Jump to content

ལས་ཐོག་འཐུས་ཤོར་ཟེར་བ་དེ་ག་འདྲ་ཞིག་ཡིན་ནམ་

ཡོང་ཁུངས་Wikipedia

ལས་ཐོག་འཐུས་ཤོར་རམ་རྒྱ་སྐད་དུ་职业暴露ཟེར་བ་དེ་ག་འདྲ་ཞིག་ཡིན་ནམ་

ལས་ཐོག་འཐུས་ཤོར་ཟེར་བའི་ཐ་སྙད་འདི་ཁོ་བོས་གནས་སྐབས་རང་བེད་སྤྱོད་བྱ་བར་ཐད་བསྒྱུར་བྱས་པ་ཙམ་ཡིན་གྱི་ཚིག་མཛོད་སོགས་སུ་ད་དུང་བཀོད་མི་འདུགནང་དོན་ནི་གཙོ་བོ་ཆེད་ལས་སྨན་པ་དང་ཞིབ་འཇུག་པ་སོགས་ཀྱིས་རང་རང་གི་འབྲེལ་ཡོད་ལས་དོན་བསྒྲུབ་པའི་སྐབས་སུ་སྟབས་མ་ལེགས་པའམ་དོགས་ཟོན་གྱིས་མ་འདང་བར་རང་ལུས་ལ་གཞན་ནས་རིམས་ནད་གཞན་པ་འགོ་བའི་ཉེན་ཁ་བྱུང་བར་གོ་དགོས།དེར་རྒྱ་སྐད་ཀྱིས་职业暴露ཟེར་ལ། 职业ཟེར་བ་དེར་ལས་རིགས་ཞེས་བསྒྱུར་འདུག་རུང་སྐབས་འདིར་ལས་ཀ་བྱེད་བཞིན་པའི་སྐབས་སུ་གོ་དགོས་པས་ལས་ཐོག་ཅེས་བསྒྱུར་བ་ཡིན་ཞིང་།暴露ཟེར་བ་ནི་ཕྱིར་མངོན་ནམ་ལྷང་འབུད།ཡང་ན་རྗེན་པར་བུད་པ་སོགས་ཀྱི་དོན་ཡིན་རུང་། འདིར་དོགས་ཟོན་གྱིས་མ་འདང་བས་དམར་རྗེན་དུ་བུད་པའི་དོན་འདུག་པར་སྙམ་པས་གནས་སྐབས་རང་འཐུས་ཤོར་ཞེས་བཏགས་པ་ཙམ་མོ། ། སྤྱིར་རིམས་ནད་རིགས་མང་པོར་ལས་ཐོག་འཐུས་ཤོར་ཟེར་བ་ཡོད་ཀྱང་།སྐབས་འདིར་བཤད་པའི་ལས་ཐོག་འཐུས་ཤོར་ནི་ཨེ་ཛི་འགོག་བཅོས་དང་ཨེ་ནད་ཅན་བདག་སྐྱོང་བྱ་བའི་གོ་རིམ་ཁྲོད་ནས་སྟབས་མ་ལེགས་པར་ཨེ་དུག་ཅན་དང་ཨེ་ནད་ཅན་གྱི་རྨ་ཁའམ་གསང་ལམ་ནས་བྱུང་བའི་ཁྲག་དང་གཤེར་ཁུའི་རིགས་རང་ལུས་ཀྱི་རྨ་ཁ་དང་གས་སྲུབས་སོགས་ཀྱི་ནང་དུ་ཤོར་བར་གོ་དགོས། འོ་ན། ནད་པ་དང་ཁྲག་གཤེར་གྱི་འབྲེལ་བ་ཡོད་སྐབས་ངེས་པར་ཏུ་འགོ་བ་སྲིད་དམ་ཞེ་ན། དེ་ནི། ༡རྨ་ཁ་གཏིང་ཚད། ༢ ཁྲག་གཤེར་གྱི་མང་ཚད། ༣ ནད་དུག་གི་འདུས་ཚད། སོགས་ལ་རག་ལས་པས་ཆ་རྐྱེན་གསུམ་འཛོམས་དགོས།ཆ་རྐྱེན་གསུམ་པོ་འདི་འཛོམས་སོང་ན་ད་གཟོད་འགོ་བ་ལས་ཕྱིའི་སྐྱི་ལྤགས་ལ་ཐུག་ཙམ་གྱིས་འགོ་འགྲོ་བ་ཞིག་མ་ཡིན་པ་ཤེས་དགོས། སྤྱིར་ལས་ཐོག་འཐུས་ཤོར་གྱི་འགོས་ཚད་ནི་བརྒྱ་ཆ་༠་༣༣ཙམ་ཡིན་ལ།དེ་སྔོན་ཉེན་ཞུ་ཐོ་འགོད་བྱས་པའི་མི་༢༧༡༢ལས་གཅིག་ལའང་འགོས་མེད་པར་བཤད་རུང་། མི་སུ་ཡིན་རུང་རང་ལུས་སྲུང་སྐྱོབ་ལ་དོགས་ཟོན་ནན་མོ་བྱ་དགོས།ཆེད་ལས་ཀྱི་སྨན་པ་དང་ཞིབ་འཇུག་པ་སོགས་ཡིན་ན་མ་གཏོགས། དེར་ཆེད་དམིགས་ཀྱི་ཉེན་སྐྱོབ་(保险)ཉོ་རྒྱུ་མེད་ལ།རང་བཞིན་གྱི་ཨེ་འགོག་ཤེས་བྱ་དྲིལ་སྒྲོག་པ་ཞིག་ཡིན་ན་ནི་རྒྱལ་ཁབ་ཀྱིས་དེར་འགན་ལེན་དང་ཉེན་སྐྱོབ་སོགས་ཀྱང་བྱ་བཞིན་མེད་ཕྱིན།ངེས་པར་ཏུ་རང་རྟོགས་ཀྱིས་རང་ལུས་གཅེས་སྲུང་བྱ་དགོས། གལ་ཏེ་སྟབས་མ་ལེགས་པར་ལས་ཐོག་འཐུས་ཤོར་སོང་བ་ཡིན་ན་ཅི་ཞིག་བྱ་དགོས་ཞེ་ན། ༡རྨ་ཁ་དང་ཐག་ཅུང་རིང་བའི་སར་དལ་མོས་མནན་ཏེ་རིམ་བཞིན་ཁྲག་ཕྱིར་ཐོན་དུ་འཇུག་པ། ༢སྦུག་ཆུའི་ཁར་དལ་མོར་ཆུས་བཤལ་དུ་འཇུག་པ་དང་། བཟའ་ཚྭའི་ཚྭ་ཁུས་བཤལ་བ། ༣ཆང་བཅུད་སོགས་ཀྱིས་དུག་སེལ་ལེགས་པོ་བྱེད་པ། ༤ ལས་ཐོག་འཐུས་ཤོར་གྱི་ཚད་མཐོ་དམན་ལ་གཞིག་ནས་ཆུ་ཚོད་༢༤ཡི་ནང་དུ་PEPསྔོན་འགོག་སྨན་བཅོས་བྱ་བ་ཡོད་རུང་།དེ་ནི་ཆེད་ལས་སྨན་པ་དང་ཞིབ་འཇུག་པར་ཁ་ཕྱོགས་པ་ཞིག་ཡིན་ལ། དེའི་གོ་རིམ་ཡང་ཅུང་ཉོག་དྲ་ཅན་ཞིག་ཡིན་པས་དང་པོ་ནས་རང་ཉིད་རང་སྲུང་བྱ་བའི་འདུ་ཤེས་ཡོད་པ་ནི་ཆེས་གལ་ཆེ་བ་ཡིན་པར་སྙམ།