ལམ་ཐམས་ཅད་ཤེས་པ་ཉིད་
ལམ་ཐམས་ཅད་ཤེས་པ་ཉིད་ནི་ཤེར་ཕྱིན་གྱི་གཞུང་ལུགས་ནང་གི་གནད་དོན་གཙོ་བོ་གཅིག་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས། སངས་རྒྱས་བཅས་པའི་ལམ་གསུམ་ཐམས་ཅད་ལ་མཁས་པའི་ཡེ་ཤེས་ལ་གོ་དགོས། འདི་ནི་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱིས་ཐོབ་པར་བྱ་བའི་ཡེ་ཤེས་ཀྱི་རིགས་གཅིག་ཡིན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་གནད་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་ནོ། །
སྒྲ་བཤད།
[རྩོམ་སྒྲིག]ལམ་ནི་ཐེག་པ་གསུམ་གྱི་ལམ་རྣམས་ལ་ཟེར། ཐམས་ཅད་ཅེས་པས་མ་ལུས་པ་ཐམས་ཅད་ལ་ཟེར། ཤེས་པ་ནི་མཁྱེན་པའམ་རྟོགས་པ་ལ་ཟེར། ཉིད་ཅེས་པས་དངོས་པོའམ་བདག་ཉིད་ལ་ཟེར་བ་ཡིན་ནོ། །
ངེས་ཚིག
[རྩོམ་སྒྲིག]རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གནད་ཀྱི་ཆ་ཤས། ལམ་ཐམས་ཅད་ཤེས་པ་ཉིད་ནི། "རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི་ལམ་ཡོངས་སུ་མ་ཤེས་པར་མ་ཡིན་པས་ལམ་ཤེས་པར་བསྟན་ཏོ། །"[༡]ཞེས་གསུངས་པ་ལྟར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་གནད་ཆེན་པོ་ཞིག་ཡིན་ནོ། ། ལམ་གསུམ་ཐམས་ཅད་ལ་མཁས་པའི་ཡེ་ཤེས་"གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པའི་མངོན་པར་ཞེན་པ་གང་ཞིག་མི་སྦྱོར་བར་གནས་པ་ནི་ཆོས་ཉིད་ལ་གནས་པར་འགྱུར་རོ། །"[༢]ཞེས་པ་ལྟར། ཐེག་པ་གསུམ་གྱི་ལམ་ཐམས་ཅད་ལ་མཁས་པའི་ཤེས་རབ་ཡིན་ནོ། །
ནང་དོན།
[རྩོམ་སྒྲིག]ཉན་ཐོས་ཀྱི་ལམ་ཤེས་པ། "སློབ་དཔོན་སེང་བཟང་གིས་ཚིག་བཅད་དང་པོས་ལམ་ཤེས་ཀྱི་ཡན་ལག་བསྟན་པར་བཤད་པ་ལྟར་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་གང་ཞིག་གཟུགས་ལ་བདེན་ཞེན་གྱིས་མི་གནས་ཤིང་། དེ་བཞིན་དུ་གང་ཞིག་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་སེམས་པ་དང་རྣམ་ཤེས་ལ་བདེན་ཞེན་གྱིས་མི་གནས་སོ། །"[༣]ཞེས་པ་ལྟར། ཉན་ཐོས་ཀྱི་ལམ་གྱི་རྣམ་པ་བཅུ་དྲུག་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་དང་དེའི་རྒྱུ་ངེས་འབྱེད་ཆ་འཐུན་བཞི་པོ་ལ་གོ་དགོས།
རང་རྒྱལ་གྱི་ལམ་ཤེས་པ། "གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་ཞེས་སོགས་ཚིགས་བཅད་ལྔས་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་རྒྱུ་སྦྱོར་ལམ་བཞི་དང་བཅས་པ་སོ་སོར་མ་ཕྱེ་བར་འཆད་"[༤]ཞེས་པ་ལྟར། རང་སངས་རྒྱས་ཀྱི་ལམ་གྱི་རྣམ་པ་དང་དེའི་ཁྱད་པར་དུ་འཕགས་པའི་ཚུལ་ཤེས་པ་ལ་གོ་དགོས།
ཐེག་ཆེན་གྱི་ལམ་ཤེས་པ། "དེ་ནས་ཐེག་ཆེན་གྱི་མཐོང་ལམ་ནི། ཡུམ་གསུམ་ཀ་ན་མདོར་བསྟན་དང་རྒྱས་བཤད་ཀྱི་མདོ་ཚིག་མང་དུ་འབྱུང་ཞིང་། འདིར་ནི་གཟུགས་ནི་ཤེས་རབ་མ་ཡིན་གཟུགས་ལ་ཤེས་རབ་མེད། ཅེས་སོགས་ཚིགས་བཅད་བཞིས་བསྡུས་སོ། །"[༥]ཞེས་པ་ལྟར། ཐེག་པ་ཆེན་པོའི་མཐོང་ལམ་དང་སྒོམ་ལམ། མོས་པ་སྒོམ་ལམ་བཅས་པའི་ཆ་ཤས་ཐམས་ཅད་ཤེས་པ་ལ་གོ་དགོས།
མཚན་ཉིད།
