Jump to content

ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་

ཡོང་ཁུངས་Wikipedia

༡.རྟག་པས་གང་ཟག་གི་བདག་དང་འཇིག་རྟེན་ཡོད་པར་ལྟ་བ་(འཇིག་རྟེན་རྟག་) ༢.མི་རྟག་པས་དེ་དང་འཇིག་རྟེན་ཡོད་པར་ལྟ་བ་(འཇིག་རྟེན་མི་རྟག) ༣.རྟག་མི་རྟག་གཉིས་ཀས་དེ་ཡོད་པར་ལྟ་བ་(རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག) ༤.གཉིས་ཀ་མ་ཡིན་པས་དེ་དང་འཇིག་རྟེན་ཡོད་པར་ལྟ་བ(རྟག་པ་མ་ཡིན་མི་རྟག་པ་ཡང་མ་ཡིན)སྟེ་སྔོན་གྱི་མཐའ་ལ་བརྟེན་པ་བཞི་དང་། ༥.མཐའ་དང་ལྡན་པས་དེ་གཉིས་ཡོད་པར་ལྟ་བ(འཇིག་རྟེན་མཐའ་ཡོད་པ) ༦.མཐའ་དང་མི་ལྡན་པས་དེ་གཉིས་ཡོད་པར་ལྟ་བ(འཇིག་རྟེན་མཐའ་ཡོད་པ་མ་ཡིན་པ) ༧.གཉིས་ཀ་ཡིན་པས་དེ་གཉིས་ཡོད་པར་ལྟ་བ(མཐའ་ཡོད་ཀྱང་ཡོད་ལ་མཐའ་མེད་ཀྱང་མེད) ༨.གཉིས་ཀ་མ་ཡིན་པས་དེ་གཉསི་ཡོད་པར་ལྟ་བ(མཐའ་ཡོད་ཡང་མ་ཡིན་པ་མེད་པ་ཡང་མ་ཡིན་པ)སྟེ་ཕྱི་མའི་མཐའ་ལ་བརྟེན་པ་བཞི་དང་། ༩.གྲོངས་ཕན་ཆད་དུ་འབྱུང་བའི་རྫས་ཡོད་ཀྱིས་དེ་བཞིན་གཤེགས་པ་ཡོད་པར་ལྟ་བ(དེ་བཞིན་གཤེགས་པ་ཤི་ནས་ཡོད) ༡༠.མི་འབྱུང་བས་དེ་ཡོད་པར་ལྟ་བ(དེ་བཞིན་གཤེགས་པ་ཤི་ནས་མེད) ༡༡.གཉིས་ཀ་ཡིན་པས་དེ་ཡོད་པར་ལྟ་བ(དེ་བཞིན་གཤེགས་པ་ཤི་ནས་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད) ༡༢.གཉིས་ཀ་མ་ཡིན་པས་དེ་ཡོད་པར་ལྟ་བ(དེ་བཞིན་གཤེགས་པ་ཤི་ནས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན)སྟེ་མྱང་འདས་ལ་བརྟེན་པ་བཞིན་དང་། ༡༣.ལུས་དང་གང་ཟག་གི་མིང་གི་རྣམ་གྲངས་སུ་གྱུར་པས་སྲོག་གཉིས་རྫས་གཅིག་ཏུ་ལྟ་བ(སྲོག་དེ་ལུས་དེ་ཡིན) ༡༤.དེ་གཉིས་རྫས་ཐ་དད་དུ་ལྟ་བ(སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན)སྟེ་བཅུ་བཞི་ཡོད་པའི་ཕྱིར་རོ།།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།