག་་ཉེས་ཡོད་པར་བསྒྲགས་ནས།མིག་འབྲས་གཉིས་གྲི་བརྒྱབས་ཏེ་་བཀོག་ཅིང་བཙོན་ལ་ཡང་བཅུག་པ་རེད། འདི་ནི་དམངས་་་ གཙོའི་བསམ་བློ་ཐོག་མར་བོད་ལ་འཁྲུངས་པའི་རླབས་ཆེ་བའི་ཉིན་མོ་ཞིག་ཡིན་ཞིང་།འདི་ནི་རྒྱུ་འབྲས་བློ་མིག་གསལ་བའི་་་ཤེས་ཡོན་ཅན་ཞིག་དམར་གསོད་བྱས་པའི་ལོ་རྒྱུས་ཀྱི་སྐྱོ་གར་་་ཆེན་མོའང་ཡིན། དུས་དེ་ནས་བཟུང་། “ཤེས་རྨོངས་ཀྱི་གྲོག་ རོང”དུ་མགོ་བོ་འཐོམས་པའི་བླུན་པོ་དབང་ཤེད་ཅན་ཚོས་་་་་་་ འཇིག་རྟེན་གྱི་དཀར་ངོགས་མིག་གིས་མཐོང་བའི་བསྐལ་བ་་་་ན་ཡང་མི་སྣང་བར་བྱས་པ་རེད། 《ལྔ་བཞི་ལས་འཕྲོས་ཏེ་བོད་ཞི་བའི་བློ་འབྱེད་ལས་འགུལ་སྐོར་བརྗོད་པ་》ཞེས་པའི་རྩོམ་ ལས་དྲངས།












ལུང་ཤར་ཞིབ་འཇུག ཟླ་བ་བཟང་པོའི་བསྒྲིགས། སྤྱིའི་ཇུས་འགོད་པ། འཛུམ་གྲོལ།