ལང་ཚོའི་དཔལ་འབར་བ་
མཐོང་རིས་
གཞོན་ནུ་རྣམས་ཀྱི་སྐྱེ་སྟོབས་ཀྱི་དཔལ་ཡོན་ནི་སུས་ཀྱང་འགོག་ཐབས་བྲལ་བ་ཞིག་ཡིན། མི་ཚེ་གཅིག་ལ་མཚོན་ན་ལང་ཚོའི་དཔལ་ཡོན་རྒྱས་པའི་དུས་ཚོད་ནི་ངེས་ཅན་ཞིག་ལས་མེད། དེའི་རིང་གཟུགས་སྟོབས་ཀྱི་ཁོ་ལག་རྒྱས་ཤིང་ཤེས་རབ་བློ་སྒོ་གསལ་ལ་མྱུར་བའི་དུས་སྐབས་འདིར་ལང་ཚོའི་ཟིལ་མངར་གྱི་ཆུ་སྐྱེས་པདྨ་འདི་ཕྱི་གཙང་ནང་གཙང་དྲི་མས་མ་གོས་པ་ཞིག་དང་འདྲ་བས་དེ་ལ་གཅེས་སྤྲས་ངེས་པར་བྱེད་དགོས་སོ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།