ལས་ཀྱི་མཐའ་མ་ལོག་པ་
མཐོང་རིས་
སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་པའི་འབྱོར་པ་བཅུའི་ནང་ཚན་མཚམས་མེད་ལྔ་བྱས་མ་མྱོང་བ་ཞིག་སྟེ། ཕ་བསད་པ། མ་བསད་པ། དགྲ་བཅོམ་པ་བསད་པ། དགེ་འདུན་གྱི་སྡེ་དཀྲུགས་པ། སངས་རྒྱས་ཀྱི་སྐུ་ལ་གནོད་པ་བྱེད་པ་བཅས་ལྔ་ནི་འཆི་འཕོས་མ་ཐག་ཏུ་དམྱལ་བར་ངེས་པར་དུ་སྐྱེ་བར་འགྱུར་བ་དང་། ཐར་བའི་དུས་ཀྱང་བསྐལ་པ་མང་པོའི་རྗེས་སུ་མ་གཏོགས་ཐར་མི་ཐུབ་པའི་མཚམས་མེད་ཀྱི་ལས་ཡིན་ཅིང་། སྡིག་པའི་ལས་ཀྱི་ནང་ནས་ཚབས་ཆེ་ཤོས་དང་མཐར་ཐུག་པ་ཞིག་ཡིན།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།