Jump to content

ལུང་

ཡོང་ཁུངས་Wikipedia

སྤྱིར་ན་སངས་རྒྱས་ཀྱི་གསུང་རབ་དང་། མཁས་པ་སྔ་མ་ཚོས་མཛད་པའི་བསྟན་བཅོས་ཀྱི་ཚིག་གཅིག་ཀྱང་ཆད་ལྷག་མེད་པར་ཉན་པ་ལ་ལུང་ཞུ་བ་ཟེར། མང་དུ་ཐོས་པའི་ལུང་གི་ཡོན་ཏན་ཏེ་དེ་ཡང་མང་ཐོས་ཕུན་ཚོགས་པ་བཞི་ཚང་བ་ཞིག་ལ་ཟེར། མང་དུ་ཐོས་པའི་ཁྱད་ཆོས་བཞི་ནི། ༡. ཤེས་ཡོན་སྣ་ཁ་མང་པོ་བསླབ་མྱོང་བ་ནི་མང་པོ་ཐོས་པ་ཡིན། ༢. སྣ་གཅིག་ཀྱང་ཐེངས་མང་པོ་སྦྱང་མྱོང་བ་ནི་མང་དུ་ཐོས་པ་ཡིན། ༣. སྣ་ཁ་གཅིག་པོ་དེ་ཡང་སློབ་དཔོན་མང་པོ་དྲུང་ནས་བསླབས་པ་ནི་མང་པོ་ལས་ཐོས་པ་ཡིན། ༤. སློབ་གྲོགས་མང་པོ་དང་མཉམ་དུ་སློབ་སྦྱོང་བྱེད་མྱོང་བ་ནི་མང་པོ་དང་ཐོས་པ་ཡིན། དེ་རེ་རེ་ལ་ཡང་ཁྱད་ཆོས་དང་ནུས་པ་མི་འདྲ་བ་ཡོད། དེ་ཡང་ཤེས་ཡོན་སྣ་གཅིག་བསླབས་པ་དེ་ལས་སྣ་མང་པོ་བསླབས་པ་དེ་ཐོས་རྒྱ་ཆེ་ཞིང་། དེ་དང་འདྲ་བར་ཤེས་ཡོན་སྣ་གཅིག་པོ་དེ་ཐེངས་གཅིག་གཉིས་ཙམ་བསླབས་ནས་ཆོགཤེས་བྱེད་པ་དེ་ལས་ཐེངས་མང་པོ་བསླབས་པ་དེ་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་འགྲོ་བ་ཡིན། ཤེས་ཡོན་སྣ་གཅིག་པོ་དེ་སློབ་དཔོན་གཅིག་ཁོ་ནའི་དྲུང་དུ་བསླབས་པ་ལས། སློབ་དཔོན་་མང་པོའི་དྲུང་ནས་བསླབས་པ་དེ་ཐོས་རྒྱ་ཆེ་། སློབ་དཔོན་གྱི་གྲུང་དུ་རང་གཅོག་པུ་་སོང་ནས་སློབ་སྦྱོང་བྱེད་པ་དེས་ལས་སློབ་མ་མང་པོ་དང་མཉམ་དུ་སློབ་སྦྱོང་བྱས་ན་བཤད་པ་རྒྱ་ཆེ་བ་དང་གཏིང་ཟབ་པ། དོགས་པ་མང་པོ་ཆོད་པ། བློ་སྐྱེད་་་ཐོན་ཆེ་བ་བཅས་ཀྱི་ཁྱད་ཆོས་ཡོད།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།

"https://bo.wikipedia.org/w/index.php?title=ལུང་&oldid=83208"ལས་སླར་རྙེད་སོང།