ལས་ཆེན་བཅུ་གཉིས་
མཐོང་རིས་
《བདེ་མཆོག་རྩ་རྒྱུད》ལས། དབང་དང་དགུག་དང་དབྱེ་བ་དང་། །བསད་དང་བསྐྲད་དང་པ་ལ་སོགས་དང་། །རྨྱུགས་དང་རེངས་པར་བྱ་བ་དང་། །རྨོངས་དང་དེ་བཞིན་ཕུར་བུས་གདབ། །ཚིག་འཕྲོག་ལྐུགས་པར་གྱུར་པ་དང་། །འོད་དང་དེ་བཞིན་ལོང་བ་དང་། །མ་ནིང་ཉིད་དུ་བྱ་བ་དང་། །གཟུགས་ནི་ཡོངས་སུ་བརྗེ་བའོ། །ཞེས་སོ། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།