ལུག་ཚང་དཔལ་ཡོན་

ཡོང་ཁུངས་Wikipedia

ལུག་ཚང་དཔལ་ཡོན་གྱི་ངོ་སྤྲོད་མདོར་བསྡུས།

ལུག་ཚང་དཔལ་ཡོན་(羊兄乐园)ཞེས་པ་ནི་འཕྲིན་སྟེགས་ཞིག་གི་མིང་ཡིན། དེ་ཡང་ལུག་རིན་པོ་ཆེ་ཟེར་བའི་རིན་པོ་ཆེ་ངོ་མ་མིན་པའི་མིང་འདོགས་ཙམ་ཐོབ་པའི་མི་ཆུང་སྐྱ་བོ་ཞིག་གིས་༢༠༡༣ལོའི་ལོ་སྟོད་དུ་བཟོས་པ་རེད། ཉིན་ལྟར་བོད་ཀྱི་རིག་གནས་དང་དེང་རབས་ཤེས་བྱ་ཕྲན་བུ་ལ་སོགས་པའི་ལེགས་རྩོམ་ཟམ་མི་ཆད་པར་བསྐུར་ཡོང་གི་ཡོད། ལུག་ཚང་དཔལ་ཡོན་ནི་བོད་ཡིག་འཕྲིན་སྟེགས་འཛུགས་མཁན་ནང་ནས་ཐོག་མའི་གྲས་ཡིན། དེ་བས་ད་བར་རྒྱུན་འཁྱོངས་ཐུབ་པ་དང་། ནང་དོན་སྤུས་ལེགས་གང་མང་བསྐུར་ཡོང་མཁན་གྱི་འཕྲིན་སྟེགས་རྩེ་གྲ་ཞིག་རེད།


ལུག་ཚང་དཔལ་ཡོན་གྱི་རྩོམ་སྒྲིག་པ་གངས་རྒྱན་ནས་གསར་བསྒྱུར།

ལུག་ཚང་དཔལ་ཡོན་འཕྲིན་སྟེགས་ནི་བོད་ཡུལ་དུ་སྐད་འཕྲིན་སྤྱོད་མཁན་ཚོས་གྲས་སུ་ཚུད་པའི་རིག་གནས་ནང་དོན་གཙོ་བྱེད་པའི་འཕྲིན་སྟེགས་གལ་ཆེན་ཞིག་ཡིན་ལ། བོད་སྤྱི་ལ་ཕྱོགས་ནས་ཡུལ་ལུང་དང་གྲུབ་མཐའ་སོགས་ཕྱོགས་རེས་སུ་མ་ཚུད་པར་བོད་རང་ས་རང་ཡུལ་གྱི་རིག་གནས་བོད་པ་ཀུན་ལ་ངོ་སྤྲོད་བྱེད་སའི་དྲ་ལམ་རིག་གནས་ཀྱི་སྟེགས་བུ་ཞིག་ཡིན། འཕྲིན་སྟེགས་འདིིའི་མདོ་འཛིན་མཁན་སྐུ་ཞབས་ཡེ་ཤེས་བསྟན་འཛིན་ལགས་ཡིན་ལ། ད་ཆ་བོད་ཀྱི་དྲ་རྒྱའི་རིག་གནས་ལ་འཇུག་བཞིན་པའི་དོན་ཡིག་དོན་དུ་གཉེར་མཁན་སྤྲིན་གྱི་ཕོ་ཉ་དྲ་རྒྱ་ལས་ཤག་ནས་རྩོམ་སྒྲིག་དང་དོ་དམ་གྱི་ལས་སུ་བགྱིས་བཞིན་ཡོད། སྔོན་དང་འདྲ་ན་ལུག་ཚང་དཔལ་ཡོན་གྱིས་བོད་ཀྱི་དམངས་སྲོལ་རིག་གནས་དང་ཆོས་ལུགས་རིག་གནས་སོགས་ལ་དོན་གཉེར་བྱ་བཞིན་ཡོད་ལ། ད་ལྟ་གཞན་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་གྲུབ་འབྲས་ནང་འདྲེན་དང་སློབ་གསོ་སྐྱོང་ལུགས་སོགས་ལ་ནུས་ཤུགས་ཆེན་པོ་དོན་ནས་ཉིན་རེར་ནང་དོན་རྩེ་གྲས་ལྔ་དྲུག་རེ་སྤེལ་བཞིན་ཡོད། ཡང་དེ་ཁྲོད་དུ་བོད་ཀྱི་རྩོམ་པ་པོ་གྲགས་ཅན་དང་མཁས་དབང་སྐད་གྲགས་ཅན་དག་གི་གསུང་རྩོམ་སོགས་རྒྱུན་ཆད་མེད་པར་སྤེལ་ནས་བོད་ཀྱི་བརྡ་འཕྲིན་ཁོར་ཡུག་ལ་ལེགས་འཛོམས་ལེགས་རྒྱས་ཀྱི་ནུས་ཤུགས་འདོན་བཞིན་ཡོད་པ་དང་། གསོ་རིག་དང་རིག་གནས། རྒྱུན་ཤེས་དང་ནུབ་ཕྱོགས་ཆབ་སྲིད་དཔལ་ཡོན། བོད་རང་སའི་བསམ་པའི་འཁྱེར་སོ། ད་དུང་བོད་ཀྱི་མར་དྲི་རྩམ་དྲི་ཡིས་འཐུལ་པའི་གླུ་གཞས་སོགས་ཀྱང་ཉིན་རེར་གཅིག་རེར་འདོན་སྤེལ་བྱེད་བཞིན་ཡོད།


