Jump to content

ལུགས་གཉིས་བཀའ་ཁྲིམས་ཆེན་པོ་

ཡོང་ཁུངས་Wikipedia

ཆོས་ལུགས་དང་སྲིད་ལུགས་གཉིས་ཀྱི་ཁྲིམས་ཆེན་པོ་སྟེ། ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་ལ་ཟེར། ཁྲིམས་ལུགས་ནི་སྲིད་དབང་གསར་པ་འཛུགས་པ་དང་། སྔར་ཡོད་སྲིད་དབང་སྲ་བརྟན་དུ་གཏོང་བ། མཐའ་མཚམས་བདེ་འཇགས་སུ་གནས་པ། ཕྱི་ནང་་གི་དགྲ་བོའི་གཏོར་བཤིག་གི་གནོད་འཚེ་འགོག་པ་དང་ཚོད་འཛིན་བྱེད་པ་བཅས་ལ་ཧ་ཅང་གལ་ཆེ་བ་ཞིག་ཡིན་པར་བརྟེན། རྒྱལ་པོ་སྲོང་བཙན་སྒམ་པོས་སྲིད་དབང་གསར་པ་བཙུགས་མ་ཐག་དུ་བཀའ་ཁྲིམས་གཏན་འབེབས་གནངཡོད།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།