[རྩོམ་སྒྲིག]བདེན་ཞེན་གྱིས་མི་གནས་པའི་ཚུལ། "མཐུན་དཔེ་ཇི་ལྟར་ན་འདྲེན་པ་སངས་རྒྱས་ནི་འདུས་མ་བྱས་ཀྱི་ཁམས་དང་འདུས་བྱས་ཀྱི་ཁམས་ལ་ཡང་བདེན་ཞེན་གྱིས་མི་གནས་ཤིང་། གནས་པ་མེད་པའི་ཚུལ་གྱིས་སྤྱོད་ད་པར་མཛད་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ཡང་དམིགས་པའི་གནས་རྣམས་ལ་ནི་བདེན་ཞེན་གྱིས་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱེད་དོ། །"[༦]ཞེས་པ་ལྟར། དམིགས་པའི་གནས་ཐམས་ཅད་ལ་བདེན་ཞེན་གྱིས་མི་གནས་པའི་ཚུལ་གྱིས་རྟོགས་པ་ལ་གོ་དགོས། སྟོང་པ་ཉིད་ཀྱི་རྟོགས་པ། "སྟོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པ་དེ་དག་དེས་མི་དམིགས་སོ། འདིར་རྟག་པ་ལ་སོགས་པའི་ཆོས་ཀྱི་གཉེན་པོ་མི་རྟག་པ་ལ་སོགས་པའི་རྣམ་པའི་བདེན་པ་བཞིའི་དངོས་པོ་ལ་དམིགས་པ་ཉན་ཐོས་ཀྱི་མཐོང་བའི་ལམ་བསྐྱེད་པས་"[༧]ཞེས་པ་ལྟར། སྟོང་པ་ཉིད་ཀྱི་ངོ་བོ་ལ་རྟོགས་པ་ཡིན་ནོ། །
དབྱེ་བ།
[རྩོམ་སྒྲིག]ལམ་གསུམ་གྱི་དབྱེ་བ། ལམ་ཐམས་ཅད་ཤེས་པ་ཉིད་ལ་ལམ་གསུམ་གྱི་དབྱེ་བ་ཡོད་དེ། "ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པའི་སར་མི་གནས་ཤིང་རྣམ་པ་ཐམས་ཅད་དུ་ཉན་ཐོས་ལ་སོགས་པའི་ཐེག་པ་བསྟན་པའི་རིམ་པས་"[༨]ཞེས་གསུངས་པ་ལྟར། ཉན་ཐོས་ཀྱི་ལམ་ཤེས་པ་དང་། རང་རྒྱལ་གྱི་ལམ་ཤེས་པ། སངས་རྒྱས་ཀྱི་ལམ་ཤེས་པ་གསུམ་དུ་དབྱེ་ནུས། ངེས་འབྱེད་ཆ་འཐུན་གྱི་དབྱེ་བ། "རྟག་དང་མི་རྟག་སོགས་ཚིགས་བཅད་གཉིས་ཀྱིས་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་རྒྱུ་ངེས་འབྱེད་ཆ་འཐུན་བཞི་དང་བཅས་པ་བསྡུས་ནས་སྟོན་"[༩]ཞེས་གསུངས་པ་ལྟར། ངེས་འབྱེད་ཆ་འཐུན་བཞི་དང་ལམ་ལྔའི་དབྱེ་བ་ཞིབ་མོ་ཡོད་དོ། །
ཕན་ཡོན།
[རྩོམ་སྒྲིག]ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་རྒྱུ། "བྱང་ཆུབ་སེམས་དཔའ་མཁས་ཤིང་དོན་རིག་པ་གང་དེ་ལྟར་ཤེས་ཤིང་སྤྱོད་པ་ནི། ཉན་ཐོས་དགྲ་བཅོམ་པའི་ས་ལ་མི་སློབ་ཅིང་རྐྱེན་རྟོག་རང་རྒྱལ་གྱི་ས་ལ་མི་སློབ་པ་མིན་ཞེས་དོན་དུ་མི་གཉེར་ཏེ། ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་ཆེད་དུ་སངས་རྒྱས་ཀྱི་ཆོས་ཀྱི་རྗེས་སུ་སློབ་"[༡༠]ཞེས་གསུངས་པ་ལྟར། ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་རྒྱུ་གཙོ་བོ་ཡིན་ནོ། ། གདུལ་བྱའི་དོན་སྒྲུབ་པའི་ཐབས། "ཤེས་རབ་འབྲིང་གི་སྟོབས་ཀྱིས་ཆོས་ཉིད་ལྷག་པ་མཐོང་བ་ཉིད་ཇི་སྐད་བསྟན་པས་ཁྱད་པར་དུ་འཕགས་པ་དང་ལྡན་ཞིང་ཤེས་བྱའི་སྒྲིབ་པ་བཟུང་བར་རྟོག་པ་ཕྱོགས་གཅིག་སྤོང་བ་"[༡༡]ཞེས་གསུངས་པ་ལྟར། གདུལ་བྱ་སེམས་ཅན་གྱི་དོན་སྒྲུབ་པའི་ཐབས་ཤེས་ཀྱི་རྩ་བ་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས།38
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 38
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ། ཤོག་ངོས། 12a
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤིང་པར། ཤོག་ངོས། 13a
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 14a-14b
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 12b
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 39
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 40
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 12a-12b
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 13b
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 43