ལས་ཀྱི་རྣམ་གྲངས་བཅོ་ལྔ་
མཐོང་རིས་
དགེ་ལས་སོགས་གསུམ། བསོད་ནམས་ལས་སོགས་གསུམ་དང་མྱོང་འགྱུར་ལས་ལྔ། ཡོན་པོ་སྐྱོན་ཅན་སྙིགས་མའི་ལས་གསུམ། ངོ་བོ་རྣམ་སྨིན་དཀར་སོགས་བཞི། ཐུབ་པའི་ལུས་ངག་ཡིད་ལས་གསུམ། སྒོ་གསུམ་གྱི་གཙང་བྱེད་ལས་གསུམ། ལེགས་སྤྱད་ཉེས་སྤྱོད་ལས་གཉིས། རིགས་པ་རིགས་མིན་གྱིས་བསྐྱེད་པ་དེ་གང་ཡང་མིན་ལས་གསུམ། འཕེན་རྫོགས་ལས་བཞི། ལས་སྒྲིབ་ཉོན་སྒྲིབ་རྣམ་སྨིན་སྒྲིབ་པ་གསུམ། མཚམས་མེད་ལས་ལྔ། ཉེ་བའི་མཚམས་མེད་ལས་ལྔ། སྦྱིན་སོགས་གཞི་གསུམ་དགེ་ལས། བསོད་ནམས་ཐར་པ་ངེས་བྱེད་ཆ་མཐུན་ལས། རིགས་པས་རབ་ཏུ་བཅུག་པའི་སྒོ་གསུམ་གི་ལས་སོ། ། གཞན་ལས་ཀྱི་རྣམ་གྲངས་མང་ཡང་འདིར་འདུའོ། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།