དོ་དམ་པའི་མཆེད་ཞུ།

ཡ་སྔོན་ལུག་ཚང་དཔལ་ཡོན་ལ་སྤྱི་ལ་ཕྱོགས་པའི་འཕྲིན་སྟེགས་དང་དྲ་རྒྱའི་ཚོང་ཁང་། བོད་ལུགས་ཀྱི་ཚོང་རྫས་འགའ་རེ་ཡང་མཆིས་མོད། འོན་ཀྱང་ད་ལྟ་རིམ་བཞིན་འཕྲིན་སྟེགས་དང་གཞུང་ཕྱོགས་དྲ་ཚིགས་གཉིས་མ་གཏོགས་གཞན་གྱི་དྲ་རྒྱ་སྣེ་ཁུངས་མེད། དེ་བས་བོད་པ་ཀུན་ལ་མཆེད་ཞུ་དུ་། གལ་སྲིད་ཅོལ་ཆུང་འགའ་ཡིས་ལུག་ཚང་དཔལ་ཡོན་གྱི་མིང་འཁུར་ནས་ཉོ་སྒྲུབ་སོགས་དང་རིག་གནས་ཐོན་རྫས་འདྲེན་འཕྱུང་སོགས་བྱེད་ན་དེ་ལ་ཡིད་ཆེད་གཏན་ནས་བྱ་མི་དགོས།


ད་ལྟའི་ཁྱབ་རྒྱ།

དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། ད་ལྟ་ལུག་ཚང་དཔལ་ཡོན་ལ་དོ་ཁུར་བྱེད་ཀྱི་མི་གྲངས་བོད་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་བཅུ་ཙམ་ཟིན་ཡོད་ལ། དེ་ཁྲོད་དུ་མང་ཆེ་ཤོས་ནི་བོད་ཡིག་གི་ཆུ་ཚད་ཅུང་ལེགས་པའི་གྲས་དང་ཡང་ལ་བོད་སྐད་ཡིག་རིག་གནས་ལ་ལྷག་བསམ་དཀར་པོ་བཅིངས་ཡོད་པ་དག་རེད།


ལུག་ཚང་དཔལ་ཡོན་གྱི་ཁ་གཡང་།

ལྷག་བསམ། ཤེས་རིག ལ་རྒྱ། ཕུགས་བསམ།


ལུག་ཚང་དཔལ་ཡོན་གྱི་དྲ་རྒྱ།

ལུག་ཚང་དཔལ་ཡོན་གྱི་དྲ་ཚིགས།