ལམ་རིམ་པ་གཉིས་
མཐོང་རིས་
གསང་སྔགས་ལ་རྒྱུད་སྡེ་བཞི་སྡེ་བཞི་ཡོད་པའི་ནང་གི་བླ་མེད་ཀྱི་རྒྱུད་ལ་བསྐྱེད་རིམ་དང་རྫོགས་རིམ་གཉིས་ཡོད། བསྐྱེད་རིམ་ནི་སྐུ་གསུམ་ལམ་ཁྱེར་གྱི་གནད་ཚང་བའི་ལྷའི་རྣལ་འབྱོར་བསྒོམ་པ་ཞིག་ལ་ཟེར་ཞིང་། རྫོགས་རིམ་ནི་རང་གི་ལུས་ཀྱི་རླུང་རྣམས་སྙིང་ཁའི་རྩ་དབུ་མའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་བྱུང་བའི་དགའ་བཞིའི་ཡེ་ཤེས་སྐྱེད་པར་བྱེད་པའི་ཐབས་ཤིག་ལ་ཟེར།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།