ལམ་རིམ་ལྷ་ཁང་
མཐོང་རིས་
སངས་རྒྱས་ཆོས་ལུགས་ཀྱི་བཀའ་གདམས་བརྒྱུད་པའི་བླ་མ་རྣམས་ཀྱི་སྐུ་བརྙན་བཞུགས་པའི་ལྷ་ཁང་ཡིན། འདིའི་དབུས་རྗེ་ཙོང་ཁ་པའི་སྐུ་དང་། དེའི་གཡས་ངོས་སུ་སྟོན་པ་ཐུབ་པའི་དབང་པོ་དང་རྗེ་བཙུན་བྱམས་པ་ནས་ཏཱ་ལའི་བླ་མ་སྐུ་འཕྲེང་ལྔ་པའི་བར་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་སོ་གཉིས་དང་། གཡོན་ངོས་སུ་སྟོན་པ་ཐུབ་པའི་དབང་པོ་དང་རྗེ་བཙུན་འཇམས་དབྱངས་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་བར་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་སོ་བཞི།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།