ལུང་གི་ཆོས་འཁོར་
མཐོང་རིས་
བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ཀྱིས་ལུང་གི་ཆོས་འཁོར་ལ་བདེན་བཞིའི་ཆོས་འཁོར་གྱིས་ཁྱབ་པར་འདོད་དེ། སྟོན་པ་ཤྰཀྱའི་རྒྱལ་པོ་དགུང་ལོ་སོ་ལྔ་པ་མངོན་པར་རྫོགས་པར་སངས་རྒྱས་པ་ནས་དགུང་ལོ་བརྒྱད་ཅུ་གྱ་གཅིག་ལ་ཞི་བར་མྱ་ངན་ལས་མ་འདས་ཀྱི་བར་གྱི་ལོ་ཞེ་དྲུག་གི་རིང་བདེན་བཞིའི་ཆོས་འཁོར་ཁོ་ན་གསུངས་པ་ལས་ཐེག་པ་ཆེན་པོའི་ཆོས་ཏེ། ཆོས་འཁོར་ཕྱི་མ་གཉིས་ཀྱི་རྣམ་གཞག་གསུངས་པར་ཁས་མི་ལེན་ནོ།། ཐེག་ཆེན་པ་རྣམས་ནི་སངས་རྒྱས་ཀྱིས་ཆོས་ཀྱིད་འཁོར་ལོ་རིམ་པ་གསུམ་སྟེ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དང་། བར་པ་མཚན་ཉིད་མེད་པའི་ཆོས་འཁོར། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གསུམ་བསྐོར་བར་བཞེད་དོ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།