ལག་པའི་འདུ་བྱེད་ཀྱི་སྒྱུ་རྩལ་
མཐོང་རིས་
(ལག་རྩལ)སྤྱིར་རྩལ་ལ་རིགས་མི་འདྲ་བ་ཡོད་ཅིང་། དཔེར་ན་ཡི་གེ་འདྲི་བའི་ལག་རྩལ་ལ་ཆ་བཞག་ན་ཡང་ཐོག་མར་སྦྱང་ཤིང་གི་སྟེང་དུ་འབྲི་བ་དང་། དེ་ནས་ཤོག་བུའི་ཐོག་སྤོས་ནས་འབྲི་བ། དེ་ནས་ཐིག་མེད་པར་འབྲི་བ། སམ་ཊའི་ཐོག་འབྲི་བ། ཡར་ལངས་བཞིན་དུ་འབྲི་བ། འབྲི་གཞི་ཆུང་དུ་མཐེ་བོང་གི་རྒྱ་ཁྱོན་ཙམ་གྱི་ནང་ཡིག་འབྲུ་བརྒྱ་ཙམ་ཤོང་བར་འབྲི་བ་སོགས་པོད་ཀྱི་ཡིག་འབྲིའི་ལག་རྩལ་ལའང་སྣེ་མང་ཡོད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།