ལ་སྟོད་སྤྱི་ཁྱབ་
མཐོང་རིས་
དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་(༡༩༥༤)ལོར་ཤེལ་དཀར་(མངའ་རིས་ཁུལ)རྫོང་སྡོད་སྦྲེལ་པོར་བསྐོ་གཞག་བྱས་ཏེ་ཤེལ་དཀར་དང་། མཁར་རྟ། རོང་ཤར། རྫོང་དགའ། སྐྱིད་གྲོང་། གཉའ་ནང་། ས་དགའ། འབྲོང་པ་བཅས་ཀྱི་ཁྱབ་ཁོངས་འགན་དབང་ལས་དོན་གལ་ཆེའི་རིགས་མ་གཏོགས་དེ་བྱིངས་ཞི་དྲག་གི་སྤྱི་འདོམས་ལ་སྟོད་སྤྱི་ཁྱབ་ནས་ཐག་གཅོད་བྱེད་དགོས།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།